分享按钮

གངས་ལྗོངས་ས་མཐོར་ཕུགས་འདུན་མངོན་འགྱུར་བྱེད།

རང་ལྗོངས་ཀྱིས་ཐབས་མང་མཉམ་སྤྱོད་ཀྱིས་སློབ་ཆེན་སློབ་མའི་ལས་གཏོད་ལ་སྐུལ་འདེད་བཏང་བ།

གངས་ལྗོངས་ས་མཐོར་དབྱར་གྱི་དུས་བཟང་འཆར་ཞིང་།ལོ་གཅིག་དུས་གཅིག་གི་སློབ་ཐོན་དུས་ཚིགས་ཀྱང་དེ་དང་ཆབས་ཅིག་འཆར་ཡོད། གསར་འགོད་པས་རང་ལྗོངས་ཀྱི་ལས་གཏོད་གསོ་སྐྱོང་ལས་སྟེགས་མང་པོ་ཞིག་ལ་འཚམས་འདྲི་བྱས་པ་ལས།ལས་གཏོད་པར་ངར་ཤུགས་ཆེན་པོ་ཡོད་པས་གསོ་སྐྱོང་རྟེན་གཞིར་ཁང་པ་གཅིག་ཀྱང་རག་དཀའ་བ་ཤེས་རྟོགས་བྱུང་ཡོད།ལས་ཞུགས་བྱེད་སྟངས་དང་ཐབས་ལམ་ཉིན་བཞིན་སྣེ་མང་ཅན་དུ་ཕྱིན་ནས་རང་ལྗོངས་ཀྱི་སློབ་ཆེན་སློབ་མ་དེ་བས་མང་བ་ལས་གཏོད་ཀྱི་འགྲན་ལམ་དུ་སྐྱོད་བཞིན་ཡོད།

བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་ལས་གཏོད་གསོ་སྐྱོང་རྟེན་གཞི་8848ལས་གཏོད་ཁུལ་དུ་བོད་རིགས་གཞོན་ནུ་ནོར་ལྷ་ཐུམ་སྒྲིལ་རྒྱག་པ་དང་།སྒམ་ནང་བླུག་པ།ཐོན་རྫས་གཏོང་བ་སོགས་ལས་བྲེལ་ཤིན་ཏུ་ཆེ།ཧྲང་ཧའེ་བཟོ་སྐྲུན་ལག་རྩལ་སློབ་ཆེན་ནས་ཐོན་པའི་ཁོང་ནི་སློབ་གྲྭ་ཐོན་མ་ཐག་ལས་ཞུགས་ལས་གཏོད་ཀྱི་འཐུས་མི་ཞིག་ཏུ་གྱུར་ཡོད།

ནོར་ལྷའི་ཕ་ཡུལ་ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་ཡིན་ཞིང་།ཆ་སྙོམས་ས་བབ་སྨི་4000ཡན་ཡོད་པས།དབྱར་རྩྭ་དགུན་འབུ་ཐོན་ཁུལ་གཙོ་བོའི་གྲས་ཤིག་ཡིན།ནོར་ལྷས་སློབ་ཆེན་འགྲིམ་སྐབས་ངས་ཚོང་ཁང་གི་ཟོག་སྒྲོམ་ཐོག་དབྱར་རྩྭ་དགུན་འབུ་མཐོང་བྱུང་བས་ངས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་ཅེས་བཤད།ནོར་ལྷས་ཁྲོམ་རའི་གནས་ཚུལ་ལ་བརྟག་ཞིབ་དང་དགེ་རྒན་གྱི་སྐུལ་ལྕག་འོག་ཕ་ཡུལ་གྱི་སྤུས་ལེགས་དབྱར་རྩྭ་དགུན་འབུ་ཧྲང་ཧའེ་རུ་འོས་སྦྱོར་བྱས་ནས་བྱ་གཞག་གསར་གཏོད་ཀྱི་ཡོང་འབབ་ཐེངས་དང་པོ་དེ་བླངས།

སློབ་གྲྭ་ནས་ཐོན་རྗེས་ནོར་ལྷ་བོད་དུ་ལོག་ནས་ལས་གཏོད་བྱས།ཁོང་གིས་ངས་ལས་གཏོད་ཀྱི་ཐོག་མའི་བསམ་འདུན་ཧ་ཅང་སྟབས་བདེ་ཡིན།རང་ཉིད་ཀྱིས་འབད་བརྩོན་བྱས་པ་བརྒྱུད་འབྲོག་ཁུལ་གྱི་གདོད་མའི་ལྷད་མེད་ཐོན་རྫས་ས་མཐོ་ནས་ཐོན་རྒྱུའི་རེ་བ་ཡོད་ཅེས་བཤད།ཉེ་བའི་ལོ་ཤས་རིང་ནོར་ལྷས་སྲོལ་རྒྱུན་ཕྱིར་ཚོང་ཕུད་གློག་རྡུལ་ཚོང་དོན་ཐད་གཏོང་ནང་འདྲེན་བྱས་ནས་ཁོང་གི་ཕུགས་འདུན་ཏེ་དབྱར་རྩྭ་དགུན་འབུའི་ཐོན་ལས་ཐད་གཏོང་རྟེན་གཞིར་འཁྱེར་ནས་གྲོང་ཚོའི་ཞིང་འབྲོག་མང་ཚོགས་ཀྱི་དུད་ཚང་བཅུ་ཕྲག་ཁ་ཤས་ཀྱི་ཡོང་འབབ་འཕར་རྒྱུར་སྐུལ་ཁྲིད་བྱས་ཡོད།ན་ནིང་ལས་གཉེར་ཡོང་འབབ་སྒོར་ཁྲི་3000ཙམ་ཟིན་ཡོད།འདི་ལོའི་ཟླ་5ཚེས་15ཉིན་ནས་བཟུང་སྒོར་ཁྲི་800ལས་བརྒལ་ཡོད།

ལས་གཏོད་གསར་གཏོད་ཀྱི་འགྲན་བསྡུར་ཆེན་མོའི་ནང་ཉེན་འགོག་མ་འཇོག་ཐེབས་རྩ་ནང་འདྲེན་བྱས་ནས་སྤུས་ལེགས་ལས་གཏོད་པར་ནུས་ཆེའི་མ་དངུལ་བསྡུ་སྒྲིལ་གྱི་ཐབས་ལམ་མཁོ་འདོན་བྱས་པ།ལས་གཏོད་གསོ་སྦྱོང་རྣམ་གྲངས་ཀྱིས་ཆེད་ལས་ལས་གཏོད་གསོ་སྦྱོང་པ་གདན་དྲངས་ནས་སློབ་ཆེན་སློབ་མར་ཚོང་ལས་ཇུས་འགོད་དང་།ཁྲོམ་རའི་བརྟག་ཞིབ།དཔེ་སྟོན་གཉེར་སྐྱོང་བཅས་བྱ་རྒྱུར་སློབ་ཡོན་མི་དགོས་པར་མཛུབ་ཁྲིད་བྱེད་ཀྱི་ཡོད། སྣེ་ཁྲིད་སྲིད་ཇུས་བཟང་པོ་དང་བུ་རྫིའི་རྣམ་པའི་ལས་གཏོད་ཟུར་ཁྲིད་བྱས་པས་རང་ལྗོངས་འདི་ཉིད་སློབ་ཆེན་སློབ་མའི་ལས་གཏོད་ཀྱི་ས་རྒྱུ་གཤིན་པོ་ཞིག་ཏུ་གྱུར་ཡོད།

བོད་རང་སྐྱོང་ལྗོངས་ལས་ཞུགས་ཞབས་ཞུ་ལྟེ་གནས་ཁྲོམ་ར་དང་ལས་གཏོད་ཞབས་ཞུ་ཁྲུའུ་ཡི་ཁྲུའུ་ཀྲང་ཝང་ཁྲུན་ལིན་གྱིས་སློབ་ཐོན་ལོ་ལྔའི་ནང་མཐོ་སློབ་སློབ་ཐོན་སློབ་མར་ལོ་5ཡི་རོགས་སྐྱོར་དུས་ཚོད་ཡོད།ལས་གཏོད་གསོ་སྐྱོང་རྟེན་གཞིས་གཙོ་གནད་ཐོག་མཐོ་སློབ་སློབ་ཐོན་སློབ་མར་དམིགས་ནས་རིན་མེད་སྤུས་ལེགས་ཀྱི་ལས་གཏོད་ཞབས་ཞུ་སྣ་ཚོགས་སྒྲུབ་ཀྱི་ཡོད་ཅེས་བཤད།

ལྷ་ས་གྲོང་ཁྱེར་གླིང་སྣེ་གསུམ་པའི་དམངས་ཀྱི་ལས་གཏོད་ཁུལ་ནི་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་རིམ་པའི་སློབ་ཆེན་སློབ་མའི་ལས་གཏོད་གསོ་སྐྱོང་གི་ལས་སྟེགས་དང་པོ་དེ་ཡིན་པ་དང་།ལས་གཏོད་ཁུལ་གྱི་གཉེར་སྐྱོང་སྤྱི་ཁྱབ་ལྟ་ཞིབ་པ་བཀྲ་ཤིས་རྒྱ་མཚོས་ངོ་སྤྲོད་བྱས་པར་གཞིགས་ན།མིག་སྔར།ཆ་སྙོམས་ཟླ་རེར་སློབ་ཆེན་སློབ་མ་བརྒྱད་བརྒྱ་དགུ་བརྒྱ་ཙམ་གྱིས་ལས་གཏོད་ཀྱི་ལས་དོན་བློ་འདྲི་བྱེད་ཀྱི་ཡོད་པ་རེད།ལྷ་ས་གྲོང་ཁྱེར་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་གཅིག་འཐུས་རྣམ་པའི་ཞབས་ཞུ་ལྟེ་གནས་ཀྱི་ལས་དོན་པ་ཆོས་འཕེལ་གྱིས་མི་མང་པོ་ཞིག་གིས་སློབ་ཆེན་འགྲིམ་སྐབས་ལས་འགན་གཅིག་ལྕོགས་བྱེད་མྱོང་ལ་ཉམས་མྱོང་ཡང་ཡོད་པས།གསོ་སྐྱོང་རྟེན་གཞིར་ཡོང་སྐབས་བསམ་ཚུལ་ཡོད།སྐྱེ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་དེ་བས་མང་བ་ལས་གཏོད་ཀྱི་རླབས་རྒྱུན་ནང་ཞུགས་བཞིན་ཡོད་ཅེས་བཤད།

(པར་ངོས་གཉིས་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-29 རང་ལྗོངས་ཀྱིས་ཐབས་མང་མཉམ་སྤྱོད་ཀྱིས་སློབ་ཆེན་སློབ་མའི་ལས་གཏོད་ལ་སྐུལ་འདེད་བཏང་བ། 6 6 拉萨日报藏文 c183399.html 1 གངས་ལྗོངས་ས་མཐོར་ཕུགས་འདུན་མངོན་འགྱུར་བྱེད། /enpproperty-->