分享按钮

སྤྱི་སྤྱོད་རླངས་འཁོར་ཨང་གྲངས་33གྱི་ཁ་གྲངས་མང་དུ་བཏང་ནས་རླངས་འཁོར་སྒུག་པའི་དུས་ཚོད་ཐུང་དུ་བཏང་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་6ཚེས་25ཉིན། གྲོང་ཁྱེར་སྤྱི་སྤྱོད་རླངས་འཁོར་གཉེར་སྐྱོང་ཚད་ཡོད་ཀུང་སི་རྔ་ཆེན་ཡན་ལག་ཀུང་སིའི་ཁོངས་གཏོགས་ཀྱི་སྤྱི་སྤྱོད་རླངས་འཁོར་གྱི་ལམ་ཐིག(ཤན་ཁ་གྲོང་ཚོ་ནས་གྲོང་ཁུལ་གྱི་གྲོང་སྐོར་བར)གི་སྐྱེལ་འདྲེན་ནུས་པ་ལེགས་སྒྲིག་དང་རླངས་འཁོར་མང་དུ་བཏང་བ་སོགས་ཀྱི་བྱ་ཐབས་སྤྱད་པ་བརྒྱུད་འགྲུལ་པས་རླངས་འཁོར་སྒུག་པའི་དུས་ཚོད་ཐུང་དུ་བཏང་ཡོད་པ་རེད།

གསར་འགོད་པར་སྤྱི་སྤྱོད་རླངས་འཁོར་ཨང་གྲངས་33གྱི་ཤན་ཁ་གྲོང་ཚོའི་མཐའ་མའི་འབབ་ཚུགས་ནས་སྐར་མ་20རེར་སྤྱི་སྤྱོད་རླངས་འཁོར་ཐེངས་གཅིག་རེ་ཡོང་གི་ཡོད་པ་ཤེས་རྟོགས་བྱུང་བ་རེད། ངོ་སྤྲོད་བྱས་པར་གཞིགས་ན། འབབ་ཚུགས་དེས་ཟླ་6ཚེས་25ཉིན་ནས་བཟུང་དེ་སྔའི་སྤྱི་སྤྱོད་རླངས་འཁོར་4ཡི་རྨང་གཞིའི་ཐོག་འཁོར་སྐྱོད་རླངས་འཁོར་2མང་དུ་བཏང་བ་དང་། ད་ཆ་ཁྱོན་སྤྱི་སྤྱོད་རླངས་འཁོར་6ཡོད་ལ་རླངས་འཁོར་གཏོང་བའི་བར་ཐག་དེ་སྔའི་སྐར་མ་25དང་35བར་ནས་ད་ཆའི་སྐར་མ་20དང་23བར་ཐུང་དུ་ཕྱིན་ཡོད་པ་རེད།

རྔ་ཆེན་ཡན་ལག་ཀུང་སིའི་ཅིང་ལི་བཀྲ་ཤིས་ནོར་བུས་ཤན་ཁ་གྲོང་ཚོའི་གྲོང་མི་ཕྱིར་སྐྱོད་དཀའ་བའི་གནད་དོན་ལ་ཀུང་སིས་དབྱེ་ཞིབ་བྱས་པ་ཡིན།དེ་སྔ་སྤྱི་སྤྱོད་རླངས་འཁོར་4ཡིས་ཤན་ཁ་གྲོང་ཚོའི་མང་ཚོགས་ཀྱི་ཕྱིར་སྐྱོད་ཀྱི་དགོས་མཁོ་སྐོང་ཐུབ་ཀྱི་མེད། ཤན་ཁ་གྲོང་ཚོའི་མང་ཚོགས་ཕྱིར་སྐྱོད་དཀའ་བའི་གནད་དོན་ནུས་ལྡན་ངང་ཞི་ལྷོད་དུ་གཏོང་བ་དང་།སྤྱི་སྤྱོད་རླངས་འཁོར་གྱི་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ། གྲོང་མིའི་ཕྱིར་སྐྱོད་སྟབས་བདེ་རུ་གཏོང་བ་བཅས་བྱ་ཆེད། ཟླ་6ཚེས་25ཉིན་ནས་བཟུང་ཀུང་སིས་འཁོར་སྐྱོད་རླངས་འཁོར་2མང་དུ་བཏང་ནས་ཤན་ཁ་གྲོང་ཚོའི་སྐྱེལ་འདྲེན་ནུས་པ་མི་འདང་བའི་གནད་དོན་ཐག་གཅོད་བྱས་ཡོད་ཅེས་བཤད།

གསར་འགོད་པ་སྤྱི་སྤྱོད་རླངས་འཁོར་ཨང་གྲངས་33ལ་བསྡད་དེ་ཤན་ཁ་གྲོང་ཚོ་ནས་གྲོང་ཁུལ་དུ་སྐྱོད་སྐབས་འགྲུལ་པ་རྒྱུན་ཆད་མེད་པར་རླངས་འཁོར་ནང་དུ་འཛུལ་བཞིན་ཡོད་པ་ཤེས་རྟོགས་བྱུང་བ་རེད། འགྲུལ་པ་ཁག་གཅིག་གིས་རང་ཉིད་ཉིན་ལྟར་སྤྱི་སྤྱོད་རླངས་འཁོར་ཨང་གྲངས་33གྲངས་ལ་བསྡད་ནས་གྲོང་ཁུལ་དུ་འགྲོ་བཞིན་ཡོད།ཡིན་ནའང་རླངས་འཁོར་ཨང་གྲངས་33དེ་ཆུ་ཚོད་ཕྱེད་ཀ་ཙམ་སྒུག་དགོས་ཀྱི་ཡོད། དེ་རིང་སྐར་མ་20སྒུག་པས་སྤྱི་སྤྱོད་རླངས་འཁོར་སླེབས་བྱུང་། རླངས་འཁོར་མང་དུ་བཏང་བ་དེས་ཤན་ཁ་གྲོང་ཚོའི་མང་ཚོགས་འགྲོ་འོང་བྱེད་པར་སྟབས་བདེ་ཆེན་པོ་བསྐྲུན་འདུག་ཅེས་བཤད།

སྤྱི་སྤྱོད་རླངས་འཁོར་ཨང་གྲངས་33གཏོང་མཁན་གྱི་ཁ་ལོ་བ་ཧོང་ཝུན་ཚའེ་ཡིས་ང་ནི་ཁ་སང་ནས་བཟུང་སྤྱི་སྤྱོད་རླངས་འཁོར་ཨང་གྲངས་36ནས་སྤྱི་སྤྱོད་རླངས་འཁོར་ཨང་གྲངས་33གཏོང་བར་བཏང་བྱུང་། འདི་གར་ད་ཆ་སྤྱི་སྤྱོད་རླངས་འཁོར་ཨང་གྲངས་33ཁྱོན་6ཡོད་པ་དང་། རླངས་འཁོར་1གིས་ཉིན་གཅིག་ལ་ཐེངས་7རྒྱུག་དགོས་པ། ཐེངས་གཅིག་ལ་སྐར་མ་110འགོར་གྱི་ཡོད། སྤྱི་སྤྱོད་རླངས་འཁོར་1གི་ཉིན་རེར་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་ཆ་སྙོམས་མི་གྲངས་200ལྷག་ཙམ་ཟིན་གྱི་ཡོད་ཅེས་བཤད།

ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོའི་ཟླ་7པའི་ཟླ་མཇུག་ཏུ་སྤྱི་སྤྱོད་རླངས་འཁོར་གྱི་ལམ་ཐིག་གི་གཅིག་སྡུད་རྣམ་པའི་ལེགས་སྒྲིག་བྱེད་པའི་ལས་དོན་ཁག་བཞི་པ་སྤེལ་རྒྱུ་ཡིན་པ་དང་། གྲོང་ཤར་ཁུལ་གྱི་སྤྱི་སྤྱོད་རླངས་འཁོར་གྱི་ལམ་ཐིག་ལ་གཅིག་སྡུད་རྣམ་པའི་ལེགས་སྒྲིག་བྱ་རྒྱུ་ཡིན་པ་རེད། སྐབས་དེ་དུས་འགྲུལ་རྒྱུན་གྱི་གནས་ཚུལ་དངོས་ལ་གཞིགས་ནས་ལམ་ཐིག་གཞན་དག་ལེགས་སྒྲིག་བྱ་རྒྱུ་དང་ལེགས་སྒྲིག་བྱས་རྗེས་ཀྱི་རླངས་འཁོར་ལྷག་མ་དག་སླར་ཡང་ཨང་གྲངས་33ལ་ཁ་སྣོན་བྱ་རྒྱུ་དང་།ཚན་རིག་དང་མཐུན་པའི་ངང་སྐྱེལ་འདྲེན་བྱེད་ཤུགས་ལེགས་སྒྲིག་བྱས་ནས་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་རྒྱུ་ཡིན་པ་རེད།

(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-28 6 6 拉萨日报藏文 c183394.html 1 སྤྱི་སྤྱོད་རླངས་འཁོར་ཨང་གྲངས་33གྱི་ཁ་གྲངས་མང་དུ་བཏང་ནས་རླངས་འཁོར་སྒུག་པའི་དུས་ཚོད་ཐུང་དུ་བཏང་བ། /enpproperty-->