分享按钮

ལྷ་ས་གྲོང་ཁྱེར་གྱི་ནགས་ལས་དང་རྩྭ་ཐང་ལས་རིགས་ཀྱི་ཤེས་ལྡན་མི་སྣའི་ལས་སྒོའི་ནུས་པ་མཐོ་རུ་གཏོང་བའི་གསོ་སྦྱོང་འཛིན་གྲྭ་པེ་ཅིང་དུ་གཉེར་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་6ཚེས་11ནས་ཚེས་20ཉིན་བར་པེ་ཅིང་བོད་སྐྱོར་བཀོད་འདོམས་པུའུ་དང་ལྷ་ས་གྲོང་ཨུད་རྩ་འཛུགས་པུའི་རྒྱབ་སྐྱོར་འོག་ལྷ་ས་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་རྫོང(ཆུས)ཁག་དང་བྱེད་ནུས་གླིང་ཁུལ་ཁག་གི་ནགས་ལས་དང་རྩྭ་ཐང་ཁོངས་གཏོགས་ཀྱི་ལས་དོན་མི་སྣ་ཁྱོན་25སྒྲིག་འཛུགས་བྱས་ནས་པེ་ཅིང་དུ་དུས་ཡུན་ཉིན་10ཡི་2024ལོའི་ལྷ་ས་གྲོང་ཁྱེར་གྱི་ནགས་ལས་དང་རྩྭ་ཐང་ལས་རིགས་ཀྱི་ཤེས་ལྡན་མི་སྣའི་ལས་སྒོའི་ནུས་པ་མཐོ་རུ་གཏོང་བའི་གསོ་སྦྱོང་འཛིན་གྲྭ་གཉེར་བ་རེད།

ད་ཐེངས་ཀྱི་གསོ་སྦྱོང་ནང་རིགས་པའི་གཞུང་ལུགས་སློབ་ཁྲིད་དང་། ཡུལ་དངོས་ཀྱི་ལྟ་སྐུལ། ཞིབ་བསྡུར་སྤེལ་རེས་བཅས་གཞི་གཅིག་ཅན་གྱི་སློབ་ཁྲིད་བྱེད་སྟངས་སྤྱད་ཡོད་པ་རེད། གསོ་སྦྱོང་འཛིན་གྲྭར་ཞི་ཅིན་ཕིང་གི་འབྱུང་ཁམས་ཤེས་དཔལ་གྱི་དགོངས་པ་དང་། ནགས་ལས་དང་རྩྭ་ཐང་ཐོན་ཁུངས་ཀྱི་དོ་དམ། ནགས་ལས་དང་ཤིང་སོན་འདེབས་འཛུགས་ཀྱི་དོ་དམ་ལག་རྩལ། གནོད་ལྡན་སྐྱེ་དངོས་སྔོན་འགོག་ཚོད་འཛིན་སོགས་ཀྱི་སློབ་ཚན་བཀོད་སྒྲིག་བྱས་ཡོད། བརྒྱུད་རིམ་ལྡན་པའི་སློབ་སྦྱོང་བྱས་པ་བརྒྱུད་སློབ་མ་ཚོས་ཞི་ཅིན་ཕིང་གི་འབྱུང་ཁམས་ཤེས་དཔལ་གྱི་དགོངས་པར་གོ་བ་ལེན་ཚད་གཏིང་ཟབ་ཏུ་ཕྱིན་པ་དང་། ཆེད་ལས་ཀྱི་ཤེས་བྱ་ཕུན་སུམ་ཚོགས་སུ་ཕྱིན་པ། ལག་རྩལ་གྱི་ནུས་པ་མཐོ་རུ་ཕྱིན་པ་བཅས་བྱུང་ཡོད།

གསོ་སྦྱོང་བྱེད་རིང་སློབ་མ་ཚོས་ད་དུང་པེ་ཅིང་གྲོང་ཁྱེར་ཞིང་ལས་དང་ནགས་ལས་ཚན་རིག་ཁང་ནགས་ལས་འབྲས་ཤིང་ཞིབ་འཇུག་སུའོ་དང་། པ་ཏ་ལིང་ཤིང་རྭ། པེ་ཅིང་གྲོང་ཁྱེར་སྐྱེ་ཚལ་སྔོ་འགྱུར་ཅུས་ཀྱི་གྲངས་གཞིའི་ལྟེ་གནས་བཅས་ལ་ཡུལ་དངོས་སུ་ལྟ་སྐོར་བྱས་པ་བརྒྱུད་དཔལ་འབྱོར་ནགས་ཚལ་འཕེལ་རྒྱས་ཀྱི་འཕེལ་རིམ་གསར་ཤོས་དང་། ནགས་ལས་དང་རྩྭ་ཐང་མེ་ཟོན་གྱི་སྔོན་ཐོན་ཉམས་མྱོང་། གྲངས་གཞིའི་དཔལ་འབྱོར་དང་རིག་ལྡན་ནགས་ལས་དང་རྩྭ་ཐང་གི་གྲུབ་འབྲས་གསར་ཤོས་བཅས་ཤེས་རྟོགས་བྱུང་ནས་མཐོང་རྒྱ་ཆེ་རུ་ཕྱིན་པར་མ་ཟད། གསར་གཏོད་ཀྱི་འདུ་ཤེས་ཀྱང་ཟབ་ཏུ་ཕྱིན་ཡོད་པ་རེད།

གསོ་སྦྱོང་བྱེད་རིང་སློབ་མ་དང་སློབ་ཁྲིད་དགེ་རྒན་གྱིས་སློབ་ཁྲིད་ཀྱི་ནང་དོན་དང་ལས་ཀའི་ཁྲོད་ཀྱི་དཀའ་གནད་ལ་དམིགས་ནས་ཕན་ཚུན་སྤེལ་རེས་ཧུར་ཐག་བྱས་པ་དང་སྦྲགས།འབྲེལ་ཡོད་ཚན་པའི་རིཊ་གཅིག་མཁས་ཅན་དང་འབྲེལ་བ་བཙུགས་ནས་རྗེས་མཐུད་ཀྱི་ལག་རྩལ་སྤེལ་རེས་དང་མཉམ་ལས་ལ་རྨང་གཞི་བཏིང་ཡོད་པ་རེད།

ད་ཐེངས་ཀྱི་གསོ་སྦྱོང་ལས་སློབ་མ་ཚོའི་ཤེས་རྒྱ་ཆེ་རུ་ཕྱིན་པ་དང་། མཐོང་རྒྱ་ཆེ་རུ་ཕྱིན་པ། བསམ་ཕྱོགས་རྒྱ་ཆེར་ཕྱིན་པ། འཐབ་རྩོད་ཀྱི་སྙིང་སྟོབས་ཆེ་རུ་ཕྱིན་པ། ཆབ་སྲིད་ཀྱི་བྱང་ཚད་དང་། ལས་སྒོའི་བྱང་ཚད། འགན་འཁྲི་སྒྲུབ་པའི་ནུས་པ་བཅས་སྔར་བས་ཆེ་རུ་ཕྱིན་ནས་ལྷ་སའི་ནགས་ལས་དང་རྩྭ་ཐང་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་རྒྱུན་མཐུད་འཕེལ་རྒྱས་ལ་རིག་སྟོབས་ཀྱི་འདེགས་སྐྱོར་བྱས་ཡོད།

(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-28 6 6 拉萨日报藏文 c183395.html 1 ལྷ་ས་གྲོང་ཁྱེར་གྱི་ནགས་ལས་དང་རྩྭ་ཐང་ལས་རིགས་ཀྱི་ཤེས་ལྡན་མི་སྣའི་ལས་སྒོའི་ནུས་པ་མཐོ་རུ་གཏོང་བའི་གསོ་སྦྱོང་འཛིན་གྲྭ་པེ་ཅིང་དུ་གཉེར་བ། /enpproperty-->