(པར་ངོས་དང་པོར་མཐུད)ལྷ་སར་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། ཁོང་གིས་ལེགས་ཆའི་གཏེར་ལས་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་ནི་ལྷ་ས་གཙོ་གནད་ཐོག་འཕེལ་རྒྱས་གཏོང་བའི་བཟོ་ལས་ཐོན་ལས་རིགས་བརྒྱད་ཀྱི་གྲས་ཤིག་ཡིན་ལ་ཐོན་ལས་སྟོབས་ཆེན་གྱི་གྲོང་ཁྱེར་མངོན་འགྱུར་ཡོང་བའི་འདེགས་སྐྱོར་གལ་ཆེན་ཞིག་ཀྱང་ཡིན། ཉེ་བའི་ལོ་ཤས་རིང་ཀྲུང་གོ་གསེར་ལས་ཚོགས་པས་ལྷ་སའི་འཐབ་ཇུས་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས་གཏེར་ཁའི་ཐོན་ཁུངས་གསར་སྤེལ་དང་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་སོགས་ཐད་མུ་མཐུད་འབད་འཐབ་བྱས་ཏེ་ལྷ་སའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད། ཀྲུང་གོ་གསེར་ལས་ཚོགས་པས་ཐོན་སྐྱེད་བདེ་འཇགས་དོ་དམ་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་བདེ་འཇགས་ལྟ་སྐུལ་དོ་དམ་ཚད་ལྡན་ཅན་དུ་འགྱུར་བར་སྐུལ་འདེད་བཏང་ནས་མི་མངོན་པའི་རྐྱེན་ངན་གྱི་ལས་འཛོལ་མ་བྱུང་གོང་ནས་བསལ་ཏེ་ཐོན་སྐྱེད་བདེ་འཇགས་ཀྱི་དམར་ཐིག་དེ་མཐའ་གཅིག་ཏུ་སྲུང་དགོས་པ་དང་། སྔར་ལས་ལྷག་པའི་སྒོ་ནས་ལྗང་མདོག་གཏེར་རི་འཛུཊ་སྐྲུན་ལ་སྐུལ་འདེད་བཏང་ནས་ཐོན་ཁུངས་ཕྱོཊ་བསྡུས་བེད་སྤྱོད་ཀྱི་ལས་ཆོད་ཆེ་རུ་ཤུགས་ཆེན་བཏང་ནས་ནུས་ཤུགས་ཡོད་རྒུས་གཏེར་རིའི་འབྱུང་ཁམས་ཉམས་གསོ་བཅོས་སྐྱོང་ལ་དམ་འཛིན་ཡག་པོ་བྱས་ཏེ་འབྱུང་ཁམས་ཀྱི་ཕན་འབྲས་དང་། སྤྱི་ཚོཊ་ཀྱི་ཕན་འབྲས།དཔལ་འབྱོར་གྱི་ཕན་འབྲས་བཅས་དུས་མཉམ་དུ་ཆེ་རུ་གཏོང་དགོས་པ། གཙོ་གནད་ཁྱབ་ཁོངས་ཀྱི་མཉམ་ལས་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་། ལྷ་སའི་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་སུ་བཏང་ནས་ཞི་མཐུན་ཁེ་ལས་དང་ས་གནས་ཀྱི་འབྲེལ་བ་ཧུར་ཐག་བཙུགས་ཏེ་ལྷ་སའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་བས་རོགས་རམ་བྱེད་དགོས་པའི་རེ་བ་བཏོན་པ་དང་། གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་སྔར་བཞིན་ཞབས་ཞུ་ཡག་པོ་མཁོ་འདོན་དང་ཁོར་ཡུག་རྩེ་གྲ་གཏོད་ནས་ཕྱོགས་གཉིས་པོའི་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་དེ་བས་མང་བ་ཐོབ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།
ཅང་ལེང་ཡིའུ་ཡིས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་དུས་ཡུན་རིང་པོའི་ནང་ཀྲུང་གོ་གསེར་ལས་ཚོགས་པས་ལྷ་སའི་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས་ལྷ་སའི་ཉེ་བའི་ལོ་ཤས་རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ལ་བཀྲ་ཤིས་བདེ་ལེགས་ཞུས་པ་རེད།ཁོང་གིས་ཀྲུང་གོ་གསེར་ལས་ཚོགས་པས་བློ་བརྟན་འགྱུར་མེད་ངང་ཁེ་ལས་དང་ས་གནས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་མ་འཇོག་གི་གཞི་ཁྱོན་སྔར་བས་ཆེ་རུ་གཏོང་བ།ལས་སྒོའི་བཀོད་པ་རྒྱ་ཆེར་བཏང་ནས་ཁེ་ལས་ཆ་འཕྲིན་ཅན་འཛུགས་སྐྱོང་དང་གྲངས་གཞི་ཅན་གྱི་ཕྱོགས་སྒྱུར་ལ་སྐུལ་འདེད་མགྱོགས་སུ་བཏང་སྟེ་ལྷ་སའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་སྟོབས་ཤུཊ་དེ་བས་མང་བ་ལེགས་སྐྱེས་སུ་ཧུར་ཐག་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།
ཀྲུང་གོ་གསེར་ལས་ཚོགས་པའི་ཀོན་ཧྲི་ལེང་དང་ཕུའུ་ཡོན་ཧུའེ། གྲོང་ཁྱེར་ཐད་གཏོགས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།
(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社