分享按钮

གྲོང་ཁྱེར་མང་ཚོགས་ཚོགས་པའི་སྡེ་ཚན་གྱིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ཆེད་དོན་བགྲོ་གླེང་ཚོགས་འདུ་འཚོགས་པ་དང་གྲོང་ཨུད་ཀྱི་ཁག་བགོས་འགོ་ཁྲིད་ཀྱིས་ཏང་གི་སློབ་ཚན་འཁྲིད་པའི་བྱེད་སྒོ་སྤེལ་བ།

གྲོང་ཁྱེར་མང་ཚོགས་ཚོགས་པའི་སྡེ་ཚན་གྱིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ཆེད་དོན་བགྲོ་གླེང་ཚོགས་འདུ་འཚོགས་པ་དང་གྲོང་ཨུད་ཀྱི་ཁག་བགོས་འགོ་ཁྲིད་ཀྱིས་ཏང་གི་སློབ་ཚན་འཁྲིད་པའི་བྱེད་སྒོ་སྤེལ་བ།

(པར་ངོས་དང་པོར་མཐུད)མང་ཚོཊ་ཚོཊ་པའི་རྩ་འཛུཊ་7གྱི་འཐུས་མི་ཚོས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོར་དམིཊ་ནས་གཏམ་བཤད་སྤེལ་རེས་གནང་བ་དང་། མཇུག་ཏུ་ཀྲའོ་ཧུའེ་ཉན་གྱིས་རང་ཉིད་ཀྱི་བརྒྱུད་རིམ་དང་། མང་ཚོཊ་ཚོཊ་པའི་རྩ་འཛུཊ་ཀྱི་ལས་དོན་དངོས། ལས་བྱེད་པའི་སྒྲིག་འགལ་དཔེ་མཚོན་བཅས་དང་ཟུང་འབྲེལ་བྱས་ནས་ཚོཊ་འདུར་ཞུཊ་མཁན་ལ་ཏང་གི་སློབ་ཚན་ཁྲིད་གནང་བ་རེད།

ཀྲའོ་ཧུའེ་ཉན་གྱིས་མང་ཚོགས་ཚོགས་པའི་རྩ་འཛུཊ་འདི་ཉིད་ཏང་དང་མང་ཚོགས་དབར་གྱི་འབྲེལ་ཟམ་ལྟ་བུ་ཞིག་ཡིན་པའི་ངོས་ནས་མང་ཚོགས་ཀྱི་ལས་དོན་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱེད་བཞིན་ཡོད། རིམ་ཁག་སྡེ་ཚན་གྱིས་མུ་མཐུད་ཟུར་ལྟས་ལེབ་མཐོང་དང་རྒྱུན་འཁྱོངས་ལྷོད་མེད་ཀྱིས་སློབ་སྦྱོང་ལ་ཤུགས་སྣོན་རྒྱག་དགོས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་གོ་སྐབས་སུ་བྱས་ཏེ《སྲོལ་ཡིག》དང་བསྡུར་བ་བཏང་ནས་སློབ་སྦྱོང་དང་། གནད་དོན་ལ་བརྟེན་ནས་སློབ་སྦྱོང་། ཤེས་དད་སྦྱོར་གསུམ་གཅིག་གྱུར་གྱིས་སློབ་སྦྱོང་བཅས་བྱས་ཏེ་སྒྲིག་ཁྲིམས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་ཏང་གཤིས་བློ་སྦྱོང་མཐོ་རུ་གཏོང་རྒྱུ་དེ་འཚོ་བ་དང་ལས་ཀའི་ཕྱོཊ་གང་ཅིའི་ཐད་དང་བརྒྱུད་རིམ་ཧྲིལ་པོར་དོན་འཁྱོལ་ཏན་ཏིག་བྱེད་དགོས་པ་བསྟན་ཡོད།

ཁོང་གིས་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་ཏང་གི་སྒྲིག་ལམ་དང་ཏང་གི་སྒྲིག་ཁྲིམས་བློ་ལ་བརྟན་པོར་ངེས་དགོས་པ་དང་། ཏང་གཤིས་སྦྱོང་བརྡར་བྱེད་ཤུགས་ཆེ་རུ་བཏང་ནས་ཕུགས་བསམ་དང་དད་སེམས་བརྟན་པོ་ཡོང་བར་བྱེད་དགོས་པ། དབང་ཆ་སྤྱོད་པའི་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་ཁྲིམས་ལྟར་ལས་དོན་སྒྲུབ་དགོས་པ། རང་གཅུན་བྱེད་ཤུགས་ཆེ་རུ་བཏང་ནས་གཞུང་དྲང་སྤྱོད་གཙང་ཡོང་བར་བྱེད་དགོས་པ། ཏང་ལ་དོ་དམ་དང་ཏང་སྐྱོང་བར་ཤུགས་སྣོན་བརྒྱབ་སྟེ་ཕྱོགས་ཁག་གི་འགན་འཁྲི་ནན་དུ་གཏོང་དགོས་པ། སླད་ཕྱིན་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་བྱེད་སྒོའི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དང་གཏིང་ཟབ་ཏུ་བཏང་སྟེ《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》ལ་སློབ་སྦྱོང་བྱ་རྒྱུ་དེ་དད་སེམས་བརྟན་དུ་གཏོང་བ་དང་། ཏང་གཤིས་ལ་སྦྱང་བརྡར། ལག་ལེན་ལ་མཛུབ་སྟོན། འཕེལ་རྒྱས་ལ་སྐུལ་འདེད་བཅས་གཏོང་བའི་བྱ་ཐབས་གལ་ཆེན་དང་སྟོབས་ཤུགས་ཆེན་པོ་ཞིག་ཏུ་བརྩིས་ཐོག་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་སྤྲོ་སེམས་དང་གསོན་ཤུགས་དེ་སྒྲིག་ཁྲིམས་ལ་བརྩི་འཇོག་དང་སྒྲིག་ཁྲིམས་ལ་གུས་བཀུར་བྱེད་པའི་རང་རྟོཊ་སུ་བསྒྱུར་བ་དང་། རང་གི་བསམ་སྤྱོད་ཐད་ལ་གཅུན་སྡོམ་དང་བཀའ་རྒྱ་ལག་བསྟར་བྱེད་པའི་གཏམ་སྤྱོད་ཀྱི་ཚད་གཞིར་བསྒྱུར་བ་དང་། དར་སྲོལ་ཡོ་བསྲང་དང་འབྱུང་ཁམས་གཙང་འགྱུར་གྱི་བྱ་སྤྱོད་དངོས་ལ་བསྒྱུར་བ། འགན་འཁྲི་འཁུར་བར་སྐུལ་མ་གཏོང་བ་དང་ལས་སྒྲུབ་ལས་གཏོད་བྱེད་པའི་སྒུལ་ཤུཊ་ཆེན་པོ་ཞིག་ཏུ་བསྒྱུར་བ་བཅས་བྱས་ཏེ། མང་ཚོཊ་ཚོགས་པའི་རྩ་འཛུཊ་ཀྱིས་མང་ཚོགས་དང་འབྲེལ་གཏུག་བྱེད་པའི་འབྲེལ་ཟམ་པ་དང་འབྲེལ་ཐག་གི་ནུས་པ་འདོན་སྤེལ་བྱེད་དགོས་ཞེས་བླང་བྱ་བཏོན་ཡོད།(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-28 6 6 拉萨日报藏文 c183392.html 1 གྲོང་ཁྱེར་མང་ཚོགས་ཚོགས་པའི་སྡེ་ཚན་གྱིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ཆེད་དོན་བགྲོ་གླེང་ཚོགས་འདུ་འཚོགས་པ་དང་གྲོང་ཨུད་ཀྱི་ཁག་བགོས་འགོ་ཁྲིད་ཀྱིས་ཏང་གི་སློབ་ཚན་འཁྲིད་པའི་བྱེད་སྒོ་སྤེལ་བ། /enpproperty-->