分享按钮

དུས་ཐེངས་གཉིས་པའི་བོད་སྐད་ཡིག(དམའ་རིམ) གསོ་སྦྱོང་འཛིན་གྲྭ་སློབ་འགོ་ཚུགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར་གྲོང་ཨུད་རྩ་འཛུགས་པུས་གཙོ་གཉེར་དང་གྲོང་ཁྱེར་བོད་སྐད་ཡིག་ཨུ་ལྷན་གཞུང་དོན་ཁང(རྩོམ་སྒྱུར་ཅུས)གིས་སྒྲུབ་འགན་འཁུར་བའི་དུས་ཡུན་ཉིན་ལྔའི་ལྷ་ས་གྲོང་ཁྱེར་གྱི་ལས་བྱེད་པ་དང་ལས་བཟོ་བའི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་བྱང་ཚད་མཐོ་རུ་གཏོང་བ་དང་དུས་ཐེངས་གཉིས་པའི་བོད་སྐད་ཡིག(དམའ་རིམ)གསོ་སྦྱོང་འཛིན་གྲྭ་སློབ་འགོ་ཚུགས་པ་རེད། རྫོང(ཆུས)ཁག་དང་། ཤང་གྲོང་(ཁྲོམ་གཞུང)དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་དོན་མི་སྣ། བོད་སྐྱོར་ལས་བྱེད་པ། དེ་བཞིན་གཞི་རིམ་ལས་དོན་པ་སོགས་ཁྱོན་མི་60ལྷག་ཙམ་གསོ་སྦྱོང་ནང་ཞུགས་ཡོད་པ་རེད།

སློབ་འགོ་ཚུགས་པའི་མཛད་སྒོར་རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི(རང་སྐྱོང་ལྗོངས་སྲིད་འཛིན་སློབ་གླིང)དགེ་རྒན་ཚེ་རིང་ལྷ་མཚོ་གདན་དྲངས་ནས་སློབ་འཁྲིད་གནང་བ་རེད། ཚེ་རིང་ལྷ་མཚོས“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་རྒྱུ”ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས་སློབ་མ་ཚོར་བོད་སྐད་ཡིག་འདི་ཉིད་གཞི་རིམ་དུ་ལས་ཀ་བྱེད་པར་སྤྱོད་མཁོ་ཆེ་བའི་རང་བཞིན་དང་བོད་སྐད་ཡིག་སློབ་སྦྱོང་བྱེད་པའི་དགོས་ངེས་རང་བཞིན་གསལ་བཤད་བྱས་པས་ཡུལ་དངོས་སུ་སློབ་སྦྱོང་བྱེད་པའི་རྣམ་པ་ཟབ་མོ་བྱུང་ཡོད།

ད་ཐེངས་ཀྱི་གསོ་སྦྱོང་ནང་སློབ་མ་ཚོར་བོད་སྐད་ཡིག་སློབ་སྦྱོང་བྱེད་པའི་སློབ་དེབ་དང་། བོད་ཡིག་འཕེལ་རྒྱས་ཀྱི་ལོ་རྒྱུས་མདོར་བསྡུས་དང་། གསལ་བྱེད་30 རྒྱུན་གཏན་གྱི་ལས་ཀ་དང་འཚོ་བའི་ཐ་སྙད། ཞེ་སའི་ཐ་སྙད། སྲིད་ཇུས་དང་རིཊ་པའི་གཞུང་ལུགས་ཀྱི་ཐ་སྙད་སོགས་ཐད་ཀྱི་ནང་དོན་སློབ་སྦྱོང་བྱ་རྒྱུ་ཚུད་ཡོད་པ་རེད། གསོ་སྦྱོང་ནང་གཅིག་སྡུད་སློབ་སྦྱོང་དང་། ཆེད་དོན་ཟུར་ཁྲིད། ཡུལ་དངོས་ཀྱི་སློབ་ཁྲིད། ཡུལ་དངོས་སུ་ལྟ་སྐོར། མི་སྒེར་གྱི་རང་སྦྱོང་སོཊ་ཀྱི་རྣམ་པའི་ཐོག་ནས་སློབ་སྦྱོང་གི་སྤྲོ་སྣང་ཆེ་རུ་ཕྱིན་པ་དང་སློབ་མ་ཚོས་བོད་སྐད་ཡིག་སློབ་སྦྱོང་བྱེད་པའི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་སྐུལ་སློང་བྱས་ནས་སློབ་མ་ཚང་མས་སློབ་སྦྱོང་བྱས་པ་སྤྱོད་རྒྱུ་ཡོད་པ་དང་སློབ་སྦྱོང་བྱས་པར་ཕན་ཐོགས་ཡོད་པའི་འགན་ལེན་བྱས་ཡོད་པ་རེད།

ལྷུན་གྲུབ་རྫོང་ཕུ་མདོ་ཤང་སྟག་ལུང་གྲོང་ཚོའི་ཧྲུའུ་ཅི་དང་པོ་དང་ལས་དོན་རུ་ཁག་གི་རུ་དཔོན་གཅིག་ལྕོགས་ཧྲེན་པིང་ཀོང་གིས་གྲོང་ཚོའི་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས་སླད་ཕྱིན་ངས་སྦྱངས་པའི་ཤེས་བྱ་དག་གང་ལེགས་སྤྱད་དེ་མང་ཚོགས་ལ་ཏང་གི་སྲིད་ཇུས་དྲིལ་བསྒྲགས་ཧུར་ཐག་བྱ་རྒྱུ་དང་། མང་ཚོགས་དང་འབྲེལ་གཏུགས་སྤེལ་རེས་བྱ་རྒྱུར་ཤུགས་སྣོན་རྒྱག་པ། གཞི་རིམ་གྱི་ཞབས་ཞུའི་ལས་ཀའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ནས་གྲོང་གསེབ་དར་རྒྱས་གཏོང་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་རམ་བྱ་རྒྱུ་ཡིན་ཞེས་བཤད།

སླད་ཕྱིན་ལྷ་ས་གྲོང་ཁྱེར་བོད་སྐད་ཡིག་ཨུ་ལྷན་གཞུང་དོན་ཁང་གིས(རྩོམ་སྒྱུར་ཅུས)གསོ་སྦྱོང་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ་དང་། གསོ་སྦྱོང་གི་ནང་དོན་ལེགས་སུ་གཏོང་བ། སློབ་ཚན་གྱི་རྣམ་པ་ཕུན་སུམ་ཚོགས་སུ་གཏོང་བ་བཅས་བྱས་ཐོག་རྒྱ་ཆེའི་གཞི་རིམ་ལས་བྱེད་པའི་བོད་སྐད་ཡིག་སྤྱོད་པའི་ནུས་པ་སྔར་བས་ཆེ་རུ་བཏང་སྟེ། ཁོང་ཚོས་གཞི་རིམ་མང་ཚོགས་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་ཐུབ་པར་བྱ་རྒྱུ་ཡིན་པ་རེད།

(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-28 6 6 拉萨日报藏文 c183390.html 1 དུས་ཐེངས་གཉིས་པའི་བོད་སྐད་ཡིག(དམའ་རིམ) གསོ་སྦྱོང་འཛིན་གྲྭ་སློབ་འགོ་ཚུགས་པ། /enpproperty-->