ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར་མལ་གྲོ་གུང་དཀར་རྫོང་མི་དམངས་སྨན་ཁང་གི་སྒོ་བསྟེན་ཁང་དུ་ནན་ཅིང་གི“ལྷན་སྐྱེས་སྙིང་ནད་ཀྱི་འདུ་འགོད”རྣམ་གྲངས་ཚོགས་པའི་རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་ལྷན་སྐྱེས་རང་བཞིན་གྱི་སྙིང་ནད་ཕོག་པའི་བྱིས་པར་རིན་མེད་ཀྱི་བརྟག་དཔྱད་དང་རོགས་སྐྱོབ་བྱེད་སྒོ་སྤེལ་ཡོད་པ་རེད།
བྱེད་སྒོ་སྤེལ་ཡུལ་དུ་རིཊ་གཅིག་མཁས་ཅན་ཚོས་ངང་རྒྱུད་རིང་པོས་བྱིས་པ་ཚང་མའི་ནད་རྟགས་དང་བདེ་ཐང་གནས་ཚུལ་ཐད་འདྲི་རྩད་ཞིབ་ཚཊ་བྱས་པ་དང་། བྱིས་པ་ཚང་མའི་ལུས་པོའི་གནས་ཚུལ་ལ་བརྟག་དཔྱད་ནན་ཏན་བྱས་ཏེ་ཁྱིམ་བདག་ལ་ལྷན་སྐྱེས་སྙིང་ནད་ཀྱི་གནོད་འཚེ་དང་སྔ་ཙམ་བརྟག་དཔྱད་བྱེད་དགོས་པའི་གལ་ཆེའི་རང་བཞིན་དྲིལ་བསྒྲཊ་བྱས་ནས་བྱིས་པའི་ཁྱིམ་བདག་གིས་ལྷན་སྐྱེས་སྙིང་ནད་ལ་བརྟག་དཔྱད་དང་སྨན་བཅོས་དང་ལེན་བྱེད་ཚད་མཐོ་རུ་བཏང་ཡོད། ད་ཐེངས་ཀྱི་རིན་མེད་བརྟག་དཔྱད་བྱེད་སྒོའི་ཁྲོད་བྱིས་པ་26ལ་བརྟག་དཔྱད་བྱས་ཡོད་ཅིང་།དེའི་ནང་བྱིས་པ་12ལ་ལྷན་སྐྱེས་རང་བཞིན་གྱི་སྙིང་ནད་ཡོད་པའི་ནད་རྟཊ་གཏན་འཁེལ་བྱས་ཡོད་པ་དང་། བྱིས་པ་2གཤགས་བཅོས་བྱེད་དགོས་པ་དང་བྱིས་པ་12དུས་བཀག་ལྟར་གཟུཊ་པོར་བརྟག་དཔྱད་བྱེད་དགོས་པའི་གྲོས་འགོ་བཏོན་ཡོད།
མལ་གྲོ་གུང་དཀར་རྫོང་རྨམ་པ་ཤང་གི་ཡུལ་མི་དངོས་གྲུབ་ནོར་བུས་ན་ནིང་རིགས་གཅིག་མཁས་ཅན་རྣམས་ང་ཚོའི་རྫོང་དུ་ཕེབས་ནས་ལྷན་སྐྱེས་རང་བཞིན་གྱི་སྙིང་ནད་ཕོག་པའི་བྱིས་པ་ཚོར་བརྟག་དཔྱད་བྱེད་སྐབས་ངའི་བུ་ལ་ལྷན་སྐྱེས་རང་བཞིན་གྱི་སྙིང་ནད་ཡོད་པའི་ནད་རྟགས་གཏན་འཁེལ་བྱས་སོང་། རིགས་གཅིག་མཁས་ཅན་ཚོས་ང་ཚོ་ནན་ཅིང་དུ་ཁྲིད་ནས་རིན་མེད་ཀྱི་གཤགས་བཅོས་བྱས་པས་ད་ཆ་ངའི་བུ་དྲག་སྐྱེད་ཡག་པོ་བྱུང་སོང་། ད་ཐེངས་རིཊ་གཅིག་མཁས་ཅན་ཚོས་ལམ་བར་གྱི་དཀའ་ངལ་ལ་མ་འཛེམ་པར་ང་ཚོའི་ཕ་ཡུལ་གྱི་བྱིས་པ་ཚོར་རིན་མེད་ཀྱི་བརྟག་དཔྱད་བྱེད་པར་སླར་ཡང་ཕེབས་བྱུང་།ངས་བུ་ཁྲིད་ནས་བསྐྱར་དུ་བརྟག་དཔྱད་བྱེད་པར་ཡོང་བ་ཡིན།ཁོང་རྣམ་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཤད་པ་རེད།
“ལྷན་སྐྱེས་སྙིང་ནད་ཀྱི་འདུ་འགོད”ནི་ཅང་སུའུ་ཞིང་ཆེན་ནན་ཅིང་གྲོང་ཁྱེར་གསོ་རིག་སློབ་ཆེན་གྱི་ཞོར་གཏོགས་སྨན་ཁང་གཉིས་པས་སྒྲིག་འཛུགས་བྱས་པ་ཞིག་ཡིན་ཞིང་།ལྷན་སྐྱེས་རང་བཞིན་གྱི་སྙིང་ནད་ཕོག་པའི་བྱིས་པ་ཚོར་རིན་པ་མི་དགོས་པར་རོགས་སྐྱོབ་བྱེད་པའི་བདེ་ཐང་རོགས་སྐྱོར་གྱི་རྣམ་གྲངས་ཤིག་ཡིན་པ་དང་2019ལོ་ནས་བཟུང་ལྷ་སའི་ཁུལ་དུ་སྤེལ་འགོ་ཚུགས་ཡོད། ནན་ཅིང་གསོ་རིག་སློབ་ཆེན་གྱི་ཞོར་གཏོགས་སྨན་ཁང་གཉིས་པའི་སྙིང་ཁམས་ཁྲག་རྩའི་ལྟེ་གནས་ཀྱི་གསོ་རིག་འབུམ་རམས་པ་དང་ཀྲུའུ་རེན་གཞོན་པའི་སྨན་པ་ཀེང་ཀྲི་ཡིས་བོད་སྐྱོར་བཀོད་འདོམས་པུའུ་ཡི་བཀོད་སྒྲིག་དང་མཐུན་སྦྱོར་འོག 2019ལོ་ནས་བཟུང་།ལྷ་སའི་ཁུལ་དུ་ལྷན་སྐྱེས་རང་བཞིན་གྱི་སྙིང་ནད་ཕོག་པའི་བྱིས་པར་རིན་མེད་ཀྱི་བརྟག་དཔྱད་དང་རོགས་སྐྱོབ་བྱེད་སྒོ་སྤེལ་ཡོད།མིག་སྔའི་བར་ལྷན་སྐྱེས་རང་བཞིན་གྱི་སྙིང་ནད་ཕོག་པའི་བྱིས་པ་200ཙམ་ལ་རིན་མེད་ངང་རོགས་སྐྱོབ་བྱས་ཡོད། འདི་ལོའང་ལྷ་སའི་ཁོངས་གཏོགས་ཀྱི་རྫོང(ཆུས)ཡོངས་སུ་ལྷན་སྐྱེས་རང་བཞིན་གྱི་སྙིང་ནད་ཕོག་པའི་བྱིས་པར་བརྟག་དཔྱད་ཀྱི་བྱེད་སྒོ་སྤེལ་ཡོད་ཅིང་།ནད་རྟགས་གཏན་འཁེལ་བྱས་པའི་བྱིས་པ་དང་གཤགས་བཅོས་བྱེད་དགོས་པའི་བྱིས་པ་རྣམས་ཁྱིམ་བདག་གིས་མོས་མཐུན་ཡོད་ཚེ་ང་ཚོས་ནན་ཅིང་གསོ་རིག་སློབ་ཆེན་གྱི་ཞོར་གཏོགས་སྨན་ཁང་གཉིས་པར་སྨན་བཅོས་བྱ་རྒྱུར་གཅིག་འགྱུར་ཐོག་བཀོད་སྒྲིག་བྱ་རྒྱུ་ཡིན་ཞེས་བཤད།
ད་ཐེངས་ཀྱི་རིན་མེད་བརྟག་དཔྱད་བྱེད་སྒོའི་ཁྲོད་ཅང་སུའུ་ཡི“ལྷན་སྐྱེས་སྙིང་ནད་ཀྱི་འདུ་འགོད”ཚོགས་པས་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཅང་སུའུ་དང་མལ་གྲོ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་བརྩེ་སེམས་མཚོན་པར་བྱས་ཡོད།རིགས་གཅིག་མཁས་ཅན་ཚོགས་ཆུང་གི་སྤྲོ་སེམས་འཁོལ་བའི་ཞབས་ཞུ་དང་ཆེད་ལས་ཀྱི་བརྟག་དཔྱད་བྱས་པ་ལས་མང་ཚོགས་རྣམས་ཁྱིམ་གྱི་སྒོ་འགྲམ་དུ་རིགས་གཅིག་མཁས་ཅན་ཚོའི་སྤུས་ལེགས་ཀྱི་སྨན་བཅོས་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་པར་བྱུང་ཡོད། ལེ་དབར་སྟོང་ལས་བརྒལ་བའི་བརྩེ་སེམས་དེས་མལ་གྲོ་གུང་དཀར་རྫོང་གི་མང་ཚོགས་ཀྱི“བདེ་ཐང་གི་ཕུགས་འདུན”ལ་མུ་མཐུད་འགན་ལེན་ཐུབ་རྒྱུ་རེད། མལ་གྲོ་གུང་དཀར་རྫོང་མི་དམངས་སྨན་ཁང་གི་སྨན་པ་ཚེ་རིང་རྡོ་རྗེས་འདི་ལོའི་ལོ་སྟོད་དུ་ང་ཚོའི་རྫོང་མི་དམངས་སྨན་ཁང་གིས་སྙིང་ནད་ཀྱི་དོགས་གཞི་ཡོད་པའི་བྱིས་པ་16ལ་ཐོག་མའི་ནད་རྟགས་རགས་ཙམ་དཔྱད་ཡོད། དེ་རིང“ལྷན་སྐྱེས་སྙིང་ནད་ཀྱི་འདུ་འགོད”ལྷ་སར་ལག་བསྟར་བྱས་པ་ལས་བྱིས་པ་16དེ་དག་ལ་དུས་ཐོག་ཏུ་སྨན་བཅོས་བྱ་རྒྱུར་འགན་ལེན་ཐུབ་ཡོད། རིགས་གཅིག་མཁས་ཅན་ཚོགས་པས་ཀྱང་ང་ཚོའི་བྱིས་ནད་ཚན་ཁག་དང་Bསྒྲ་རླབས་སྨན་ཁང་གི་སྨན་པ་དང་གཅིག་གཏད་གཅིག་གི་རྣམ་པའི་ཐོག་ནས་ལག་རྩལ་ཐད་མཛུབ་ཁྲིད་བྱས་ཡོད།སླད་ཕྱིན་ང་ཚོས་རིགས་གཅིག་མཁས་ཅན་ལྷན་རྒྱས་དང་འབྲེལ་གཏུགས་རྒྱུན་འཁྱོངས་བྱས་ནས་ལྷན་སྐྱེས་རང་བཞིན་གྱི་སྙིང་ནད་ཕོག་པའི་བྱིས་པར་བརྟག་དཔྱད་བྱེད་པའི་ལས་དོན་མུ་མཐུད་སྤེལ་ཏེ་བྱིས་པའི་ཚེ་སྲོག་གི་བདེ་ཐང་ལ་འགན་ལེན་བྱ་རྒྱུ་ཡིན་ཞེས་བཤད།
(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社