(པར་ངོས་དང་པོར་མཐུད)དྲང་གཞག རྒྱུན་མཐུད་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་བྱེད་ཐབས་ནུས་ལྡན་ཞིག་ཀྱང་ཡིན་པས། ནོར་སྲིད་མ་དངུལ་གྱི་ནུས་པ་ཆེ་རུ་གཏོང་བ་དང་སྒྱུར་གྲངས་ཀྱི་ཕན་ནུས་འདོན་སྤེལ་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུའི་མ་དངུལ་གྱི་དགོས་མཁོ་སྐོང་ཐུབ་པར་བྱེད་དགོས་པ་དང་། རིམ་པ་ཁག་དང་།འབྲེལ་ཡོད་ཚན་པ་ཁག ནུས་པའི་གླིང་ཁུལ་ཁག་བཅས་ཀྱིས་བསམ་བློའི་ངོས་འཛིན་སྔར་བས་མཐོ་རུ་བཏང་ནས་སྲིད་གཞུང་གི་མ་འཇོག་ཐེབས་རྩ་ཡག་པོ་དང་མགྱོཊ་མྱུར་ངང་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་རྒྱུ་དེ་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཚོང་འགུཊ་མ་འདྲེན་བྱེད་ཤུཊ་ཆེ་རུ་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་ཏེ་ཐེབས་རྩའི་རྒྱབ་སྐྱོར་ནུས་པ་གང་ཡོད་འདོན་དགོས།
ཝང་ཆང་གིས་ནན་གསུངས་གནང་དོན།ཐེབས་རྩར་སློབ་སྦྱོང་དང་ཐེབས་རྩ་ཤེས་པར་བྱེད་དགོས་ཤིང་། ཐེབས་རྩ་ནི་དངུལ་རྩའི་ལག་ཆ་གལ་ཆེན་ཞིག་ཡིན་པས་རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པས་རང་འགུལ་ངང་ཐེབས་རྩར་སློབ་སྦྱོང་དང་། ཐེབས་རྩ་ཤེས་པ། ཐེབས་རྩ་སྤྱོད་པ་བཅས་ངེས་པར་དུ་སྦྱོང་དགོས་པའི་སློབ་ཚན་ཞིག་ཏུ་བརྩིས་ནས་ཐེབས་རྩའི་ཁྲིད་སྟོན་དང་སྐུལ་འདེད་ཀྱི་ནུས་པ་གང་ལེགས་བཏོན་ཏེ་ཚོང་འགུགས་ལ་སྐུལ་འདེད་དང་། མ་འཇོག་རྒྱ་སྐྱེད། ཐོན་ལས་སྟོབས་ཆེན། འཕེལ་རྒྱས་ལ་དོན་གཉེར་བཅས་མངོན་འགྱུར་ཡོང་བར་བྱེད་དགོས།
འཆར་འགོད་གཏིང་ཟབ་དང་འཁོར་སྐྱོད་བྱེད་ཤེས་པ་དགོས་ཤིང་། ཐེབས་རྩའི་ནུས་པ་གང་ལེགས་བཏོན་ནས་རང་གྲོང་གི་ཐོན་ལས་འཕེལ་རྒྱས་དང་ཚོང་འགུགས་མ་འདྲེན་གྱི་ཁ་ཕྱོགས་དང་ཟུང་འབྲེལ་དམ་ཟབ་དང་། འཆར་འགོད་དང་སྐུལ་འདེད་གཏོང་བཞིན་པའི་རྣམ་གྲངས་གལ་ཆེན་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་རྣམ་གྲངས་ཁག་གཅིག་འཆར་འགོད་བྱས་ནས་མ་འཇོག་དེ་བས་མང་བ་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་སྤྱི་ཚོགས་ཀྱི་མ་རྩ་དེ་བས་མང་བ་དངོས་ཚན་དཔལ་འབྱོར་ཐད་མ་དངུལ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་།དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་བཏང་ནས་ལས་ཀའི་མཉམ་ཤུགས་ཆགས་པར་བྱས་ཏེ།སྲིད་གཞུང་གི་མ་འཇོག་ཐེབས་རྩའི་འབྲེལ་ཡོད་ལས་དོན་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས། ལྟ་སྐུལ་ལ་དོ་དམ་དང་ཉེན་ཁར་སྔོན་འགོག་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། ཉེན་ཁའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་མ་མཐའི་མཚམས་ཐིག་གི་འདུ་ཤེས་ཟབ་ཏུ་བཏང་ནས་སྲིད་གཞུང་གི་མ་འཇོག་ཐེབས་རྩའི་དོ་དམ་ལམ་ལུགས་མ་ལག་རྒྱུན་ཆད་མེད་པར་ཚད་ལྡན་དང་འཐུས་ཚང་དུ་གཏོང་བ་དང་།ཐེབས་རྩ་བརྟན་ལྷིང་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ། ཐེབས་རྩ་འཁོར་སྐྱོད་དང་བེད་སྤྱོད་བྱས་ཚུལ་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་བཅས་ཆེ་རུ་བཏང་སྟེ་ཐེབས་རྩ་ཁྲིམས་མཐུན་དང་ལུགས་མཐུན་ངང་འཁོར་སྐྱོད་ཐུབ་རྒྱུར་འགན་ལེན་བྱེད་དགོས།(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社