ཟླ་6ཚེས་26ཉིན།ལྷ་སའི་ཞིང་འབྲོག་པའི་ལུས་རྩལ་འགྲན་ཚོགས་སྐབས་དང་པོ་བདེ་བླག་ངང་མཇུག་འགྲིལ་ཞིང་། སྐབས་འདིའི་ཞིང་འབྲོག་པའི་ལུས་རྩལ་འགྲན་ཚོགས་ཀྱིས་མཐུན་སྒྲིལ་ཡག་པོ་གཏོད་རྒྱུ་གོ་སྐབས་སུ་བྱས་ནས་ལུས་རྩལ་གྱི་འདུ་ཚོགས་གཟབ་རྒྱས་ལ་བརྟེན་ནས་རིག་གནས་དང་ལུས་རྩལ་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མི་རིགས་མཐུན་སྒྲིལ་དང་ཞིང་འབྲོག་པའི་སྲོལ་རྒྱུན་ལུས་རྩལ།རིག་གནས་ཡུལ་སྐོར་དང་ཐོན་ལས་འཕེལ་རྒྱས་མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་སྟངས་གསར་གཏོད་བྱས་ཏེ་འགྲན་བསྡུར་གྱི་བྱེད་སྒོ་དང་ཞིང་ལས་དང་ཞིང་དུས་ཟུང་འབྲེལ་བྱས་པ་དེ་ནི་ཞིང་འབྲོག་པའི་སྒོ་འགྲམ་གྱི་ལུས་རྩལ་འགྲན་ཚོགས་ཤིག་ཡིན་པ་དང་ཞིང་འབྲོག་པའི་མཐུན་སྒྲིལ་ཡར་ཐོན་དང་ཡར་རྒྱས་ཧུར་ཐག་གི་སྙིང་སྟོབས་མངོན་ཡོད།
ལྷ་ས་གྲོང་ཁྱེར་མང་ཚོགས་རིག་གནས་ལུས་རྩལ་ལྟེ་གནས་སུ་སྐབས་འདིའི་ཞིང་འབྲོག་པའི་ལུས་རྩལ་འགྲན་ཚོགས་ཀྱི་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་བསྡུར་མཐའ་མ་སྨི་200ཡི་སར་ནས་དོ་པོ་ཕྲག་པར་ཁུར་བའི་འགྲན་བསྡུར་ཚ་ཚ་འུར་འུར་ངང་སྤེལ་ཡོད། ནས་དོ་པོ་ཕྲག་པར་ཁུར་བའི་རྒྱུག་རྩལ་འགྲན་བསྡུར་ནི་བོད་ལྗོངས་ས་ཁུལ་ཁོ་ནར་ཡོད་པའི་སྲོལ་རྒྱུན་གྱི་འགྲན་བསྡུར་ཞིག་ཡིན་ཞིང་། འགྲན་བསྡུར་ནང་ཞུགས་མཁན་གྱིས་ནས་དོ་པོ་ལྗིད་པོ་ཕྲག་པར་ཁུར་ནས་གཏན་འབེབས་བྱས་པའི་འགྲན་ལམ་ཐོག་རྒྱུག་ཤར་གློད་ནས་མྱུར་ཚད་དང་སྙིང་རུས་ལ་བརྟེན་ནས་རྒྱལ་ཕམ་ཐག་གཅོད་བྱེད་ཀྱི་ཡོད། འགྲན་བསྡུར་དེས་འགྲན་བསྡུར་བའི་ལུས་ཤུགས་ལ་ཚོད་བགམ་བྱས་པ་ཞིག་ཡིན་པར་མ་ཟད། ཁོང་ཚོའི་བློ་བརྟན་འགྱུར་མེད་དང་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་པའི་སྙིང་སྟོབས་ཀྱི་ཉམས་འགྱུར་དེ་བས་མངོན་ཡོད། དུས་ཡུན་ཉིན་ལྔ་རིང་གི་ལྷ་སའི་ཞིང་འབྲོག་པའི་ལུས་རྩལ་འགྲན་ཚོགས་སྐབས་དང་པོ་དེ་རྩལ་འགྲན་བསྡུར་དང་མི་རིགས་ཀྱི་སྲོལ་རྒྱུན་འགྲན་བསྡུར་གཉིས་སུ་དབྱེ་ཡོད་ཅིང་།གཉའ་ཐག་དང་། ཐག་འཐེན།ཀེ་རམ། ཤོ།འུར་རྡོ།གཡག་རྒྱུག ལག་ཤུགས་སོགས་སྲོལ་རྒྱུན་གྱི་རྣམ་གྲངས་དང་རྩལ་འགྲན་རྣམ་གྲངས་19ནས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་འགྲོ་འོང་དང་སྤེལ་རེས་མཉམ་འདྲེས་ཀྱི་མཛེས་སྡུག་ལྡན་པའི་རི་མོ་ཐུན་མོང་ཐོག་བྲིས་ཡོད།
འགྲན་བསྡུར་ནང་ཞུཊ་མཁན་ཨོ་རྒྱན་སྒྲོལ་མས་ད་ཐེངས་ཀྱི་ནས་ཕྲག་ཐོག་ཏུ་འཁུར་བའི་འགྲན་བསྡུར་དེ་ཧ་ཅང་སྤྲོ་སྣང་ལྡན་པ་ཞིག་ཡིན་པས་ཚང་མ་མཉམ་དུ་འཛོམས་ནས་ཧུར་བརྩོན་དང་སྤྲོ་སེམས་འཁོལ་བའི་ངང་འགྲན་བསྡུར་བྱས་པས་ཧ་ཅང་དགའ་པོ་བྱུང་ཞེས་བཤད།
ད་ཐེངས་ལྷ་སའི་ཞིང་འབྲོག་པའི་ལུས་རྩལ་འགྲན་ཚོགས་སྐབས་དང་པོའི་ཐོག་མཐར་འདམ་གཞུང་རྫོང་གིས་སྐར་མ་166གི་ཐོག་ནས་ཚོགས་པའི་བསྡོམས་འབོར་གྱི་ཨང་དང་པོ་བླངས་པ་དང་། སྟག་རྩེ་ཆུས་ཀྱིས་སྐར་མ་107གྱི་ཐོག་ནས་ཨང་གཉིས་པ་བླངས་པ་དང་། སྟོད་ལུང་བདེ་ཆེན་ཆུས་ཀྱིས་སྐར་མ་76གི་ཐོག་ནས་ཨང་གསུམ་པ་བླངས་པ་རེད། འགྲན་བསྡུར་བྱེད་རིང་གྲོང་ཁྱེར་ཡོངས་ཀྱི་རྫོང་ཁག(ཆུས)དང་ནུས་པའི་གླིང་ཁུལ་ཁག་གི་འཐུས་མི་རུ་ཁག་11གི་ལུས་རྩལ་པ་500ལྷག་ཙམ་གྱིས་རང་གྲོང་གི་མི་རིགས་སྲོལ་རྒྱུན་ལུས་རྩལ་གྱི་ཡིད་དབང་འཕྲོག་ཤུཊ་གང་ལེགས་མངོན་པ་དང་ལུས་རྩལ་གྱི་སྤྲོ་སེམས་འཕེལ་ཡོད།
མལ་གྲོ་གུང་དཀར་རྗོང་གི་རྩལ་ཁྲིད་པ་ངག་དབང་བློ་བཟང་གིས་ད་ཐེངས་མལ་གྲོ་གུང་དཀར་རྫོང་གི་ལུས་རྩལ་པའི་འཐུས་མི་53ལྷ་སའི་ཞིང་འབྲོག་པའི་ལུས་རྩལ་འགྲན་ཚོཊ་སྐབས་དང་པོའི་ནང་ཞུཊ་པ་དང་ལུས་རྩལ་པའི་འཐུས་མིར་ཡང་གྲུབ་འབྲས་ཡག་པོ་ཐོབ་པས་མང་ཚོཊ་ཀྱིས་དགའ་པོ་བྱེད་པའི་ཐག་འཐེན་དང་། ཤེད་རྡོ།ཀེ་རམ།ཤོ་སོཊ་ཀྱི་བྱེད་སྒོ་མུ་མཐུད་སྤེལ་རྒྱུའི་རེ་བ་ཡོད་ཅེས་བཤད།
ཟླ་6ཚེས་18ཉིན། ལྷ་ས་གྲོང་ཁྱེར་ལུས་རྩལ་ཅུས་ཀྱིས་ལྷ་ས་གྲོང་ཁྱེར་ཚོང་དོན་ཅུས་ལ་འབྲེལ་བ་བྱས་ནས་ལུས་རྩལ་འགྲན་ཚོཊ་ཀྱི་འཛད་སྤྱོད་འཛིན་ཤོག་སྤྲད་པས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བར་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད། ལུས་རྩལ་འགྲན་ཚོཊ་རིང་། ད་དུང་མཚན་མོའི་གློག་འོད་འགྲེམས་སྟོན་དང་། རླངས་འཁོར་འགྲེམས་སྟོན། ཁྱད་ལྡན་ཞིང་ལས་ཐོན་རྫས་འགྲེམས་སྟོན། ཟས་མཆོག་གི་དགའ་སྟོན་སོཊ་བྱེད་སྒོ་རབ་དང་རིམ་པ་སྤེལ་ཞིང་། བྱ་དགའ་ཡོད་པའི་གསར་དར་ལུས་རྩལ་རྣམ་གྲངས་ཀྱི་ཉམས་ལེན་ཁུལ་བཙུཊ་ནས་འགྲན་བསྡུར་ལ་ལྟ་མཁན་མང་ཚོཊ་ཚོར་ལུས་རྩལ་གྱི་ཡིད་དབང་འཕྲོག་ཤུཊ་དང་སྤྲོ་སྣང་ཚོར་བར་བྱས་པ་རེད།
འདམ་གཞུང་རྫོང་གི་ཞིང་ལས་ཐོན་རྫས་ཚོང་པ་ཚེ་རེང་དཔའ་མོས་ལྷ་སའི་ཞིང་འབྲོག་པའི་ལུས་རྩལ་འགྲན་ཚོཊ་སྐབས་དང་པོར་འགྲེམས་སྟོན་དང་ཕྱིར་ཚོང་བྱས་པའི་ཞིང་ལས་ཐོན་རྫས་ལ་ལྟད་མོ་བ་ཚོས་དགའ་པོ་བྱེད་ཀྱི་འདུག ལྷག་པར་དུ་ལག་ཤེས་བཟོ་རྩལ་ཐོན་རྫས་ལ་ཧ་ཅང་དགའ་པོ་བྱེད་ཀྱི་འདུག ལག་ཤེས་བཟོ་རྩལ་ཐོན་རྫས་དེ་དག་ལ་མི་དེ་བས་མང་བས་རྒྱུས་ལོན་དང་ཉམས་ལེན་བྱ་རྒྱུའི་རེ་བ་ཡོད་ཅེས་བཤད།
ལྷ་སའི་ཞིང་འབྲོག་པའི་ལུས་རྩལ་འགྲན་ཚོགས་སྐབས་དང་པོ་ནི་ལྷ་ས་གྲོང་ཁྱེར་གྱི་ལོ་རྒྱུས་ཐོག་གི་ཚད་གཞི་མཐོ་ཤོས་དང་གཞི་ཁྱོན་ཆེ་ཤོས་ཀྱི་ཞིང་འབྲོག་པའི་ལུས་རྩལ་འགྲན་ཚོགས་ཤིག་ཡིན་ཞིང་། སླད་ཕྱིན། རང་གྲོང་གིས་ལྷ་སའི་ཞིང་འབྲོག་པའི་ལུས་རྩལ་འགྲན་ཚོགས་སྐབས་དང་པོ་དེ་འགོ་འཛུཊ་ས་གསར་པར་བྱས་ནས་དམངས་ཡོངས་ལུས་སྦྱོང་གི་རྒྱལ་ཁབ་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ། ཆུ་ཚད་དེ་བས་མཐོ་བའི་དམངས་ཡོངས་ལུས་སྦྱོང་གི་སྤྱི་པའི་ཞབས་ཞུའི་མ་ལག་མགྱོགས་མྱུར་སྐྲུན་པ་དང་། ཞིང་འབྲོག་པ་དེ་བས་མང་བ་ལུས་རྩལ་ལ་ཞུགས་ནས་ལུས་རྩལ་གྱི་ཚ་རླབས་ཤིག་འཕྱུར་བར་བྱེད་པ། ལུས་རྩལ་དེ་ནི་རྒྱ་ཆེའི་ཞིང་འབྲོག་པའི་འཚོ་བ་སྐྱེལ་སྟངས་ཤིག་ཏུ་འགྱུར་རྒྱུར་ཁྲིད་སྟོན་བྱེད་པ། ལུས་རྩལ་ཁྲོད་དགའ་ཕྱོགས་སྐྱོང་ཞིང་གཟུགས་གཞི་ཡག་ཏུ་གཏོང་བ་དང་སྤྲོ་སྣང་ལོངས་སུ་སྤྱོད་རྒྱུ་རྒྱུན་འཁྱོངས་བཅས་བྱས་ཏེ་རང་གྲོང་གི་ལུས་རྩལ་བྱ་གཞག་ལ་རྣམ་པ་གསར་པ་གཏོད་རྒྱུ་དང་། སྤྱི་ཚོཊ་རིང་ལུཊ་དེང་རབས་ཅན་གྱི་ལྷ་ས་གསར་པ་འཛུཊ་སྐྲུན་བྱེད་པར་ལུས་རྩལ་གྱི་སྟོབས་ཤུཊ་ལེཊ་སྐྱེས་སུ་འབུལ་རྒྱུ་རེད།
འགྲན་ཞུཊ་པ་པ་སངས་ལྷ་མོས་ད་ཆ་གྲོང་གསེབ་ཀྱི་ལུས་རྩལ་སྒྲིག་ཆས་འཐུས་སྒོ་ཚང་བ་དང་། ལུས་སྦྱོང་གི་རྣམ་པ་ཟབ་མོ་ལྡན་ཡོད། ཐེངས་འདིའི་ཞིང་འབྲོག་པའི་ལུས་རྩལ་འགྲན་ཚོཊ་ཀྱིས་ཞིང་འབྲོག་པ་རྣམས་ལ་སྤེལ་རེས་ཀྱི་གོ་སྐབས་ཤིག་མཁོ་འདོན་བྱས་སོང་། ལྷ་སའི་ལུས་རྩལ་བྱ་གཞག་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བའི་ཁྲོད། མི་དེ་བས་མང་བས་ལུས་རྩལ་བྱ་གཞག་ལ་མཐོང་ཆེན་བྱས་ནས་ལུས་རྩལ་བྱ་གཞག་སྔར་བས་དར་རྒྱས་ཡོང་རྒྱུར་ཐུན་མོང་དུ་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་བཤད།
ལྷ་ས་གྲོང་ཁྱེར་མང་ཚོགས་རིག་གནས་ལུས་རྩལ་ལྟེ་གནས་ཀྱི་ཀྲུའུ་རེན་ལིའུ་མིང་གིས་སླད་མར་ང་ཚོས་འགྲན་བསྡུར་དེ་བས་མང་བ་གཉེར་ནས་ཞིང་འབྲོག་པ་རྣམས་ལ་ལུས་རྩལ་བྱེད་སྒོ་དང་འགྲན་བསྡུར་བྱེད་སྒོ་དེ་བས་མང་བ་མཁོ་འདོན་བྱ་རྒྱུ་དང་། སྲོལ་རྒྱུན་གྱི་ལུས་རྩལ་དེ་བས་མང་བ་སྔོག་འདོན་བྱ་རྒྱུ་ཡིན། མ་ཟད་སྡེ་ཁུལ་དང་། ཤང་གྲོང་རྡལ། གྲོང་ཚོ་བཅས་སུ་ལུས་རྩལ་ཡོ་བྱད་དེ་བས་མང་དུ་བཏང་ནས་ལུས་རྩལ་གྱི་ཁོར་ཡུག་རྒྱ་ཆེར་བཏང་སྟེ། མང་ཚོགས་ལ་སྐར་མ་15འམ་30ཡི་སར་ལུས་སྦྱོང་བྱ་ཡུལ་ཡོད་པ་དང་། མང་ཚོགས་ཀྱི་ལུས་སྦྱོང་ལ་སྟབས་བདེ་སྔར་བས་བསྐྲུན་རྒྱུ་ཡིན་ཞེས་བཤད།
(སྟོབས་རྒྱལ་དང་ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社