分享按钮

རང་ལྗོངས་ཀྱི་2024ལོའི་མཐོ་རིམ་སློབ་གྲྭ་དཀྱུས་མའི་སློབ་བསྡུའི་ཚོད་འཛིན་སྐར་གྲངས་དམའ་ཤོས་ཡོངས་བསྒྲགས་བྱས་པ།

རང་སྐྱོང་ལྗོངས་སློབ་བསྡུ་ཡིག་རྒྱུགས་ལྷན་ཁང་གིས་ཟླ་6ཚེས་25ཉིན་ཚོགས་འདུ་འཚོགས་ནས་ཞིབ་འཇུག་བྱས་ཏེ་མོས་མཐུན་བྱུང་རྗེས། བོད་རང་སྐྱོང་ལྗོངས་ཀྱི་2024ལོའི་མཐོ་སློབ་དཀྱུས་མའི་སློབ་བསྡུའི་ཚོད་འཛིན་སྐར་གྲངས་ཀྱི་ཚད་གཞི་དམའ་ཤོས་གཏན་འཁེལ་བྱས་ནས་ཡོངས་བསྒྲཊ་བྱས་པ་སྟེ།

གཅིག སློབ་ཁུངས་དཀྱུས་མའི་སློབ་བསྡུའི་ཚོད་འཛིན་སྐར་གྲངས་ཀྱི་ཚད་གཞི་དམའ་ཤོས།

(1)རིག་གནས་ལོ་རྒྱུས་རིགས།

གཙོ་གནད་དངོས་གཞིའི་ཚན་ཁག་གི་ཡིག་རྒྱུགས་གཏོང་མཁན་ཀ་པའི་སྐར་གྲངས་335དང་། ཡིག་རྒྱུགས་གཏོང་མཁན་ཁ་པའི་སྐར་གྲངས་410ཡིན།

དངོས་གཞིའི་ཚན་ཁག་དཀྱུས་མའི་ཡིག་རྒྱུགས་གཏོང་མཁན་ཀ་པའི་སྐར་གྲངས་301དང་། ཡིག་རྒྱུགས་གཏོང་མཁན་ཁ་པའི་སྐར་གྲངས་315ཡིན།

ཆེད་ལས་ཚན་ཁག་གི་ཡིག་རྒྱུགས་གཏོང་མཁན་ཀ་པའི་སྐར་གྲངས་238དང་། ཡིག་རྒྱུགས་གཏོང་མཁན་ཁ་པའི་སྐར་གྲངས་238ཡིན།

(2)རང་བྱུང་རིག་པའི་རིགས།

གཙོ་གནད་དངོས་གཞིའི་ཚན་ཁག་གི་ཡིག་རྒྱུགས་གཏོང་མཁན་ཀ་པའི་སྐར་གྲངས་305དང་། ཡིག་རྒྱུགས་གཏོང་མཁན་ཁ་པའི་སྐར་གྲངས་400ཡིན།

དངོས་གཞིའི་ཚན་ཁག་དཀྱུས་མའི་ཡིག་རྒྱུགས་གཏོང་མཁན་ཀ་པའི་སྐར་གྲངས་265དང་། ཡིག་རྒྱུགས་གཏོང་མཁན་ཁ་པའི་སྐར་གྲངས་310ཡིན།

ཆེད་ལས་ཚན་ཁག་གི་ཡིག་རྒྱུགས་གཏོང་མཁན་ཀ་པའི་སྐར་གྲངས་214དང་། ཡིག་རྒྱུགས་གཏོང་མཁན་ཁ་པའི་སྐར་གྲངས་214ཡིན།

གཉིས། སྒྱུ་རྩལ་དང་ལུས་རྩལ་རིགས་ཀྱི་ཆེད་ལས་སློབ་བསྡུའི་རིག་གནས་སྦྱངས་འབྲས་ཀྱི་ཚོད་འཛིན་སྐར་གྲངས་ཀྱི་ཚད་གཞི་དམའ་ཤོས།

རིགས་འདིའི་སློབ་བསྡུའི་རིག་གནས་སྦྱངས་འབྲས་ཀྱི་ཚོད་འཛིན་སྐར་གྲངས་ཀྱི་ཚད་གཞི་དམའ་ཤོས་དེ་དཀྱུས་མའི་རིགས་ཀྱི་སློབ་བསྡུའི་ཚོད་འཛིན་སྐར་གྲངས་ཀྱི་ཚད་གཞི་དམའ་ཤོས་ཀྱི་བརྒྱ་ཆའི་75དང་། རིགས་འདིའི་ཆེད་ལས་རིག་གནས་སྦྱངས་འབྲས་ཀྱི་ཚོད་འཛིན་སྐར་གྲངས་ཀྱི་ཚད་གཞི་དམའ་ཤོས་དེ་ཆེད་ལས་རིགས་ཀྱི་སློབ་བསྡུའི་ཚོད་འཛིན་སྐར་གྲངས་ཀྱི་ཚད་གཞི་དམའ་ཤོས་ཀྱི་བརྒྱ་ཆའི་70ལྟར་གཏན་འཁེལ་བྱས་པ་རེད། སློབ་མ་བསྡུ་སྐབས་རིག་གནས་སྦྱངས་འབྲས་སློབ་མ་བསྡུ་བའི་ཚད་གཞིར་སླེབས་ཚེ། ཆེད་ལས་ཀྱི་སྦྱངས་འབྲས་མཐོ་བ་ནས་དམའ་བའི་བར་སློབ་མའི་ཁ་གྲངས་ལོན་པའི་བར་བསྡུ་རྒྱུ་རེད། དེ་ཡང་རིག་གནས་རིག་ཚན་གྱི་སྦྱངས་འབྲས་དང་སྒྱུ་རྩལ་ཆེད་ལས་ཀྱི་གཅིག་གྱུར་སྦྱངས་འབྲས་ཀྱིས་ཕྱོགས་བསྡུས་སྦྱངས་འབྲས་ཀྱི་བརྒྱ་ཆ་50ཟིན་གྱི་ཡོད། ལུས་རྩལ་རིགས་ཆེད་ལས་གཅིག་གྱུར་སྦྱངས་འབྲས་ཀྱི་མཐོ་བ་ནས་དམའ་བའི་བར་སློབ་མའི་ཁ་གྲངས་ལོན་པའི་བར་བསྡུ་རྒྱུ་རེད།

(1)རིག་གནས་ལོ་རྒྱུས་རིགས།

དངོས་གཞིའི་ཚན་ཁག་གི་ཡིག་རྒྱུགས་གཏོང་མཁན་ཀ་པའི་སྐར་གྲངས་226དང་། ཡིག་རྒྱུགས་གཏོང་མཁན་ཁ་པའི་སྐར་གྲངས་236ཡིན།

ཆེད་ལས་ཚན་ཁག་གི་ཡིག་རྒྱུགས་གཏོང་མཁན་ཀ་པའི་སྐར་གྲངས་167དང་། ཡིག་རྒྱུགས་གཏོང་མཁན་ཁ་པའི་སྐར་གྲངས་167ཡིན།

(2)རང་བྱུང་རིག་པའི་རིགས།

དངོས་གཞིའི་ཚན་ཁག་གི་ཡིག་རྒྱུགས་གཏོང་མཁན་ཀ་པའི་སྐར་གྲངས་199དང་། ཡིག་རྒྱུགས་གཏོང་མཁན་ཁ་པའི་སྐར་གྲངས་233ཡིན།

ཆེད་ལས་ཚན་ཁག་གི་ཡིག་རྒྱུགས་གཏོང་མཁན་ཀ་པའི་སྐར་གྲངས་150དང་། ཡིག་རྒྱུགས་གཏོང་མཁན་ཁ་པའི་སྐར་གྲངས་150ཡིན།

གསུམ། དཔུང་སྡེའི་སློབ་ཁུངས་ཀྱི་སློབ་བསྡུའི་ཚོད་འཛིན་སྐར་གྲངས་ཀྱི་ཚད་གཞི་དམའ་ཤོས།

(1)རིག་གནས་ལོ་རྒྱུས་རིགས།

དངོས་གཞིའི་ཚན་ཁག་གི་ཚོད་འཛིན་སྐར་གྲངས་247ཡིན།

(2)རང་བྱུང་རིག་པའི་རིགས།

དངོས་གཞིའི་ཚན་ཁག་གི་ཚོད་འཛིན་སྐར་གྲངས་206ཡིན།

དོ་སྣང་བྱ་རྒྱུར་ཡིག་རྒྱུགས་གཏོང་མཁན་ཀ་པ་ནི་ལྗོངས་ནང་ཁོངས་སུ་མི་རབས་གཉིས་སམ་དེ་ཡན་འཚོ་སྡོད་བྱས་པའི་གྲངས་ཉུང་མི་རིགས་ཀྱི་རྒྱུགས་སྤྲོད་སློབ་མར་གོ་བ་དང་། ཡིག་རྒྱུགས་གཏོང་མཁན་ཁ་པ་ནི་རྒྱ་རིགས་དང་ལྗོངས་ཕྱིའི་གྲངས་ཉུང་མི་རིགས་ཀྱི་རྒྱུགས་སྤྲོད་སློབ་མར་གོ་དགོས།(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-28 6 6 拉萨日报藏文 c183384.html 1 རང་ལྗོངས་ཀྱི་2024ལོའི་མཐོ་རིམ་སློབ་གྲྭ་དཀྱུས་མའི་སློབ་བསྡུའི་ཚོད་འཛིན་སྐར་གྲངས་དམའ་ཤོས་ཡོངས་བསྒྲགས་བྱས་པ། /enpproperty-->