ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་6ཚེས་26ཉིན། ལྷ་སའི་ཞིང་འབྲོག་པའི་ལུས་རྩལ་འགྲན་ཚོགས་སྐབས་དང་པོ་མཇུག་འགྲིལ་ཞིང་། གྲོང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཝང་ཧུའེ་མཇུག་འགྲིལ་མཛད་སྒོར་ཞུགས་པར་མ་ཟད། ཤིས་ཚིག་ཀྱང་བསྒྲོན་པ་རེད།
མཇུག་འགྲིལ་མཛད་སྒོར་འགྱུར་ཁུག་སྙན་པའི་གླུ་དབྱངས་དང་སྟངས་སྟབས་མཛེས་པའི་ཞབས་བྲོ་སོགས་ངོ་མཚར་ཆེ་བའི་ལེ་ཚན་རེས་མོས་སུ་འཁྲབ་སྟོན་བྱས་པ་དང་། འབྲེལ་ཡོད་འགོ་ཁྲིད་ཀྱིས་ཀུན་སྤྱོད་ཀྱི་བྱ་དགའ་དང་། སྒྲིག་འཛུཊ་ཀྱི་བྱ་དགའ། ཚོཊ་པའི་སྐར་གྲངས་བསྡོམས་འབོར་གྱི་བྱ་དགའ་བཅས་ཐོབ་མཁན་རྫོང(ཆུས)ཁག་གི་འགྲན་ཞུགས་འཐུས་མིར་བྱ་དགའི་ལག་ཁྱེར་སྤྲད་པ་རེད།
ཝང་ཧུའེ་ཡིས་ཤིས་ཚིག་སྒྲོན་སྐབས། ལྷ་སའི་ཞིང་འབྲོག་པའི་ལུས་རྩལ་འགྲན་ཚོགས་སྐབས་དང་པོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོགས་ཚུན་རང་གྲོང་གིས་གཉེར་བའི་གཞི་ཁྱོན་ཆེ་ཤོས་དང་ཕྱོགས་བསྡུས་རང་བཞིན་ལྡན་ཤོས་ཀྱི་ལུས་རྩལ་འགྲན་ཚོགས་ཤིག་ཡིན་ཞིང་། རང་གྲོང་གི་ཞིང་འབྲོག་པའི་བསམ་པའི་ཉམས་འགྱུར་ལེགས་པར་མངོན་པ་དང་། བོད་ཀྱི་སྲོལ་རྒྱུན་ལུས་རྩལ་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་ལྷ་སའི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་ཀྱི་ནང་དོན་མངོན་ཡོད་པས། དེ་ནི་ལུས་རྩལ་གྱི་འདུ་ཚོགས་གཟབ་རྒྱས་ཤིག་དང་རིག་གནས་ཀྱི་འདུ་ཚོགས་གཟབ་རྒྱས་ཤིག་ཡིན་པར་མ་ཟད། མཐུན་སྒྲིལ་གྱི་འདུ་ཚོགས་གཟབ་རྒྱས་ཤིག་དང་མཛའ་གྲོགས་ཀྱི་འདུ་ཚོགས་གཟབ་རྒྱས་ཤིག་ཀྱང་ཡིན། སླད་ཕྱིན། རིམ་ཁག་སྡེ་ཚན་གྱིས་ལྷ་སའི་ཞིང་འབྲོག་པའི་ལུས་རྩལ་འགྲན་ཚོགས་སྐབས་དང་པོ་དེ་འགོ་འཛུགས་ས་གསར་པར་བྱས་ནས་དམངས་ཡོངས་ལུས་སྦྱོང་གི་རྒྱལ་ཁབ་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ། ཆུ་ཚད་དེ་བས་མཐོ་བའི་དམངས་ཡོངས་ལུས་སྦྱོང་གི་སྤྱི་པའི་ཞབས་ཞུའི་མ་ལག་མགྱོགས་མྱུར་བསྐྲུན་དགོས་པ་དང་། ཞིང་འབྲོག་པ་དེ་བས་མང་བ་ལུས་རྩལ་ལ་ཞུགས་ནས་ལུས་རྩལ་གྱི་ཚ་རླབས་ཤིག་འཕྱུར་བར་བྱེད་དགོས། ལྷ་སའི་རིམ་ཁག་རིག་གནས་ཡུལ་སྐོར་ལུས་རྩལ་སྡེ་ཚན་གྱིས་མང་ཚོགས་ཀྱི་ལུས་རྩལ་དགོས་མཁོར་དོ་སྣང་བྱེད་པ་དང་། ལུས་སྦྱོང་ཡོ་བྱད་འཐུས་ཚང་དུ་གཏོང་བ། ཁྱད་ཆོས་ལྡན་པའི་ལུས་རྩལ་བྱེད་སྒོ་སྒྲིག་འཛུགས་བྱེད་པ། དམངས་ཡོངས་ཀྱི་ལུས་སྦྱོང་ལ་སྐུལ་འདེད་གཏོང་བ། ལུས་རྩལ་དེ་ནི་རྒྱ་ཆེའི་ཞིང་འབྲོག་པའི་འཚོ་བ་སྐྱེལ་སྟངས་ཤིག་ཏུ་འགྱུར་རྒྱུར་ཁྲིད་སྟོན་བྱེད་པ། ལུས་རྩལ་ཁྲོད་དགའ་ཕྱོགས་སྐྱོང་ཞིང་གཟུགས་གཞི་ཡག་ཏུ་གཏོང་བ་དང་སྤྲོ་སྣང་ལོངས་སུ་སྤྱོད་རྒྱུ་རྒྱུན་འཁྱོངས་བཅས་བྱས་ཏེ། རང་གྲོང་གི་ལུས་རྩལ་བྱ་གཞག་ལ་རྣམ་པ་གསར་པ་གཏོད་དགོས་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ལྷ་ས་གསར་པ་འཛུགས་སྐྲུན་བྱེད་པར་ལུས་རྩལ་གྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ཞེས་གསུངས་པ་རེད།
(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社