分享按钮

ས་ཞིང་གྲོན་ཆུང་དང་ལེགས་བསྡུས་ཞིབ་གཉེར་བྱས་ནས་རྨོ་ཞིང་གི་དམར་ཐིག་ནན་སྲུང་བྱེད་པ།

2024ལོའི“རྒྱལ་ཡོངས་ས་ཞིང་ཉིན་མོའི”གཙོ་དོན་དྲིལ་བསྒྲགས་བྱེད་སྒོ་རང་གྲོང་དུ་སྤེལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་6ཚེས་25ཉིན་ནི“རྒྱལ་ཡོངས་ས་ཞིང་ཉིན་མོ”ཐེངས་34པ་ཡིན་ཞིང་།ཟླ་6ཚེས་25ཉིན། ལྗོངས་རང་བྱུང་ཐོན་ཁུངས་ཐིང་གིས་ལྷ་ས་གྲོང་ཁྱེར་རང་བྱུང་ཐོན་ཁུངས་ཅུས་དང་མཉམ་འབྲེལ་བྱས་ནས“ས་ཞིང་གྲོན་ཆུང་དང་ལེགས་བསྡུས་ཞིབ་གཉེར་བྱས་ནས་རྨོ་ཞིང་གི་དམར་ཐིག་ནན་སྲུང་བྱེད”ཅེས་པ་གཙོ་དོན་དུ་བྱས་པའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཡོད།

བྱེད་སྒོའི་ཁྲོད། ལྗོངས་རང་བྱུང་ཐོན་ཁུངས་ཐིང་གིས་ལྷ་ས་གྲོང་ཁྱེར་རང་བྱུང་ཐོན་ཁུངས་ཅུས་དང་མཉམ་འབྲེལ་བྱས་ཏེ་གཡུ་ཐོག་ལམ་དུ་དྲིལ་བསྒྲགས་ས་ཚིགས་བཙུགས་པ་དང་། དྲིལ་བསྒྲགས་འགྲེམས་པང་16བཀོད་སྒྲིག་བྱས་པ། དྲིལ་བསྒྲགས་དཔྱད་གཞི་ཁག་1000ལྷག་ཙམ་སྤྲད་པ། ས་ཞིང་སྤྱོད་པའི་སྲིད་ཇུས་ཀྱི་བློ་འདྲི་ཐེངས་10ལྷག་ཙམ་དང་ལེན་བཅས་བྱས་ཡོད། དྲིལ་བསྒྲགས་ཀྱི་ཁྲོད་དུ་ས་ཞིང་དོ་དམ་གྱི་བཅའ་ཁྲིམས་དང་། གྲོང་གསེབ་ཏུ་རྨོ་ཞིང་གང་བྱུང་དུ་བཟུང་ནས་ཁང་པ་བསྐྲུན་མི་ཆོག་པའི་དོན་ཚན་བརྒྱད།ས་གཤིས་ཀྱི་གནོད་འཚེ་འགོག་བཅོས། རྨོ་ཞིང་དང་ཡུན་རིང་གི་མ་ཞིང་སྲུང་སྐྱོང་གི་སྲིད་ཇུས། གཏེར་ཁའི་ཐོན་ཁུངས་དོ་དམ་གྱི་སྒྱུར་བཅོས་སྲིད་ཇུས།རང་བྱུང་ཐོན་ཁུངས་ཁྱབ་ཁོངས་ཀྱི་ཐོན་སྐྱེད་བདེ་འཇགས་སྐོར་གྱི་སྲིད་ཇུས་སོཊ་ཀྱི་ནང་དོན་ཚུད་ཡོད།

གྲོང་མི་རིན་ཆེན་ཆོས་འཕེལ་གྱིས་དེ་རིང་གི་དྲིལ་བསྒྲགས་བྱེད་སྒོ་བརྒྱུད།ངས་ས་ཞིང་དང་འབྲེལ་བ་ཡོད་པའི་སྲིད་ཇུས་ཤེས་རྟོགས་བྱུང་བས་སླད་ཕྱིན་རང་བྱུང་ཐོན་ཁུངས་ལ་གཅེས་སྤྲས་བྱེད་པའི་བྱ་སྤྱོད་ནང་ཧུར་ཐག་ཞུགས་རྒྱུ་ཡིན་ཞེས་བཤད།

ད་ཐེངས་ཀྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་བརྒྱུད།རྒྱ་ཆེའི་གྲོང་མི་མང་ཚོགས་ཀྱིས་རྨོ་ཞིང་ལ་སྲུང་སྐྱོང་དང་རང་བྱུང་ཐོན་ཁུངས་ལ་གཅེས་སྤྲས་བྱེད་པའི་འདུ་ཤེས་སྔར་བས་ཟབ་ཏུ་ཕྱིན་པ་དང་།ཚང་མས་རང་བྱུང་ཐོན་ཁུངས་ཀྱི་འབྲེལ་ཡོད་སྲིད་ཇུས་དང་བཅའ་ཁྲིམས་ཁྲིམས་སྲོལ་ཐད་ཤེས་རྟོགས་བྱེད་ཤུགས་ཆེ་རུ་ཕྱིན་ཡོད། ཕྱིས་འབྱུང་།འབྲེལ་ཡོད་ཚན་པས་ད་ཐེངས་ཀྱི་གཙོ་དོན་དྲིལ་བསྒྲགས་བྱེད་སྒོ་གོ་སྐབས་སུ་བྱས་ནས“ས་ཞིང་གྲོན་ཆུང་དང་ལེགས་བསྡུས་ཞིབ་གཉེར་བྱས་ནས་རྨོ་ཞིང་གི་དམར་ཐིག་ནན་སྲུང་བྱེད”ཅེས་པའི་གཙོ་དོན་དེ་རང་བྱུང་ཐོན་ཁུངས་ལས་དོན་གྱི་ལྷུ་ཚིགས་ཁག་ཏུ་ཁྱབ་པར་བྱ་རྒྱུ་ཡིན་ཞེས་བཤད།

ལྗོངས་རང་བྱུང་ཐོན་ཁུངས་ཐིང་གི་རྒྱལ་ཁབ་ས་ཆའི་སྤྱོད་སྒོ་དོ་དམ་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་སྟོབས་ཆེན་གྱིས་ལྷ་སར་རི་ཁུལ་མང་ཞིང་། ས་ཁོད་སྙོམས་པོ་མེད་པའི་ཁར་བེད་སྤྱོད་ཆོག་པའི་ས་ཆ་དེ་བས་ཉུང་བས། རི་ཁུག་གི་ས་ཁོད་སྙོམས་པོ་དེ་དཔལ་འབྱོར་འཕེལ་རྒྱས་ཀྱི་ས་ཁོངས་གཙོ་བོར་གྱུར་ཡོད་ལ་རྨོ་ཞིང་སྲུང་སྐྱོང་གི་ས་ཁོངས་གཙོ་བོར་ཡང་གྱུར་ཡོད།ད་ཐེངས་ཀྱི་བྱེད་སྒོ་སྤེལ་བའི་དམིགས་ཡུལ་ནི་སྤྱི་ཚོགས་ཡོངས་ཀྱིས་རི་དང་།ཆུ། ནགས་ཚལ། ཞིང་ཁ། མཚོ་དང་མཚེའུ། རྩྭ་ཐང་བཅས་ནི་ཚེ་སྲོག་གཅིག་མཐུན་ཚོགས་པ་ཡིན་པའི་ངོས་འཛིན་ཟབ་ཏུ་གཏོང་རྒྱུ་དང་།སྤྱི་ཚོགས་ལས་རིགས་ཁག་གིས་རང་བྱུང་ཐོན་ཁུངས་ལ་མཉམ་དུ་དོ་ཁུར་བྱ་རྒྱུའི་འབོད་སྐུལ་བྱས་ཏེ་དམངས་ཡོངས་ཀྱིས་རྨོ་ཞིང་ལ་སྲུང་སྐྱོང་དང་།ཁྲིམས་ལྟར་ས་ཞིང་སྤྱོད་པ། གྲོན་ཆུང་དང་ལེགས་བསྡུས་ཞིབ་གཉེར་གྱིས་ས་ཞིང་སྤྱོད་པ་བཅས་ཀྱི་རང་རྟོགས་རང་བཞིན་ཆེ་རུ་གཏོང་རྒྱུ་དེ་རེད་ཅེས་བཤད། (བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-28 2024ལོའི“རྒྱལ་ཡོངས་ས་ཞིང་ཉིན་མོའི”གཙོ་དོན་དྲིལ་བསྒྲགས་བྱེད་སྒོ་རང་གྲོང་དུ་སྤེལ་བ། 6 6 拉萨日报藏文 c183383.html 1 ས་ཞིང་གྲོན་ཆུང་དང་ལེགས་བསྡུས་ཞིབ་གཉེར་བྱས་ནས་རྨོ་ཞིང་གི་དམར་ཐིག་ནན་སྲུང་བྱེད་པ། /enpproperty-->