分享按钮

ཞི་ཅིན་ཕིང་གིས་ཕུལ་བྱུང་གི་སྲོལ་རྒྱུན་དར་སྤེལ་དང་ཁྱད་ལྡན་བཟང་ཆ་འདོན་སྤེལ་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་ཧྲེ་རིགས་ཀྱི་ཕ་ས་ཅིང་ཉིང་གོང་འཕེལ་གྱི་ལེའུ་གསར་པ་རྩོམ་དགོས་ཞེས་ནན་གསུངས་གནང་བ།

(པར་ངོས་དང་པོར་མཐུད)ཅིང་ཉིང་ཧྲེ་རིགས་རང་སྐྱོང་རྫོང་ནི་1984ལོར་བཙུགས་ཤིང་། རྒྱལ་ཡོངས་ཀྱི་ཧྲེ་རིགས་རང་སྐྱོང་རྫོང་ཉག་ཅིག་དེ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀྲེ་ཅང་དུ་ཕྱག་ལས་གནང་དུས་ཅིང་ཉིང་དེ་གཞི་རིམ་ལས་དོན་སྒྲུབ་པའི་འབྲེལ་གཏུགས་བྱེད་གནས་གནང་མྱོང་བ་དང་། ཀྲུང་དབྱང་དུ་ཕྱག་ལས་གནང་བར་ཕེབས་རྗེས་ཅིང་ཉིང་གི་གོང་འཕེལ་ཐད་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་མྱོང་ཡོད། ཉེ་དུས། ཅིང་ཉིང་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་རྫོང་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱི་ཚབ་ཞུས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ཏེ། རྫོང་བཙུགས་ནས་ལོ་ངོ་40འཁོར་རིང་དང་ལྷག་དོན་དུ་དུས་རབས་གསར་པ་ཤར་ཚུན་བྱ་གཞག་ཁག་ལ་ཐོབ་པའི་གྲུབ་འབྲས་སྙན་སེང་ཞུས་ཡོད་པ་དང་། དྲིན་ཚོར་གྱི་བསམ་པས་འབད་འཐབ་བྱ་རྒྱུ་དང་མི་རིགས་ས་ཁུལ་གྱི་ཐུན་མོང་ཕྱུག་འགྱུར་སྔོན་སྐྱོད་དཔེ་སྟོན་བརྩོན་ལེན་བྱ་རྒྱུའི་ཆོད་སེམས་མཚོན་པར་བྱས་པ་རེད།

(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-28 6 6 拉萨日报藏文 c183382.html 1 ཞི་ཅིན་ཕིང་གིས་ཕུལ་བྱུང་གི་སྲོལ་རྒྱུན་དར་སྤེལ་དང་ཁྱད་ལྡན་བཟང་ཆ་འདོན་སྤེལ་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་ཧྲེ་རིགས་ཀྱི་ཕ་ས་ཅིང་ཉིང་གོང་འཕེལ་གྱི་ལེའུ་གསར་པ་རྩོམ་དགོས་ཞེས་ནན་གསུངས་གནང་བ། /enpproperty-->