分享按钮

(པར་ངོས་དང་པོར་མཐུད)ཐོན་ལས་འཕེལ་རྒྱས་ལ་དམ་འཛིན་བྱས་ཏེ། ཐོན་ལས་ལ་བརྟེན་ནས་གྲོང་ཁྱེར་སྟོབས་ཆེར་གཏོང་བའི་རྩ་དོན་གཡོ་འགུལ་མེད་པར་མཐའ་འཁྱོངས་བྱས་ནས། གྲངས་འཛིན་ཅན་དུ་ཕྱོགས་སྒྱུར་བྱེད་པ་དང་རིག་ནུས་ཅན་དུ་རིམ་སྤོར་བྱ་རྒྱུར་དམིགས་ནས། རྣམ་གྲངས་ལམ་ལུགས་ཀྱི་དོ་དམ་དང་སྦྲེལ་ཐག་ལམ་ལུགས་ཀྱི་འགན་འཁྲི་དོན་འཁྱོལ་བྱས་ཏེ། ལྷ་སའི་ཁྱད་ཆོས་དང་ལེགས་ཆ་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་འཛུགས་དགོས།

སྐྱེ་ཁམས་སྲུང་སྐྱོང་ལ་དམ་འཛིན་བྱས་ཏེ། གང་ཞིག་སྒྲུབ་རུང་བ་དང་གང་ཞིག་སྒྲུབ་མི་རུང་བ་རྒྱུན་འཁྱོངས་བྱས་ནས་གཟེར་འདེབས་ཀྱི་སྙིང་སྟོབས་ཐོག་ནས་གྲོང་ཁྱེར་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཚོཊ་ཆེན་གྱི་བཀོད་སྒྲིག་ཁག་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ་ཆུ་ཚད་མཐོ་བའི་སྲུང་སྐྱོང་གི་དཔེ་མཚོན་གྱོད་དཔེ་དང་དཔེ་སྟོན་ཉམས་མྱོང་ཁག་གཅིག་ཆགས་པར་བྱེད་དགོས།

མི་རིགས་མཐུན་སྒྲིལ་ལ་དམ་འཛིན་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་རྒྱུ་གཙོ་རྐང་དུ་བྱས་ནས་མཚོ་བོད་མཐོ་སྒང་གི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་སྔར་བས་ཡག་པོ་བསྒྲུབས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་མོས་སེམས་ལྔ་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས།

དམངས་འཚོ་ལེགས་བཅོས་ལ་དམ་འཛིན་བྱས་ཏེ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོར་འཛུགས་དགོས། དམངས་ཀྱི་འདོད་བློ་དང་བསྟུན་ཞིང་དམངས་འཚོར་ཕན་པའི་དོན་དངོས་མང་ཙམ་བསྒྲུབ་དགོས། འཕྲལ་མཁོ་དང་། དཀའ་གནད། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་མང་ཙམ་ཐག་གཅོད་བྱས་ཏེ། འཕེལ་རྒྱས་ཀྱི་གྲུབ་འབྲས་དངོས་དེ་དམངས་ཀྱི་འདོད་བློ་དང་སྔར་ལས་མཐུན་པར་བྱས་ནས་དམངས་འཚོའི་ཐད་ཀྱི་རྒྱུགས་ལན་ཡག་པོ་ཞིག་འབུལ་དགོས།

ཤའོ་ཡིའུ་ཚའེ་ཡིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཚན་རྩལ་ཚོགས་ཆེན་དང་། རྒྱལ་ཁབ་ཚན་རྩལ་བྱ་དགའི་ཚོགས་ཆེན། ཁང་གཉིས་ཀྱི་ཡོན་ཧྲིའི་ཚོགས་ཆེན་བཅས་ཐོག་གནང་བའི་གསུང་བཤད་གལ་ཆེན་ནང་དུས་རབས་གསར་པའི་ཚན་རྩལ་བྱ་གཞག་འཕེལ་རྒྱས་ཀྱི་ཉམས་མྱོང་གལ་ཆེན་ལ་ཕྱོགས་སྡོམ་གཏིང་ཟབ་བྱས་པ་དང་། དུས་བབ་གསར་པའི་འོག་ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་མགྱོགས་མྱུར་བྱེད་པའི་ལས་འགན་གཙོ་བོ་བརྒྱུད་རིམ་ལྡན་པའི་སྒོ་ནས་གསལ་བཤད་བྱས་ནས་དུས་རབས་གསར་པའི་ཚན་རྩལ་ལས་དོན་ཡག་པོ་བསྒྲུབ་ཆེད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་བྱས་ཡོད། ང་ཚོས་དགོས་གཏུག་གི་བསམ་པ་སྔར་བས་ཆེ་རུ་བཏང་ནས་སྟེགས་བུ་དང་། ལག་རྩལ། ཁེ་ལས། ཤེས་ལྡན་པ། ཐོན་ལས་བཅས་ལ་དམིགས་ནས་བཀོལ་སྤྱོད་བྱེད་ཆོག་པ་དང་། དོན་འཁྱོལ་བྱེད་སླ་བ། ཕན་འབྲས་ཐོན་ཐུབ་པ་བཅས་ཀྱི་སྲིད་ཇུས་དང་བྱེད་ཐབས་ཁག་ཅིག་གོ་རིམ་ལྡན་པའི་སྒོ་ནས་ཇུས་འགོད་བྱེད་དགོས།

ཤའོ་ཡིའུ་ཚའེ་ཡིས་བསྟན་དོན། གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་ཐོག་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་རྒྱུ་དང་།གྲོང་གསེབ་དར་རྒྱས་གཏོང་རྒྱུར་ཕན་པའི་འབྲེལ་མཐུད་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་ནན་ཏན་བྱས་ནས་ལག་ལེན་མཐར་ཕྱིན་བསྟར་ཏེ། ཕྱོགས་གཅིག་ནས་ལས་ཞུགས་བརྟན་པོ་དང་། ཕྱོགས་གཞན་ཞིག་ཐོན་ལས་དར་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ནས་འགུལ་རྣམ་ལྟ་ཞིབ་ཚད་ལེན་དང་། རོགས་སྐྱོར་བྱ་ཐབས་ལེགས་སུ་གཏོང་བ། ཐོན་ལས་ལེགས་སུ་གཏོང་རྒྱུ་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། འབྲེལ་མཐུད་བརྟན་པོ་ཡོང་བ་དང་གྲོང་གསེབ་དར་རྒྱས་གཏོང་རྒྱུ་སྔར་བས་གསོན་ཤུགས་ལྡན་པར་བྱས་ནས་གཞི་ཁྱོན་ཅན་གྱི་དབུལ་ཕོངས་སུ་མི་ལོག་པའི་མ་མཐའི་མཚམས་ཐིག་བརྟན་པོར་བསྲུང་དགོས།

ཤའོ་ཡིའུ་ཚའེ་ཡིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་དམག་དོན་ཨུ་ལྷན་གྱི་ཆབ་སྲིད་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་ཆབ་སྲིད་ཀྱི་སྣེ་ཁྲིད་ནུས་པ་དང་ལག་ལེན་གྱི་མཛུབ་ཁྲིད་ནུས་པ་ཆེན་པོ་ལྡན་ཡོད། ལྷ་སའི་ཉེན་ཟོན་དམག་ཁུལ་ཁང་དང་རིམ་ཁག་མི་དམངས་དྲག་ཆས་པུའུ་ཡིས་དུས་དང་རྣམ་པ་ཀུན་ཏུ་ཆབ་སྲིད་ཐོག་ནས་དམག་དཔུང་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ནས་ཆབ་སྲིད་ཀྱི་ནུས་པ་སྦྱོང་བརྡར་བྱེད་པའི་ཚ་རླབས་ཕྱོཊ་ཡོངས་ནས་འཕྱུར་བར་བྱས་ཏེ་སྐོང་འཕྲལ་སླེབས་པ་དང་། སླེབས་ཚེ་འཐབ་ཐུབ་པ། འཐབ་ཚེ་རྒྱལ་ཐུབ་པ་བཅས་ཀྱི་དཔུང་ཁག་སྟོབས་ལྡན་ཞིག་བསྐྲུན་དགོས།

ཤའོ་ཡིའུ་ཚའེ་ཡིས་བསྟན་དོན། འབྲུབ་འགོག་གེགས་སེལ་ནི་བྱ་བ་ཆུང་ཆུང་ཞིག་མིན། གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་དུས་དང་རྣམ་པ་ཀུན་ཏུ་སྔོན་འགོག་ཡག་པོ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། གནམ་གཤིས་ལ་དོ་ཁུར་དང་གཙོ་གནད་ས་ཆར་ལྟ་ཞིབ་ནན་པོ་བྱས་ཏེ། དུས་མཚམས་ཡོངས་ཀྱི་གནོད་འཚེ་ལྟ་ཞིབ་ཚད་ལེན་དང་།སྔོན་ཚུད་ནས་ཉེན་བརྡ་གཏོང་བ་དང་བརྒྱུད་རིམ་ཡོངས་ཀྱི་ཉེན་ཁ་དང་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས། མི་རིགས་ཁག་གི་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས།

ཤའོ་ཡིའུ་ཚའེ་ཡིས་བསྟན་དོན། ལྷ་སའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། དངོས་སྒྲུབ་ཀྱི་བྱེད་ཐབས་སྤྱད་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་གསར་ཤོས་དོན་ཐོག་ཏུ་འཁྱོལ་ཐུབ་པའི་འགན་ལེན་བྱེད་དགོས། ལྟ་སྐུལ་དོ་དམ་ལམ་ལུགས་ཀྱི་ཞན་ཆ་མགྱོགས་མྱུར་ངང་ཁ་གསབ་བྱས་ནས་ལྟ་སྐུལ་དོ་དམ་དང་ཁྲིམས་འཛིན་གྱི་ཕན་ནུས་ཁྱོན་ཡོངས་ནས་ཆེ་རུ་གཏོང་བ་དང་། དོ་དམ་དང་ནན་པོ་བྱེད་ཕོད་པ། དངོས་སུ་དོ་དམ་དང་དངོས་སུ་ནན་པོ་བྱེད་ཕོད་པ། དངུལ་རྩའི་ཉེན་ཁ་ཚབས་ཆེན་སྔོན་འགོག་དང་སེལ་ནུས་པ། གོ་རིམ་ལྟར་ཚད་ལྡན་མིན་པའི་ཏང་ཡོན་ཐག་གཅོད་བྱས་ཏེ། ཏང་ཡོན་དཔུང་ཁག་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་ལ་ནམ་ཡང་སྲུང་འཛིན་བྱེད་དགོས། དོ་དམ་ནན་པོ་དང་བརྩེ་སེམས་ཟུང་འབྲེལ་བྱེད་པ་དང་། སྐུལ་ལྕག་དང་ཚོད་འཛིན་གལ་ཆེ་མཉམ་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། སྦྲེལ་ཐག་ཡོངས་ནས་གསོ་སྐྱོང་དང་དུས་འཁོར་ཡོངས་ནས་དོ་དམ་བྱ་རྒྱུ་མངོན་གསལ་དོད་དུ་བཏང་ནས་བྱང་ཚད་མཐོ་ཞིང་ཆེད་ལས་ཅན་གྱི་གཞུང་ཞབས་པའི་དཔུང་ཁག་ཅིག་མགྱོགས་མྱུར་ངང་གསོ་སྐྱོང་བྱེད་དགོས། དུས་རྒྱུན་ནས་སྲོལ་ཡིག་ལ་སློབ་སྦྱོང་དང་གྱོད་དཔེ་བརྒྱུད་ནས་སློབ་གསོ་གཏོང་རྒྱུ་དམ་འཛིན་ཡག་པོ་བྱས་ཏེ་ཞིབ་བསྡུར་ཞིབ་བཤེར་དང་། ཞིབ་བཤེར་ནན་ཏན་བྱས་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས།

ཤའོ་ཡིའུ་ཚའེ་ཡིས་བསྟན་དོན། ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་གནང་བའི་ཉེ་དུས་ཀྱི་འབྲེལ་ཡོད་གསུང་བཤད་ཀྱི་དགོངས་དོན་ནང་ཉེན་བརྡའི་སློབ་གསོ་དང་། འབྲུ་རིཊ་བདེ་འཇཊ། འཕྲལ་སྡོམ་རོཊ་སྐྱོབ་སོཊ་ཀྱི་ལས་དོན་ལ་བཀོད་སྒྲིག་གསར་པ་དང་བླང་བྱ་གསར་པ་བཏོན་ཡོད། གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་དམིགས་ཚད་གཏན་འཁེལ་བྱས་ཏེ་གཙོ་གནད་ལ་དམིཊ་པ་དང་། འགག་རྩ་འབུར་དུ་ཐོན་པར་བྱས་ནས་དུས་ཚོད་སྐར་ཆ་ཙམ་ཡང་འཕྲོ་བརླག་ཏུ་མ་བཏང་བར་མྱུར་ཚད་ཐད་བརྩོན་ལེན་བྱེད་པ་དང་། ནུས་ཤུགས་ཡོད་རྒུས་དོན་འཁྱོལ་ལ་དམ་འཛིན་བྱས་ནས་ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་ཞིག་འདིང་དགོས།

ཤའོ་ཡིའུ་ཚའེ་ཡིས་བསྟན་དོན། ཕྱོགས་བསྡུས་དཔྱད་ཞིབ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་དང་། ལས་བྱེད་པས་འགན་ཁུར་རྒྱུར་སྐུལ་མ་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཀྱང་རེད། རིམ་པ་ཁག་དང་ཚན་པ་ཁག་གིས་ཚད་མཐོའི་མཐོང་ཆེན་དང་། འགན་འཁྲི་ཏན་ཏིག་ཁུར་ནས་དམིགས་ཚད་དང་བསྡུར་བ་བྱས་ནས་ངོ་བོ་གཏན་འཁེལ་བྱས་ཏེ་དབྱེ་ཞིབ་དང་། གྲངས་ཚད་གཏན་འཁེལ་བྱས་ནས་དཔྱད་དཔོག དུས་ཚོད་གཏན་འཁེལ་བྱས་ནས་བརྟག་དཔྱད་བཅས་བྱས་ཏེ། དོན་ཚན་རེ་རེ་བཞིན་སྐྱོན་ཆ་འཚོལ་ཞིབ་དང་། སྐྱོན་ཆ་གསབ་པ། ལས་དོན་ལེགས་བཅོས་བཅས་བྱས་ནས་ད་ལོའི་ཕྱོགས་བསྡུས་དཔྱད་ཞིབ་དེ་ལྗོངས་ཡོངས་ཀྱི་ཨང་དང་པོར་སླེབས་གང་ཐུབ་བྱེད་དགོས།

ཚོགས་འདུའི་ཐོག་ད་དུང་དོན་དག་གཞན་དག་ལའང་ཞིབ་འཇུག་བྱས་པ་རེད།

(པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-27 6 6 拉萨日报藏文 c183324.html 1 /enpproperty-->