(པར་ངོས་དང་པོར་མཐུད)རྒྱལ་སྤྱིའི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་འཇིག་རྟེན་འཕུར་སྐྱོད་སྟོབས་ལྡན་རྒྱལ་ཁབ་ཀྱི་དམིགས་ཚད་ཕྱོགས་སུ་བློ་སྟོབས་ཆེན་པོས་མདུན་སྐྱོད་བྱས་ནས་འཇིག་རྟེན་གྱི་གསང་བ་འཚོལ་ཞིབ་དང་མིའི་རིགས་ཀྱི་བདེ་སྐྱིད་ཆེ་རུ་གཏོང་ཆེད་བྱས་རྗེས་གསར་པ་འཇོག་པ་དང་།ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་ཆེན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བར་ལེགས་སྐྱེས་གསར་པ་འབུལ་རྒྱུའི་རེ་བ་ཡོད་ཅེས་ནན་གསུངས་གནང་བ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཤུའེ་ཞང་གིས་པེ་ཅིང་འཇིག་རྟེན་འཕུར་སྐྱོད་ཚོད་འཛིན་ལྟེ་གནས་སུ་ཟླ་བའི་ལྷ་མོ་དྲུག་པའི་ལས་འགན་ཕྱིར་ལོག་ཡོ་བྱད་ས་ཐོག་ཏུ་བབས་ནས་ཚུར་བསྡུའི་གནས་ཚུལ་ལ་གཟིགས་ཞིབ་གནང་བ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་གོ་ཆིང་གིས་ཡུལ་དངོས་སུ་ཞི་ཅིན་ཕིང་གི་རྟེན་འབྲེལ་གློག་འཕྲིན་སྒྲོག་སྦྱངས་གནང་བ་རེད།
ཟླ་བའི་ལྷ་མོ་དྲུག་པའི་ལས་འགན་འཕེན་གཏོང་བྱས་རྗེས་ཉིན་53དང་འཕུར་སྐྱོད་དུས་མཚམས་11བརྒྱུད་ཟླ་བའི་གོ་ལའི་ལྡོག་སྐྱོད་འཁོར་ལམ་ཇུས་འགོད་དང་ཚོད་འཛིན་དང་།ཟླ་བའི་རྒྱབ་ཀྱི་རིག་ནུས་མགྱོགས་མྱུར་དཔེ་ལེན་བྱེད་པ།ཟླ་བའི་རྒྱབ་ཕྱོཊ་སུ་འཕུར་སྐྱོད་སོཊ་འགག་རྩའི་ལག་རྩལ་ལས་བརྒལ་ནས་ཟླ་བའི་རྒྱབ་ཕྱོཊ་ཀྱི་ཟླ་བའི་གོ་ལའི་མ་དཔེ་ཐོག་མར་བླངས་པ་དང་འབྲེལ་རྒྱལ་སྤྱིའི་ཐེག་ཚད་4བླུགས་ནས་དངོས་གཉེར་ནུས་ཆེའི་རྒྱལ་སྤྱིའི་མཉམ་ལས་ཀྱང་བྱས་པ་རེད། (བུ་ཆུང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社