(པར་ངོས་དང་པོར་མཐུད)ལྷ་སའི་སྐྱིད་ཆུའི་ཆུ་རྒྱུན་གཙོ་བོའི་འབྱུང་ཁམས་བཅོས་སྐྱོང་གི་ལས་དོན་ལ་ཕན་ནུས་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་རྒྱུའི་འགན་ལེན་བྱེད་དགོས། ཆུ་ལམ་གཙང་སེལ་དང་། གྲོང་ཁྱེར་མཛེས་སྡུག་ལྡན་པ། གྲོང་མི་ཆུ་ལ་དགའ་བ་བཅས་ཀྱི་འབྱུང་ཁམས་བཅོས་སྐྱོང་གི་ལས་དོན་ཡག་པོ་བསྒྲུབས་ནས་ལྷ་སའི་སྐྱིད་ཆུའི་ཆུ་འབོར་མང་དུ་ཕྱིན་པ་དང་། ཆུ་སྤུས་ལེགས་སུ་ཕྱིན་པ། ཡུལ་ལྗོངས་མཛེས་སྡུག་ལྡན་པ་བཅས་བྱས་ཏེ། གྲོང་ཁྱེར་གྱི་འབྱུང་ཁམས་སྤུས་ཚད་དང་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་རྒྱུན་ཆད་མེད་པར་ལེགས་སུ་གཏོང་དགོས།
ཝང་ཆང་གིས་བསྟན་དོན། ལྷ་སའི་སྐྱིད་ཆུ་ནི་ལྷ་སའི་མི་དམངས་ཀྱི་མ་ཡུམ་གཙང་པོ་ཡིན་པ་དང་། ལྷ་སའི་སྐྱིད་ཆུའི་འབྱུང་ཁམས་བཅོས་སྐྱོང་ནི་བརྒྱུད་རིམ་ལྡན་པའི་ལས་གྲྭ་ཞིག་དང་དམངས་འཚོའི་ལས་གྲྭ་ཞིག་རེད། ལྗོངས་དང་གྲོང་ཁྱེར་གྱི་ཏང་ཨུད་དང་སྲིད་གཞུང་གིས་ལས་དོན་དེར་ཚད་མཐོའི་མཐོང་ཆེན་དང་སྐུལ་འདེད་གཏོང་གི་ཡོད་ཅིང་། རིམ་པ་ཁག་དང་ཚན་པ་ཁག་གིས་ཚུགས་གནས་མཐོ་རུ་གཏོང་བ་དང་། བསམ་བློ་གཅིག་གྱུར་བྱེད་པ། མཐུན་སྦྱོར་དང་ནུས་ཤུགས་འདོན་པ་བཅས་བྱས་ཏེ་ཚད་མཐོའི་འགན་འཁྲི་འཁུར་སེམས་དང་བྱ་གཞག་སྒྲུབ་སེམས་ཀྱི་ཐོག་ནས་ལས་གྲྭ་དེ་ཏན་ཏིག་ངང་བསྒྲུབ་དགོས།
ཁོང་གིས་ནན་གསུངས་གནང་དོན། ལྷ་སའི་སྐྱིད་ཆུའི་ཆུ་རྒྱུན་གཙོ་བོའི་འབྱུང་ཁམས་བཅོས་སྐྱོང་བྱེད་པར་ཕུགས་ལ་དམིགས་པ་དང་། ཡུན་རིང་འབད་བརྩོན། ཡུལ་བབ་དང་བསྟུན་ནས་རིགས་དབྱེ་སྟེ་བཅོས་སྐྱོང་བཅས་མཐའ་འཁྱོངས་བྱས་ཏེ། ཆུ་རྒྱུད་ཀྱི་ཁྱད་ཆོས་དང་། ནུས་པ། མཛེས་ལྗོངས། ཆུ་ལ་དགའ་བ། སྔོ་ལྗང་སོགས་ཐད་འབད་བརྩོན་བྱེད་དགོས། འབྲེལ་ཡོད་ཚན་པས་ཚན་རིག་དང་མཐུན་པའི་སྒོ་ནས་རྣམ་གྲངས་ཀྱི་ཇུས་གཞི་སྔར་བས་ལེགས་སུ་གཏོང་བ་དང་། རྣམ་གྲངས་འཆར་འགོད་ཐད་སྦྲེལ་མཐུད་ཡག་པོ་བྱེད་པ། རྣམ་གྲངས་ཀྱི་རྩིས་ཞིབ་ཚགས་དང་ཡང་དག་བྱེད་པ་བཅས་བྱས་ནས་རྣམ་གྲངས་ལག་བསྟར་ནུས་ལྡན་ཡོང་བའི་འགན་ལེན་བྱེད་དགོས། སྔོན་ལ་གྲོང་ཁྱེར་གྱི་འགག་རྩའི་ལྷུ་རིགས་ལ་བཅོས་སྐྱོང་བྱེད་པ་དང་། ཆུ་རྒྱུད་སྟོད་སྨད་ཀྱི་མཚམས་བཅོས་སྐྱོང་ཡག་པོ་བྱས་ཏེ། རིགས་དབྱེ་ནས་ལག་བསྟར་དང་། སྤྱི་ཡོངས་ནས་སྐུལ་འདེད་བཏང་སྟེ་ཡར་ཀླུང་གཙང་པོ་བཅོས་སྐྱོང་བྱ་རྒྱུ་དེ་སྤྱིའི་དགོངས་གཞིར་བྱེད་པ་དང་། ངོགས་གཉིས་སྔོ་འགྱུར་དང་མཛེས་བཟོ་བྱ་རྒྱུ་དེ་རམ་འདེགས་སུ་བྱས་ཏེ་བྱེ་རླུང་བཅོས་སྐྱོང་ནུས་ལྡན་བྱས་ནས་གྲོང་ཁྱེར་ཁུལ་གྱི་ཆུ་བོ་ཚང་མ་མཚེའུ་རུ་འགྱུར་བར་བྱེད་དགོས། ལྷ་སའི་སྐྱིད་ཆུའི་ཆུ་རྒྱུན་གཙོ་བོའི་འབྱུང་ཁམས་བཅོས་སྐྱོང་དེ་ཆུ་སྲུང་འཛིན་ལེགས་པའི་གྲོང་ཁྱེར་འཛུགས་སྐྲུན་དང་གྲོང་ཁྱེར་གསར་སྒྱུར་འཆར་འགོད་དང་ཕན་ཚུན་འབྲེལ་མཐུད་ནུས་ལྡན་བྱས་ཏེ། སྤུས་ཚད་མཐོ་བའི་ལྷ་སའི་སྐྱིད་ཆུའི་འབྱུང་ཁམས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་དགོས། ཆུ་རྒྱུད་སྟོད་སྨད་དང་ངོགས་གཉིས་སོགས་ཀྱི་འབྲེལ་བ་མཐུན་སྦྱོར་བྱེད་པའི་རྨང་གཞིའི་ཐོག ཆུ་ལོག་སྔོན་འགོག་དང་ཆུ་བོ་རྒྱུགས་ཚུལ་ལ་ཁྲིད་སྟོན། བྱེ་མ་འགོག་བཅོས་དང་སྐྱེ་ཁམས་ཉམས་གསོ། ས་ཆ་བེད་སྤྱོད་དང་ཐོན་ལས་འཕེལ་རྒྱས་བཅས་གཅིག་གྱུར་འཆར་འགོད་བྱས་ཏེ། ལྷ་སའི་སྐྱིད་ཆུའི་འབྱུང་ཁམས་བཅོས་སྐྱོང་དེ་ཁྲིམས་དང་མཐུན་པ་དང་། ནུས་ཤུགས་ཡོད་པ། གོ་རིམ་ལྡན་པ་བཅས་ཀྱི་སྒོ་ནས་སྐུལ་འདེད་གཏོང་བར་འགན་ལེན་ཏན་ཏིག་བྱས་ཏེ། ཆུ་དྭངས་བ་དང་། ངོགས་སྔོ་བ། ཆུ་བོ་ཤར་རྒྱུགས་ཐུབ་པ། ཡུལ་ལྗོངས་མཛེས་པ་བཅས་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བར་བྱེད་དགོས། དམངས་སྲོལ་ལ་བརྩི་འཇོག་དང་། ཆུ་ལ་དགའ་བའི་བར་མཐོངས་གཏོད་པ། བོད་ཀྱི་དམངས་སྲོལ་དང་བཅོས་སྐྱོང་འཆར་འགོད་ཟུང་འབྲེལ་ཡག་པོ་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཆུ་ལ་དགའ་བའི་རིག་གནས་ཀྱི་དགོས་མཁོ་དང་འཚོ་བའི་དགོས་མཁོ་སྐོང་དགོས།
གྲོང་སྤྱི་གཞོན་པ་བཀྲ་ཤིས་དཔལ་སྒྲོན་ཚོགས་འདུར་ཞུགས་པ་རེད། (པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社