分享按钮

གོ་ལ་ཧྲིལ་པོའི་གྲངས་འཛིན་དཔལ་འབྱོར་ཚོཊ་ཆེན་གྱི་ལྷ་སའི་མཐོ་རིམ་གླེང་སྟེཊ་ཀྱི་གྲ་སྒྲིག་ལས་དོན་ཁྱོན་ཡོངས་ནས་སྤེལ་འགོ་ཚུཊ་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར་2024ལོའི་གོ་ལ་ཧྲིལ་པོའི་གྲངས་འཛིན་དཔལ་འབྱོར་ཚོགས་ཆེན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། གསར་འགྱུར་མགྲིན་ཚབ་པ་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་དྲུང་ཆེ་གཞོན་པ་ཞུས་ཕེང་ཧྥེས་ཡོངས་བསྒྲགས་ཚོགས་འདུའི་ཐོག་ལྷ་སའི་མཐོ་རིམ་གླེང་སྟེགས་གྲ་སྒྲིག་གི་འཕེལ་རིམ་དང་ས་ཁུལ་འདི་གའི་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་འགྲོ་ཚུལ་ངོ་སྤྲོད་གནང་བ་རེད།

2024ལོའི་གོ་ལ་ཧྲིལ་པོའི་གྲངས་འཛིན་དཔལ་འབྱོར་ཚོགས་ཆེན་གྱི་ལྷ་སའི་མཐོ་རིམ་གླེང་སྟེགས་དེ་ཟླ་7པའི་ཟླ་མཇུག་ཏུ་ལྷ་སར་གཟབ་རྒྱས་ངང་འཚོག་རྒྱུ་ཡིན་ཞིང་། གཙོ་དོན་ནི་གྲངས་འཛིན་འབྲེལ་ཟམ་གྱིས་ཧི་མ་ལ་ཡ་བརྒལ་ཞེས་པ་དེ་ཡིན།ནང་དོན་གཙོ་བོ་ནི་པེ་ཅིང་གིས་ལྷ་སར་འོད་སྣང་སྦྱིན་ཞེས་པར་གཏན་འཁེལ་བྱས་ཡོད། གླེང་སྟེགས་ཐོག་འགོ་ཚུགས་མཛད་སྒོ་དང་། གླེང་སྟེགས་གཙོ་བོ། ཡན་ལག་གླེང་སྟེགས་ཐེངས་3བཅས་གཉེར་རྒྱུ་ཡིན་པ་དེའི་ནང་གྲངས་འཛིན་དཔལ་འབྱོར་ཁུལ་གྱིས་ཐོན་སྐྱེད་ནུས་ཤུགས་གསར་པ་གཏོད་རྒྱུ་དང་། གྲངས་འཛིན་རིག་གནས་ཡུལ་སྐོར་གྱིས་ཡུལ་ཁོངས་ཡུལ་སྐོར་ལ་རམ་འདེགས། གྲངས་གཞིས་དངུལ་རྩའི་ཚོང་དོན་ཁུལ་སྟོབས་ཆེར་གཏོང་རྒྱུ་སོགས་ཚུད་ཡོད། སྐབས་དེར་རྒྱལ་ནང་གི་གྲགས་ཅན་རིགས་གཅིག་མཁས་ཅན་དང་མཁས་དབང་དང་ཕུལ་བྱུང་གྲངས་འཛིན་དཔལ་འབྱོར་ཁེ་ལས་ལྷ་སར་འཛོམས་ནས་ས་མཐོའི་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་འགྲོ་ལམ་ལ་ཐུན་མོང་ཐོག་གྲོས་བསྡུར་བྱ་རྒྱུ་ཡིན་པ་རེད།

ཞུས་ཕེང་ཧྥེས་ཡོངས་བསྒྲགས་ཚོགས་འདུའི་ཐོག་ལྷ་སས་རིམ་པ་མཐོ་བའི་འཐུས་མི་ཚོགས་པ་བཙུགས་ནས་2024ལོའི་གོ་ལ་ཧྲིལ་པོའི་གྲངས་འཛིན་དཔལ་འབྱོར་ཚོགས་ཆེན་གྱི་འགོ་ཚུགས་མཛད་སྒོ་དང་2024ལོའི་ཤར་ནུབ་རྒྱུད་ཀྱི་གྲངས་འཛིན་དཔལ་འབྱོར་གྱི་ངོ་ཐུག་གདོང་འཕྲད་བྱེད་སྒོ་སོགས་ནང་ཞུགས་རྒྱུ་ཡིན་ཞེས་བཤད། ཡོངས་བསྒྲགས་ཚོགས་འདུའི་ཐོག་ད་དུང་ཉེ་བའི་ལོ་ཤས་རིང་ལྷ་སར་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཐད་ཐོབ་པའི་གྲུབ་འབྲས་རབ་དང་རིམ་པར་ཕྱིར་དྲན་བྱས་ནས་སྤྱི་པའི་ཞབས་ཞུའི་གྲངས་འཛིན་ཅན་གྱི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་དང་། སྲིད་དོན་ཞབས་ཞུ་དྲ་ཐོག་ཏུ་གཉེར་བའི་ཐོ་འགོད་ཐེངས་གཅིག་དང་། ས་ཚིགས་མང་པོར་ཕན་ཚུན་ཁས་ལེན། དྲ་རྒྱ་ཡོངས་སུ་ཤར་གཏོང་བཅས་མངོན་འགྱུར་བྱུང་ནས་དམངས་ལ་སྟབས་བདེ་བསྐྲུན་པའི་བེད་སྤྱོད་གཏོང་ལམ་80ལྷག་ཙམ་ཟིན་ཡོད།། གཞན་ཡང་ལྷ་ས་གྲོང་ཁྱེར་གྱི་སྲིད་དོན་མཉམ་སྤྱོད་བརྗེ་རེས་ལས་སྟེགས་དེ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་མཉམ་སྤྱོད་བརྗེ་རེས་ལས་སྟེགས་རིམ་པ་ལྟར་འབྲེལ་མཐུད་ཐུབ་ནས་གྲུབ་འབྲས་དེ་དག་ལས་ལྷ་ས་འདི་ཉིད་གྲངས་འཛིན་གསར་གཏོད་བྱ་ཡུལ་དུ་འགྱུར་བཞིན་པ་མཚོན་ཡོད།

2024ལོའི་གོ་ལ་ཧྲིལ་པོའི་གྲངས་གཞིའི་དཔལ་འབྱོར་ཚོགས་ཆེན་གྱི་ལྷ་སའི་མཐོ་རིམ་གླེང་སྟེགས་ཀྱི་གྲ་སྒྲིག་ལས་དོན་མཐའ་མའི་དུས་མཚམས་སུ་སླེབས་པ་དང་བསྟུན་ནས་ལྷ་ས་གྲོང་ཁྱེར་གྱིས་དྲིལ་བསྒྲགས་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་རྒྱལ་ཁབ་ཕྱི་ནང་གི་ཁེ་ལས་དེ་བས་མང་བས་གླེང་སྟེགས་ལ་དོ་ཁུར་དང་དེའི་ནང་ཞུགས་རྒྱུའི་ཡིད་དབང་བཀུག་སྟེ་ལྷ་སའི་གྲངས་འཛིན་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།

(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-27 6 6 拉萨日报藏文 c183321.html 1 གོ་ལ་ཧྲིལ་པོའི་གྲངས་འཛིན་དཔལ་འབྱོར་ཚོཊ་ཆེན་གྱི་ལྷ་སའི་མཐོ་རིམ་གླེང་སྟེཊ་ཀྱི་གྲ་སྒྲིག་ལས་དོན་ཁྱོན་ཡོངས་ནས་སྤེལ་འགོ་ཚུཊ་པ། /enpproperty-->