ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་བྱ་སྤྱོད་སྤེལ་འགོ་ཚུགས་པ་ནས་བཟུང་། ཉང་བྲན་ཁྲོམ་གཞུང་གིས་དང་ལེན་ཧུར་ཐག་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་གོང་རིམ་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་པ་དང་འབྲེལ།མང་ཚོགས་ཀྱི་དགོས་མཁོ་ཕྱོགས་སྟོན་དུ་བྱས་ཏེ་ཞིབ་ཕྲའི་གནད་དོན་ནས་འགོ་བཙུགས་ནས་ཡོད་པ་བརྒྱད་ཀྱི་ཐབས་ཇུས་གསར་གཏོད་བྱས་པ་དང་།རྒྱུན་མཐུད་ཤུགས་སྣོན་རྒྱག་པ་གསུམ་གྱི་བྱ་ཐབས་བརྒྱུད་བྱ་སྤྱོད་ཆེན་མོ་བརྒྱད་དོན་འཁྱོལ་ཧུར་ཐག་བྱས་པར་བརྟེན་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་རྣམ་པ་གསར་རྐྱང་དུ་གྱུར་ཡོད།
སྟོབས་ཤུགས་གཅིག་སྒྲིལ་བྱས་ཏེ་བཅོས་སྒྲིག་གི་འགན་འཁྲི་ཤུགས་ཆེར་བཏང་བ།
ཉང་བྲན་ཁྲོམ་གཞུང་གིས་རྒྱུ་རྐྱེན་གཙོ་བོ་ཁག་ཕྱོགས་ཡོངས་ནས་གཅིག་གྱུར་འཆར་འགོད་བྱས་ཏེ།ཏང་ཨུད་ཀྱིས་འགོ་ཁྲིད་དང་། སྲིད་གཞུང་གིས་འགན་འཁུར། སྡེ་ཚན་གྱིས་རོགས་སྒྲུབ། ལས་མི་ཡོངས་ཞུགས་པ། ཕྱོགས་ཡོངས་ནས་བཅོས་སྒྲིག་བཅས་བྱེད་པའི་ལས་ཀའི་རྣམ་པ་ཞིག་ཆགས་པར་བྱས་ནས་ཏང་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དང་དོན་གཅོད་ཁང་གི་ཀྲུའུ་རེན་གཉིས་ཀྱིས་ཚོགས་གཙོ་བྱས་པའི་འགོ་ཁྲིད་ཚོགས་ཆུང་བཙུགས་པ་དང་། གྲོང་ཁྱེར་དོ་དམ་པས་ཁྲིམས་འཛིན་དང་། འགྲིམ་འགྲུལ་ཉེན་རྟོག་པས་རོགས་སྐྱོར། ཁྲོམ་ར་ལྟ་སྐུལ་དོ་དམ། ཁོར་ཡུག་སྐོར་ཞིབ། ཁོར་ཡུག་འཕྲོད་བསྟེན། སྒྲིག་འགལ་གཉིས་ཀྱི་སྐོར་ཞིབ། འཕྲལ་སྡོམ་ཐོལ་བྱུང་ཐག་གཅོད་བཅས་ཀྱི་ཆེད་ལས་དཔུང་ཁག་བདུན་བཙུགས་ནས་ཕྱོགས་ཁག་ལ་གཅིག་གྱུར་བཀོད་འདོམས་དང་འཆར་འགོད་བྱེད་པ། ལས་ཆོད་ཆེ་བའི་“1+7+X”འཁོར་སྐྱོད་བཅས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་ལས་ཀའི་མ་ལག་ཅིག་བཙུགས་པས།གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་བྱ་སྤྱོད་སྔར་བས་གོ་རིམ་ལྡན་པའི་ངང་སྤེལ་ནས་ཕན་འབྲས་ཀྱང་ཆེན་པོ་ཐོན་ཡོད།
ཉང་བྲན་ཁྲོམ་གཞུང་གིས་དྲ་བ་གཅིག་གིས་གཅིག་གྱུར་དོ་དམ་དང་། དྲ་བ་གཅིག་གིས་མཉམ་འགུལ། དྲ་བ་གཅིག་གིས་ཁྱབ་པ་བཅས་ཀྱི་ལས་ཀའི་བསམ་ཕྱོགས་གཞིར་བཟུང་།གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་དང་སྦྲེལ་མཐུད་བཞི་དང་འགན་གཙང་བཞི་སོགས་དྲ་མིག་དབྱེ་བའི་གནས་ཚུལ་ལ་བསམ་གཞིགས་གང་ལེགས་བྱས་ཏེ།གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་འགན་གཙང་ལེན་གྱི་འགན་འཁྲི་དབྱེ་རྒྱུ་ལེགས་སྒྲུབ་བྱས་ཡོད། “1+1+X”ཡི་རྣམ་པ་སྤྱད་དེ་གྲོང་ཚོ་ཚང་མར་འགན་ལེན་བྱེད་མཁན་ཡོད་པ་དང་། ལམ་ཚང་མར་དོ་དམ་བྱེད་མཁན་ཡོད་པ། བྱ་བ་ཚང་མར་དམ་འཛིན་བྱེད་མཁན་ཡོད་པ་བཅས་བྱས་པས་བཅོས་སྐྱོང་ཁྱོན་ཡོངས་ལ་ཁྱབ་ཡོད།
བཅའ་སྡོད་བྱ་ཡུལ་སྡེ་ཚན་དང་ཏང་ཡོན་ལས་བྱེད་པ་དང་མཉམ་འབྲེལ་རྒྱ་ཁྱབ་བྱས་ཏེ་གྲོང་མི་མང་ཚོགས་དང་། དྲ་མི། གཉིས་ལྡན་དུད་འབྲེལ། ཁྲོམ་གཞུང་འགོ་འཛིན་པ་སོགས་ཕྱོགས་ཁག་གི་སྟོབས་ཤུགས་སྐུལ་སློང་བྱས་ནས་ཁུག་ཁུག་ཀྱོག་ཀྱོག་ལ་གཙང་སེལ་དང་།དཀའ་གནད་སེལ་བ་སོགས་ཀྱི་བཅོས་སྒྲིག་བྱ་སྤྱོད་རབ་དང་རིམ་པ་སྤེལ་ནས་གྲོང་ཚོའི་ཁོར་ཡུག་དང་། མི་སྒེར་གྱི་འཕྲོད་བསྟེན། སྒོ་འགྲམ་གྱི་གཙང་སྦྲ་བཅས་འགན་ལེན་གསུམ་སོགས་གྲོང་ཚོའི་སྒྲིག་སྲོལ་དང་དམངས་ཆིངས་ནང་བཅུག་ནས་དམངས་ཡོངས་སྐུལ་སློང་དང་དམངས་ཡོངས་ཞུགས་པའི་རྣམ་པ་བཟང་པོ་ཞིག་བཏོད་ཡོད།
མིག་སྔའི་བར་ཉང་བྲན་ཁྲོམ་གཞུང་གིས་བཅའ་སྡོད་འཛུགས་སྐྲུན་ཚན་པ་48བཏང་བ་དང་།ཏང་ཡོན་ལས་བྱེད་པ་དང་མང་ཚོགས་མི་ཐེངས་ཁྲི་33ལྷག་ཙམ་སྒྲིག་འཛུགས་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་བྱ་སྤྱོད་ནང་ཞུགས་ཡོད། ཆག་སྐྱོན་བྱུང་བའི་གྲོང་ཁྱེར་གྱི་སྒྲིག་བཀོད་225ལ་བཟོ་བཅོས་བརྒྱབ་པ་དང་། སྒྲོམ་སྐྱོར་དང་རླངས་འཁོར་འགོག་པའི་ཕུར་པ་སོགས་1720ལྷག་ཙམ་བཤིག་པའམ་གསར་བརྗེས་བྱས་པ། གད་སྙིགས་སྣ་ཚོགས་ཏུན་1050ལྷག་ཙམ་གཙང་སེལ་བྱས་པ། གད་སྙིགས་བླུགས་སྣོད་44བེད་སྤྱོད་བྱས་པ། ཕྱིའི་གྱང་43ལ་དཀར་རག་བྱུགས་པ། བརྡ་ཁྱབ་ཆུང་གྲས་1630ལྷག་ཙམ་གཙང་སེལ་བྱས་པ། གད་སྙིགས་གང་བྱུང་དུ་སྤུངས་པའི་གནས་590ལྷག་ཙམ་བཅོས་སྒྲིག་བྱས་པ་རེད། གྲུབ་འབྲས་དངོས་ལས་ཉང་བྲན་ཁྲོམ་གཞུང་གི་ཁོར་ཡུག་གསར་རྐྱང་དུ་ཕྱིན་པར་མ་ཟད། ཉང་བྲན་ཁྲོམ་གཞུང་གི་གྲོང་མི་མང་ཚོགས་ལ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་པོའི་བྱ་སྤྱོད་ལས་བྱུང་བའི་ཕན་འབྲས་བཟང་པོ་ཚོར་ཐུབ་ཡོད།
གནས་ནས་རྒྱུད་ལ་དམ་འཛིན་བྱས་ནས་ཁྱོན་ཡོངས་ཀྱི་ཁོར་ཡུག་ལ་བཅོས་སྒྲིག་བྱས་པ།
གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་གི་ལམ་བུའི་ཐོག་ཉང་བྲན་ཁྲོམ་གཞུང་གིས་མང་ཚོགས་ཀྱི་དགོས་མཁོ་ཕྱོགས་སྟོན་དུ་བྱས་ཏེ་རླངས་འཁོར་གང་བྱུང་དུ་འཇོག་པ་དང་། འགྲིམ་འགྲུལ་ཐད་གང་བྱུང་དུ་འགྲོ་སྐྱོད་བྱེད་པ། ཁྲོམ་བཀྱག་གང་བྱུང་དུ་བཙུགས་པ་སོགས་མང་ཚོགས་ཀྱི་དཀའ་གནད་དང་དགོས་གཏུག་གི་གནད་དོན་ནས་འགོ་བཙུགས་ཏེ་ལོ་མང་ཕུང་གསོག་ཐེབས་པའི་སྤྱི་ཚོགས་ལས་དོན་གྱི་གནད་དོན་རྙིང་པར་དམིགས་ཏེ་གནས་ནས་རྒྱུད་ལ་དམ་འཛིན་བྱས་ཏེ་ས་ཁོངས་ཡོངས་ཀྱི་ཁོར་ཡུག་བཅོས་སྒྲིག་ལས་དོན་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་གཏོང་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད།
ཉང་བྲན་ཁྲོམ་གཞུང་གིས་འབྲེལ་ཡོད་སྡེ་ཚན་དང་མཉམ་འབྲེལ་བྱས་ཏེ་གློག་སྒུལ་འཁོར་རིཊ་དང་འཕྲུལ་སྒུལ་མིན་པའི་རླངས་འཁོར་འཇོག་ས་བསྐྱར་དུ་འཆར་འགོད་བྱས་ནས་འཕྲུལ་སྒུལ་འཁོར་རིཊ་འཇོག་ས་12དང་།(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社