分享按钮

པེ་ཅིང་གྲོང་ཁྱེར་སློབ་གསོ་ཨུ་ལྷན་གྱི་བརྟག་ཞིབ་ཚོགས་ཆུང་གིས་རང་གྲོང་དུ་བརྟག་ཞིབ་དང་བོད་སྐྱོར་དགེ་རྒན་ལ་འཚམས་འདྲི་གནང་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།2024ལོ་ནི་པེ་ཅིང་གིས་ལྷ་སར་ཁ་གཏད་རོགས་སྐྱོར་བྱས་ནས་ལོ་30འཁོར་བའི་ལོ་ཞིག་རེད།ཉེ་ཆར།པེ་ཅིང་གྲོང་ཁྱེར་སློབ་གསོ་ཨུ་ལྷན་གྱི་ཀྲུའུ་རེན་ལི་དབྱིས་རུ་སྣེ་ཁྲིད་དེ་ལྷ་སར་པེ་ཅིང་གི་བོད་སྐྱོར་དགེ་རྒན་ལ་འཚམས་འདྲི་གནང་བ་དང་འབྲེལ།ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་དང་ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་དུ་བརྟག་ཞིབ་ཀྱང་གནང་བ་རེད།

ལྷ་ས་གྲོང་ཁྱེར་སློབ་གསོ་ཅུས་ཀྱི་འགན་འཁུར་བའི་ཕེབས་རོགས་འོག་བརྟག་ཞིབ་ཚོགས་ཆུང་དང་བཅས་པ་ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་དུ་ཕེབས་ནས་སློབ་གྲྭའི་ཀུན་སྤྱོད་སློབ་གསོའི་བར་ཁྱམས་དང་ཕྱོགས་བསྡུས་ཐོག་ཁང་དུ་སློབ་གྲྭའི་འགན་འཁུར་བ་ཧྥེང་ཤིང་ཅོན་དང་ལིའུ་ཆོན་ཧྭ་གཉིས་ཀྱིས་ལི་དབྱི་དང་བཅས་པ་ལ་སློབ་གྲྭའི་རིག་གནས་འཛུགས་སྐྱོང་ལས་དོན་ཐད་ཀྱི་ཁྱད་ཆོས་དང་བཀྲག་མདངས་འཚེར་ས་དང་དེ་བཞིན་གསར་གཏོད་རང་བཞིན་དང་རང་བདག་རང་བཞིན་གྱི་ལས་དོན་སྤེལ་ནས་ཐོབ་པའི་གྲུབ་འབྲས་དང་ཉམས་མྱོང་ངོ་སྤྲོད་བྱས་པ་རེད། སློབ་གྲྭ་དེས་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་ལྷ་མོ་དང་།སྒྲ་སྙན།ཀྲུང་གོའི་སྲོལ་རྒྱུན་རིག་གཞུང་ཀློག་འདོན་སོགས་རིགས་ཆེ་བ་དགུའི་སློབ་ཚན་51བཀོད་སྒྲིག་བྱས་ཏེ་བློ་རིག་དང་།སྒྱུ་རྩལ།རིག་གནས།ལུས་རྩལ། བདེ་ཐང་སོགས་ཕྱོགས་གང་ཅིའི་ཐད་ཁྱབ་ཡོད་པས།ཕྲུ་གུ་ཚོས་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད་པ་དང་དུས་མཚུངས་རིག་གནས་ཀྱི་གདེང་ཚོད་དང་མི་རིགས་ཀྱི་གདེང་ཚོད་ཆེ་རུ་གཏོང་བ་དང་།ཡང་དག་པའི་མི་རིགས་ཀྱི་ལྟ་བ་དང་རིག་གནས་ཀྱི་ལྟ་བ་འཛུགས་པ།ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་དང་སྔར་བས་འདྲེས་ཐུབ་པ་དང་འབྲེལ་སྲ་བརྟན་དུ་གཏོང་ཐུབ་པ་བཅས་བྱེད་ཀྱི་ཡོད།

བརྟག་ཞིབ་ཚོགས་ཆུང་དང་བཅས་པས་སློབ་གྲྭའི་རིག་གནས་ཀྱི་རྣམ་པ་ཟབ་མོ་དང་།སློབ་གྲྭའི་སློབ་གསོའི་ཁོར་ཡུག་གཙང་ཞིང་མཛེས་པ།སློབ་གསོ་དང་སློབ་ཁྲིད་བྱེད་སྒོ་ཕུན་སུམ་ཚོགས་པོ་བཅས་ལ་ཚད་མཐོའི་ཁས་ལེན་བྱས་པ་རེད།ཇའི་སྒྱུ་རྩལ་འགྲེམས་སྟོན་གྱི་ལྷུ་ཚིགས་སུ་བརྟག་ཞིབ་ཚོགས་ཆུང་དང་བཅས་པས་ཇའི་སྒྱུ་རྩལ་མཁས་ཅན་ཆུང་ཆུང་གིས་གཡོས་སྦྱོར་དང་བཙོས་སྦྱོར་ལ་མྱོང་རོལ་བྱས་པ་དང་།དགེ་སློབ་ཚོས་རྒྱལ་སའི་སྐུ་མགྲོན་ལ་གཡོས་སྦྱོར་བྱས་ཚར་བའི་འཐུང་ཇ་ཕུལ་ནས་ཚང་མས་ཉམས་དགའ་བའི་ཁྲོད་ཇའི་རིག་གནས་ཀྱི་ལོ་རྒྱུས་ཡུན་རིང་ལ་མྱོང་རོལ་བྱས་ཡོད།

བརྟག་ཞིབ་ཚོགས་ཆུང་གི་ད་ཐེངས་ཀྱི་བརྟག་ཞིབ་བཀོད་སྒྲིག་ཁྲོད་བསམ་བློ་ཆབ་སྲིད་སློབ་ཚན་ནི་དོ་ཁུར་བྱེད་པའི་གཙོ་གནད་ཀྱི་གྲས་ཤིག་ཡིན་པ་རེད། ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་དུ་བརྟག་ཞིབ་ཚོགས་ཆུང་དང་བཅས་པ་ལོ་རིམ་བདུན་པའི་བློ་རྒོད་འཛིན་གྲྭའི་སློབ་མ་དང་མཉམ་དུ《བཅའ་ཁྲིམས་ཀྱིས་ང་ཚོར་སྲུང་སྐྱོབ་བྱེད》ཅེས་པའི་ཀུན་སྤྱོད་དང་ཁྲིམས་སྐྱོང་སློབ་ཚན་ལ་སློབ་སྦྱོང་བྱས་པ་དང་། བོད་སྐྱོར་དགེ་རྒན་ཝང་རུའེ་ལེ་ཡིས་སློབ་མ་ཚོར་ནར་མ་སོན་པའི་སྐྱེ་བོ་སྲུང་སྐྱོང་ཐད་ཀྱི་ཤེས་བྱར་གསལ་བཤད་བྱས་པ་རེད།

2023ལོ་ནས་བཟུང་།པེ་ཅིང་གྲོང་ཁྱེར་སློབ་གསོ་ཨུ་ལྷན་གྱིས་སློབ་གསོའི་བོད་སྐྱོར་གྱི་ལམ་བུ་གསར་པ་ཧུར་ཐག་བཏོད་དེ་འཕྲིན་ཡིག་ཐོག་ནས་སྤེལ་རེས་དང་དྲ་ཐོག་ནས་ཀློག་འདོན་སོགས་རྣམ་པ་སྣ་ཚོགས་ལ་བརྟེན་ནས་པེ་ཅིང་དང་བོད་ཀྱི་སློབ་མའི་སེམས་པ་གཅིག་མཐུན་ལ་སྐུལ་འདེད་བཏང་ཡོད།2023ལོའི་དབྱར་ཁའི་གུང་གསེང་ནང་སྤེལ་འགོ་ཚུགས་པའི་ཅིང་བོད་སེམས་པ་གཅིག་ཏུ་སྦྲེལ།ཡི་གེ་མཐོང་བ་ངོ་འཇལ་ལྟར་ཞེས་པའི་བྱེད་སྒོའི་ནང་ས་གནས་གཉིས་ཀྱི་གཞོན་ནུ་ལོ་ཆུང་རྣམས་འཕྲིན་ཡིག་བརྒྱུད་གྲོགས་པོ་རྒྱ་ཁྱབ་ཏུ་སྒྲིག་ནས་པེ་ཅིང་དང་བོད་ཀྱི་སློབ་མའི་སེམས་འབྲེལ་ཟམ་པ་བསྐྲུན་ཏེ།ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་དེ་དཔྱིད་རླུང་ཆར་འགྱུར་དང་ཁུ་སིམ་པོར་ས་གཞི་བརླན་པའི་ཁྲོད་དུ་ཉིན་བཞིན་མི་སེམས་སུ་ཟུག་པའི་འབོད་སྐུལ་བྱས་པ་རེད།

ཅིང་བོད་སེམས་པ་གཅིག་ཏུ་སྦྲེལ།ཡི་གེ་མཐོང་བ་ངོ་འཇལ་ལྟར་ཞེས་པའི་བྱེད་སྒོ་དེ་བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་ཆེན་པོ་ཞིག་ཏུ་གྱུར་ནས་གྲལ་འགྲིག་པའི་ཡི་འབྲུ་རེ་རེ་དང་ལྷག་བསམ་ཟོལ་མེད་ཀྱི་སྐད་ཆ་ཚིག་རེ་རེ་ལས་པེ་ཅིང་དང་བོད་ལྗོངས་ཀྱི་ཕྲུ་གུའི་དབར་གྱི་མཛའ་གྲོགས་བརྒྱུད་སྤྲོད་བྱས་ནས་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་དེ་བས་པེ་ཅིང་དང་བོད་ཀྱི་སློབ་མའི་དབར་བཞད་ཡོད།ཉེ་བའི་ལོ་ཤས་རིང་།པེ་ཅིང་གིས་སློབ་གསོའི་ཚོགས་སྒྲིག་རྣམ་པའི་རོགས་སྐྱོར་བརྒྱུད་བོད་ལ་ཁ་གཏད་རོགས་སྐྱོར་དང་།མདུན་ཕྱོཊ་དང་རྒྱབ་ཕྱོཊ་མཉམ་ལས་དང་དམིགས་སའི་ཐབས་ཇུས་ལག་བསྟར་བྱས་པ།ཐུན་མོང་གསོ་སྐྱོང་དང་།དོ་དམ་མཉམ་སྤྱོད།འགན་འཁྲི་མཉམ་སྤྱོད་བཅས་བྱས་པ་བརྒྱུད་རིག་གནས་དང་།ཐོན་ཁུངས།ལམ་ལུགས།གཟི་བརྗིད་བཅས་དང་དངོས་འབྲེལ་མཉམ་འདྲེས་ཡོང་བར་བྱས་ཡོད།(བུ་ཆུང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-27 6 6 拉萨日报藏文 c183320.html 1 པེ་ཅིང་གྲོང་ཁྱེར་སློབ་གསོ་ཨུ་ལྷན་གྱི་བརྟག་ཞིབ་ཚོགས་ཆུང་གིས་རང་གྲོང་དུ་བརྟག་ཞིབ་དང་བོད་སྐྱོར་དགེ་རྒན་ལ་འཚམས་འདྲི་གནང་བ། /enpproperty-->