ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་གཏིང་ཟབ་བྱས་ཏེ། སྒྲིག་ཁྲིམས་ལ་སློབ་སྦྱོང་དང་། སྒྲིག་ཁྲིམས་ཤེས་པ། སྒྲིག་ཁྲིམས་གསལ་རྟོགས། སྒྲིག་ཁྲིམས་སྲུང་བ་བཅས་བྱས་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་དངོས་སུ་སྤེལ་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་ཆེད། ཉེ་ཆར། ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་གྲོང་ཁྱེར་ཡོངས་ཀྱི་ཁྲིམས་ཁང་གི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དང་ཀྲི་པུའུ་ཧྲུའུ་ཅིའི་འཆད་ཁྲིད་ཀྱི་བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་བ་རེད།
བྱེད་སྒོའི་ནང་། ལྷ་སའི་རིམ་པ་གཉིས་ཀྱི་ཁྲིམས་ཁང་གི་ཏང་ཀྲི་པུའུ་ཧྲུའུ་ཅི་9ཡིས་ལས་གནས་ཀྱི་འགན་འཁྲི་དང་། ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་བསམ་བློའི་མྱོང་ཚོར་དང་། བསམ་ཕྱོགས་དང་བྱེད་ཐབས་གླེང་ནས《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》ལ་སློབ་སྦྱོང་བྱས་པའི་མྱོང་ཚོར་དང་། གྲུབ་འབྲས། དེ་བཞིན་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་ཇི་ལྟར་བྱས་ནས་ལས་ཀའི་ལག་ལེན་གྱི་ཕྱོགས་སུ་བསྒྱུར་རྒྱུར་དམིགས་ནས། ཞིབ་ཕྲའི་བྱེད་སྟངས་དང་། དཔེ་མཚོན་བརྒྱུད་ནས་སྤེལ་རེས་དང་མཉམ་སྤྱོད་བྱས་པ་དང་། གྱོད་གཞི་ལ་བརྟེན་ནས་སློབ་སྦྱོང་ལ་སྐུལ་འདེད་དང་། འཆད་ཁྲིད་ལ་བརྟེན་ནས་སློབ་སྦྱོང་ལ་སྐུལ་འདེད། སློབ་སྦྱོང་ལ་བརྟེན་ནས་ལས་དོན་བསྒྲུབ་པར་སྐུལ་འདེད་བཅས་བཏང་བས། དེར་རིགས་པའི་གཞུང་ལུགས་ཀྱི་མཐོ་ཚད་ངེས་ཅན་ཞིག་ལྡན་ཡོད་ལ། ལག་ལེན་གྱི་གཏིང་ཟབ་ཚད་ཀྱང་ངེས་ཅན་ཞིག་ལྡན་པས། ཚད་གཞི་དང་དཔེ་སྟོན་གྱི་ནུས་པ་ལྡན་ཡོད། གཞན་ཡང་ཕན་ཚུན་ལ་སློབ་སྦྱོང་དང་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་དང་མཉམ་དུ་ཡར་ཐོན་ཡོང་བའི་ཕན་འབྲས་བཟང་པོ་ཡང་ཐོན་ཡོད།
ཚོགས་ཞུགས་བློ་མཐུན་ཚོས་ཕྱིས་འབྱུང་གི་ལས་དོན་ནང་བསམ་བློ་དང་བྱ་སྤྱོད་དེ་བླང་བྱ་གསར་པ་དང་བཀོད་སྒྲིག་གསར་པའི་ཐོག་གཅིག་གྱུར་ཏན་ཏིག་བྱས་ཏེ། གུས་ཤིང་སྐྲག་པ་དང་། དོགས་ཟོན་བྱེད་པ། མ་མཐའི་མཚམས་ཐིག་སྲུང་བ་བཅས་ཀྱི་ཕན་འབྲས་ཐོན་པར་བྱས་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་རྒྱུན་མཐུད་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད། (པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社