分享按钮

(པར་ངོས་དང་པོར་མཐུད)འགག་སྒོའི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། སྲ་ཞིང་བརྟན་པའི་དམག་འཐབ་མཁར་རྫོང་དང་ཉམས་སད་ཐེག་པའི་ཆབ་སྲིད་ཀྱི་ལས་ཁུངས་བསྐྲུན་ནས་ཏང་བློ་བདེ་ཡོང་བ་དང་མི་དམངས་བློ་ཡིད་ཚིམ་པོ་དངོས་འབྲེལ་ཡོང་བར་བྱེད་དགོས་པའི་ནན་གསུངས་གནང་བ་རེད།

གཉིས་ནི་བདེ་འཇགས་ཀྱི་འགག་སྒོ་སྟོབས་ཆེན་བཏོད་ནས་རྒྱུན་འཁྱོངས་ལྷོད་མེད་ཀྱིས་ལྟ་སྐུལ་དོ་དམ་དང་སྔོན་འགོག་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ་དང་། རྒྱལ་ཁབ་སྤྱིའི་བདེ་འཇགས་ཀྱི་ལྟ་བ་མུ་མཐུད་ལག་ལེན་མཐའ་གཅིག་ཏུ་བསྟར་ནས་འབྲེལ་ཡོད་ལས་སྒོ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ། ཕྱི་ཕྱོགས་ཉོ་ཚོང་སོགས་ཁྱབ་ཁོངས་ཀྱི་ཉེན་ཁར་སྔོན་འགོག་ཚོད་འཛིན་བྱེད་པར་གཙོ་གནད་དུ་དམིགས་ཏེ་རྒྱལ་མཚམས་སྒྲོལ་བའི་ལྐོག་འདྲེན་ལ་རྡུང་རྡེག་གཏོང་བའི་དམ་དྲག་རྣམ་པ་རྒྱུན་འཁྱོངས་དང་ལྟ་སྐུལ་དོ་དམ་དང་ཞིབ་བཤེར་འཛིན་བཟུང་ལ་དམ་འཛིན་ནན་པོ་བྱས་ཏེ་འགག་སྒོའི་འགོག་སྲུང་དང་དང་དབྱེ་འབྱེད་ཀྱི་ནུས་པ་འདོན་སྤེལ་ཏན་ཏིག་བྱེད་པ་དང་། རྒྱལ་ཁབ་ཀྱི་འགག་སྒོའི་བདེ་འཇགས་ལ་བརྟེན་ནས་རྒྱལ་ཁབ་ཀྱི་བདེ་འཇགས་འགན་ལེན་བྱ་དགོས། གསུམ་ནི་འཕེལ་རྒྱས་ཀྱི་འགག་སྒོ་སྟོབས་ཆེན་བཏོད་དེ་འཁྱོངས་ལྷོད་མེད་ཀྱིས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པར་སྐུལ་འདེད་བཏང་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་དང་མཉམ་འདྲེས་དང་ཨེ་ཤེ་ཡ་ལྷོ་མར་ཁ་ཕྱོགས་པའི་སྒོ་དབྱེའི་བགྲོད་ལམ་གལ་ཆེན་འཛུགས་སྐྲུན་བྱ་རྒྱུར་དམིགས་ཏེ་སྐྱིད་རོང་་དང་། སྤུ་ཧྲེང་། འགྲམ། ལེགས་རྩེ་སོགས་འགག་སྒོ་འཕེལ་རྒྱས་གཏོང་བ་དང་སྲོལ་རྒྱུན་གྱི་མཐའ་མཚམས་ཉོ་ཚོང་ས་ཚིགས་སླར་གསོ་འཛུགས་སྐྲུན་བྱ་རྒྱུར་མུ་མཐུད་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་ཏེ་རྒྱལ་ཁབ་སྤྱིའི་ཕྱི་འབྲེལ་ཁྱོན་ཡོངས་ལ་ནུས་ཤུགས་ཡོད་རྒུས་ཞབས་འདེགས་ཞུ་དགོས། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་དམིགས་ཏེ་ཚོད་ལྟ་ཁང་གི་སྤུས་ཚད་དོ་དམ་མ་ལག་མུ་མཐུད་གཏོད་པ་དང་། སྐྱེ་ལྡན་ཐོན་རྫས་ཀྱི་བདེན་དཔང་ར་སྤྲོད་དང་ཚད་གཞི་འཛུགས་སྐྲུན་ལས་དོན་ལ་སྐུལ་འདེད་གཏོང་བ་དང་། གེགས་མེད་བགྲོད་ལམ་གྱི་ཞབས་ཞུའི་ལམ་སྲོལ་ལེགས་སུ་གཏོང་བ། ལས་སྒོ་གསར་པ་དང་ལས་རྣམ་གསར་པའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བཅས་བྱས་ནས་བོད་ཀྱི་ཐོན་རྫས་དེ་བས་མང་བ་ཕྱི་རྒྱལ་དང་འཛམ་གླིང་དུ་བསྐྱོད་ཐུབ་པར་བྱེད་དགོས། བཞི་ནི་སྒྱུར་བཅོས་ཀྱི་འགག་སྒོ་སྟོབས་ཆེན་བཏོད་དེ་རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བདང་།ལས་ཆོད་ཆེ་བའི་སྒོ་ནས་དོན་དག་སྣ་གཅིག་བསྒྲུབ་པར་དམིགས་ནས་གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་དང་རིག་ནུས་ཅན་གྱི་རིམ་སྤོར་མགྱོགས་སུ་བཏང་ནས་ཚོང་ཟོག་ཤར་གཏོང་དང་མི་ཤར་བགྲོད་ཐུབ་པར་བྱས་ཐོག་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་དགོས། ལྔ་ནི་སྤྱོད་ཚུལ་གྱི་འགག་སྒོ་སྟོབས་ཆེན་བཏོད་ནས་རྒྱུན་འཁྱོངས་ལྷོད་མེད་ཀྱིས་དཔུང་ཁག་སྟོབས་ཆེན་ཞིག་འཛུགས་པ་དང་། ལམ་གཉིས་ཀྱི་སྙིང་སྟོབས་དང་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་བློ་དཀར་སེམས་དཀར་དང་སྤྱོད་གཙང་འགན་འཁུར་ཕོད་པའི་དུས་རབས་གསར་པའི་རྒྱལ་ཁབ་ཀྱི་སྒོ་སྲུང་བ་ཡག་པོ་བྱེད་དགོས།

ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྔར་རྒྱུན་བཞིན་ལྷ་སའི་འགག་སྒོ་འཛུགས་སྐྲུན་དང་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ཏེ་འགག་སྒོའི་ལས་དོན་ལ་ཆ་རྐྱེན་དེ་བས་ལེགས་པ་གཏོད་ནས་སེམས་ཤུགས་གཅིག་སྒྲིལ་གྱིས་འགག་སྒོའི་ལས་དོན་གྱི་སྤུས་ཚད་དང་ཕན་འབྲས་ཟམ་མི་ཆད་པར་ཆེ་རུ་འགྲོ་བ་དང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།

(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-27 6 6 拉萨日报藏文 c183318.html 1 /enpproperty-->