分享按钮

ཟླ་བའི་ལྷ་མོ་དྲུག་པ་རྟགས་ཅན་གྱི་ཕྱིར་ལོག་ཡོ་བྱད་བདེ་འཇགས་ངང་ས་ངོས་སུ་བབས་ནས་འཛམ་གླིང་ཐོག་ཐེངས་དང་པོར་ཟླ་བའི་གོ་ལའི་རྒྱབ་ངོས་ནས་དངོས་དཔེ་འཁྱེར་ནས་ཕྱིར་ལོག་པ།

ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་དང་།རྒྱལ་སྲིད་སྤྱི་ཁྱབ་ཁང་།ཀྲུང་དབྱང་དམག་དོན་ཨུ་ལྷན་བཅས་ཀྱི་ཚབ་ཞུས་ནས་གློག་འཕྲིན་བཏང་སྟེ་ཟླ་བའི་འཚོལ་ཞིབ་ལས་གྲྭའི་ཟླ་བའི་ལྷ་མོ་དྲུག་པ་རྟགས་ཅན་གྱིི་ལས་འགན་ལེགས་སྒྲུབ་ཐུབ་པར་རྟེན་འབྲེལ་ཞུས་གནང་བ།

རྟེན་འབྲེལ་གློག་འཕྲིན།

ཟླ་བའི་གོ་ལར་འཚོལ་ཞིབ་ལས་གྲྭའི་ཟླ་བའི་ལྷ་མོ་དྲུག་པའི་ལས་འགན་བཀོད་འདོམས་པུའུ་དང་ལས་འགན་ནང་ཞུགས་མཁན་བློ་མཐུན་ཡོངས་ལ།

ཟླ་བའི་གོ་ལར་འཚོལ་ཞིབ་ལས་གྲྭའི་ཟླ་བའི་ལྷ་མོ་དྲུག་པའི་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་ཐུབ་པ་ཐོས་བྱུང་།ངས་ཏང་ཀྲུང་དབྱང་དང་།རྒྱལ་སྲིད་སྤྱི་ཁྱབ་ཁང་།ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱི་ཚབ་ཞུས་ནས་ཁྱེད་ཚོར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ་རྒྱུ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཡང་ཞུ་རྒྱུ་ཡིན།

ཟླ་བའི་ལྷ་མོ་དྲུག་པ་རྟགས་ཅན་གྱིས་མིའི་རིགས་ཀྱི་ལོ་རྒྱུས་ཐོག་ཐེངས་དང་པོར་ཟླ་བའི་གོ་ལའི་རྒྱབ་ངོས་ནས་དངོས་དཔེ་བླངས་ཏེ་ཕྱིར་ལོག་པ་དེ་ནི་རང་རྒྱལ་གྱིས་འཇིག་རྟེན་འཕུར་སྐྱོད་སྟོབས་ལྡན་རྒྱལ་ཁབ་དང་ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་བསྐྲུན་པར་ཐོབ་པའི་མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་གཞན་ཞིག་རེད།ལོ་20ཡི་རིང་ཟླ་བའི་གོ་ལའི་འཚོལ་ཞིབ་ལས་གྲྭའི་ཞིབ་བཟོ་འཛུགས་སྐྲུན་ནང་ཞུགས་མཁན་བློ་མཐུན་ཡོངས་ཀྱིས་ཟླ་བའི་གོ་ལར་འཚོལ་ཞིབ་བྱེད་པའི་སྙིང་སྟོབས་དར་སྤེལ་བཏང་ནས་ཚན་རྩལ་གྱི་ཡང་རྩེར་དཔའ་ངར་ཆེན་པོས་འཛེགས་པས་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་གལ་ཆེན་ཐོབ་ནས་སྤུས་ཚད་མཐོ་བ་དང་ཕན་འབྲས་ཆེ་བའི་ཟླ་བའི་གོ་ལར་འཚོལ་ཞིབ་བྱེད་པའི་ལམ་བུའི་ཐོག་བསྐྱོད་ཡོད།ཁྱེད་ཚོས་ཕུལ་བའི་བྱས་རྗེས་མངོན་གསལ་དོད་པོ་དེ་མེས་རྒྱལ་དང་མི་དམངས་ཀྱིས་ནམ་ཡང་ཡིད་ལ་འཆང་ངེས་ཡིན།

ཞི་ཅིན་ཕིང་གིས་ཁྱེད་ཚོས་དུས་བསྟུན་ཡར་བརྩོན་གྱིས་ཟླ་བའི་གོ་ལའི་དངོས་དཔེ་ལ་ཚན་རིག་དང་མཐུན་པའི་ཞིབ་འཇུག་ཞིབ་ཚགས་བྱེད་པ་དང་།བར་སྣང་གཏིང་ཟབ་འཚོལ་ཞིབ་སོགས་འཇིག་རྟེན་འཕུར་སྐྱོད་ལས་གྲྭ་གལ་ཆེན་མུ་མཐུད་ཡག་པོ་ལག་བསྟར་བྱེད་པ།རྒྱལ་སྤྱིའི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་འཇིག་རྟེན་འཕུར་སྐྱོད་སྟོབས་ལྡན་རྒྱལ་ཁབ་ཀྱི་དམིགས་ཚད་ཕྱོགས་སུ་བློ་སྟོབས་ཆེན་པོས་མདུན་སྐྱོད་བྱས་ནས་འཇིག་རྟེན་གྱི་གསང་བ་འཚོལ་ཞིབ་དང་མིའི་རིགས་ཀྱི་བདེ་སྐྱིད་ཆེ་རུ་གཏོང་ཆེད་བྱས་རྗེས་གསར་པ་འཇོག་པ་དང་།ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་ཆེན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བར་ལེགས་སྐྱེས་གསར་པ་འབུལ་རྒྱུའི་རེ་བ་ཡོད།

ཞི་ཅིན་ཕིང་གིས།

2024ལོའི་ཟླ་6ཚེས་25ཉིན།

(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་25ཉིན་འབྱོར་བའི་གློག་འཕྲིན)

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་25ཉིན་གློག་འཕྲིན་འབྱོར་གསལ།ཟླ་6ཚེས་25ཉིན་གྱི་ཆུ་ཚོད་14དང་སྐར་མ་7ཐོག་ཟླ་བའི་ལྷ་མོ་6པ་རྟགས་ཅན་གྱི་ཕྱིར་ལོག་ཡོ་བྱད་ཀྱིས་ཟླ་བའི་གོ་ལའི་རྒྱབ་ངོས་ནས་ཟླ་བའི་གོ་ལའི་དངོས་དཔེ་བླངས་ནས་ནང་སོག་གི་སི་ཙི་ཝང་རྫོང་ཁོངས་ཀྱི་སྔོན་གཏན་འཁེལ་བའི་ས་ཆར་བདེ་འཇགས་ངང་བབས་པ་རེད།ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་།རྒྱལ་ཁབ་ཀྱི་ཀྲུའུ་ཞི།ཀྲུང་དབྱང་དམག་དོན་ཨུ་ལྷན་གྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་རྟེན་འབྲེལ་གློག་འཕྲིན་བཏང་ནས་ཏང་ཀྲུང་དབྱང་དང་།རྒྱལ་སྲིད་སྤྱི་ཁྱབ་ཁང་།ཀྲུང་དབྱང་དམག་དོན་ཨུ་ལྷན་བཅས་ཀྱི་ཚབ་ཞུས་ཏེ་ཟླ་བའི་འཚོལ་ཞིབ་ལས་གྲྭའི་ཟླ་བའི་ལྷ་མོ་དྲུག་པ་རྟགས་ཅན་གྱི་ལས་འགན་བཀོད་འདོམས་པུའུ་དང་འབྲེལ་ཡོད་ལས་འགན་ནང་ཞུགས་མཁན་བློ་མཐུན་ཡོངས་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་རེད།

ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་ཟླ་བའི་ལྷ་མོ་དྲུག་པ་རྟགས་ཅན་གྱིས་མིའི་རིགས་ཀྱི་ལོ་རྒྱུས་ཐོག་ཐེངས་དང་པོར་ཟླ་བའི་གོ་ལའི་རྒྱབ་ངོས་ནས་དངོས་དཔེ་བླངས་ཏེ་ཕྱིར་ལོག་བྱས་པ་དེ་ནི་རང་རྒྱལ་གྱིས་འཇིག་རྟེན་འཕུར་སྐྱོད་སྟོབས་ལྡན་རྒྱལ་ཁབ་དང་།ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་བསྐྲུན་པར་ཐོབ་པའི་མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་གཞན་ཞིག་རེད།ལོ་20ཡི་རིང་།ཟླ་བའི་གོ་ལར་འཚོལ་ཞིབ་ལས་གྲྭའི་ཞིབ་བཟོ་འཛུགས་སྐྲུན་ནང་ཞུགས་མཁན་བློ་མཐུན་ཡོངས་ཀྱིས་ཟླ་བའི་གོ་ལར་འཚོལ་ཞིབ་བྱེད་པའི་སྙིང་སྟོབས་དར་སྤེལ་བཏང་ནས་ཚན་རྩལ་གྱི་ཡང་རྩེར་དཔའ་ངར་ཆེན་པོས་འཛེགས་པས་འཛམ་གླིང་གིས་དོ་སྣང་བྱེད་པའི་གྲུབ་འབྲས་གལ་ཆེན་ཐོབ་པ་དང་།སྤུས་ཚད་མཐོ་བ་དང་ཕན་འབྲས་ཆེ་བའི་ཟླ་བའི་གོ་ལར་འཚོལ་ཞིབ་བྱེད་པའི་ལམ་བུའི་ཐོག་བསྐྱོད་ཡོད།ཁྱེད་ཚོས་ཕུལ་བའི་བྱས་རྗེས་མངོན་གསལ་དོད་པོ་དེ་མེས་རྒྱལ་དང་མི་དམངས་ཀྱིས་ནམ་ཡང་ཡིད་ལ་འཆང་ངེས་ཡིན་ཞེས་གསུངས་པ་རེད།

ཞི་ཅིན་ཕིང་གིས་ཁྱེད་ཚོས་དུས་བསྟུན་ཡར་བརྩོན་གྱིས་ཟླ་བའི་གོ་ལའི་དཔེ་མཚོན་ལ་ཚན་རིག་དང་མཐུན་པའི་ཞིབ་འཇུག་ཞིབ་ཚགས་བྱེད་པ་དང་།བར་སྣང་གཏིང་ཟབ་འཚོལ་ཞིབ་སོགས་འཇིག་རྟེན་འཕུར་སྐྱོད་ལས་གྲྭ་གལ་ཆེན་མུ་མཐུད་ཡག་པོ་ལག་བསྟར་བྱེད་པ།(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-27 ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་དང་།རྒྱལ་སྲིད་སྤྱི་ཁྱབ་ཁང་།ཀྲུང་དབྱང་དམག་དོན་ཨུ་ལྷན་བཅས་ཀྱི་ཚབ་ཞུས་ནས་གློག་འཕྲིན་བཏང་སྟེ་ཟླ་བའི་འཚོལ་ཞིབ་ལས་གྲྭའི་ཟླ་བའི་ལྷ་མོ་དྲུག་པ་རྟགས་ཅན་གྱིི་ལས་འགན་ལེགས་སྒྲུབ་ཐུབ་པར་རྟེན་འབྲེལ་ཞུས་གནང་བ། 6 6 拉萨日报藏文 c183316.html 1 ཟླ་བའི་ལྷ་མོ་དྲུག་པ་རྟགས་ཅན་གྱི་ཕྱིར་ལོག་ཡོ་བྱད་བདེ་འཇགས་ངང་ས་ངོས་སུ་བབས་ནས་འཛམ་གླིང་ཐོག་ཐེངས་དང་པོར་ཟླ་བའི་གོ་ལའི་རྒྱབ་ངོས་ནས་དངོས་དཔེ་འཁྱེར་ནས་ཕྱིར་ལོག་པ། /enpproperty-->