ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཚེས་25ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་ལྷ་ས་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་ལ་བརྟག་ཞིབ་གནང་བ་དང་འབྲེལ་ལྷ་ས་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཅུས་ཀྱི་བྱང་བུའི་ཡོལ་བ་ཕྱེ་བ་རེད། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་བསླབ་ཚིག་གི་དགོངས་དོན་དོན་འཁྱོལ་གཏིང་ཟབ་བྱས་ནས་མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་བླ་ན་མེད་པ་མཐའ་འཁྱོངས་བྱས་ཏེ་ཆབ་སྲིད་ཀྱི་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ་དང་། ལྷག་བསམ་རྣམ་དག་གིས་འགན་འཁྲི་བསྒྲུབས་ནས་མེ་ཟོན་བདེ་འཇགས་ཀྱི་ཉེན་ཁ་སྔོན་འགོག་གི་ཆུ་ཚད་དང་ཕྱོགས་བསྡུས་རོགས་སྐྱོབ་ཀྱི་ནུས་པ་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་། ཆུ་ཚད་མཐོ་བའི་མེ་ཟོན་བདེ་འཇགས་ཞབས་ཞུར་བརྟེན་ནས་ལྷ་སའི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་ལེན་བྱེད་དགོས་ཞེས་ནན་གསུངས་གནང་བ་རེད།
བོད་རང་སྐྱོང་ལྗོངས་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཆབ་སྲིད་ཨུ་ཡོན་ཧུའུ་ཏུང་ཉིང་བྱང་བུའི་ཡོལ་བ་ཕྱེ་བའི་མཛད་སྒོར་ཞུགས་པ་རེད།
འདི་ལོ་ནི་ཕོ་བྲང་པོ་ཏ་ལའི་མེ་ཟོན་རོགས་སྐྱོབ་རུ་ཆེན་བཙུགས་ནས་ལོ་40འཁོར་བའི་ལོ་ཞིག་ཡིན་ཞིང་། གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་རུ་ཁག་ཏུ་ཤའོ་ཡིའུ་ཚའེ་ཡིས་རུ་ཆེན་དེ་བཙུགས་ནས་ལོ་40འཁོར་བའི་འགྲེམས་སྟོན་ལ་ལྟ་སྐོར་གནང་ནས་རུ་ཆེན་དེའི་འཕེལ་རྒྱས་ཀྱི་བརྒྱུད་རིམ་དང་། རྩ་འཛུགས་འཛུགས་སྐྱོང་། གསར་གཏོད་ཀྱི་བྱེད་ཐབས། གཟི་བརྗིད་ལྡན་པའི་གྲུབ་འབྲས་ཐོབ་པ་སོགས་ཀྱི་གནས་ཚུལ་ངོ་སྤྲོད་ནན་ཏན་གྱིས་གསན་པ་རེད།
(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社