分享按钮

ཡན་ཅིན་ཧའེ་ཡིས་ལྷ་སའི་འགག་སྒོར་ བརྟག་ཞིབ་གནང་བ།

བོད་ལྗོངས་ཉིན་རེའི་ཚགས་པར་ཁང་ནས་གནས་ཚུལ་འབྱོར་གསལ།ཚེས་18ཉིན།ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ལྷ་སའི་འགག་སྒོར་བརྟག་ཞིབ་གནང་བར་ཕེབས་ཤིང་། ཁོང་གིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་མུ་མཐུད་ལག་ལེན་མཐར་ཕྱིན་བསྟར་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧུང་ཆི་ལ་ཕུའུ་འགག་སྒོའི་ལས་མི་ཡོངས་ལ་སྤྲིངས་པའི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་མཛུབ་ཁྲིད་དུ་བྱེད་པ་དང་། དོན་ཆེན་བཞིར་དམིགས་པ་དང་འཛུགས་གཏོད་བཞིར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་འགག་སྒོའི་ལས་འགན་གལ་ཆེན་རྣམས་བློ་ཐག་ཆོད་པོས་ཁུར་ནས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་ཡོལ་ཁྱོན་ཡོངས་ནས་བརྟན་པོ་བསྐྲུན་ཐོག་བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་པའི་ནན་གསུངས་གནང་བ་རེད།

བསྟན་པ་ལྷན་དུ་བརྟག་ཞིབ་གནང་བར་ཕེབས་པ་རེད།

ཡན་ཅིན་ཧའེ་སྔ་རྗེས་སུ་འགག་སྒོའི་ལོ་རྒྱུས་ཁང་དང་། ལག་རྩལ་ལྟེ་གནས་ཚོད་ལྟ་ཁང་། ལྟ་སྐུལ་ཚོད་འཛིན་བཀོད་འདོམས་ལྟེ་གནས་བཅས་སུ་ཕེབས་ནས་ལྷ་སའི་འགག་སྒོ་འཛུགས་སྐྲུན་གྱི་ལོ་རྒྱུས་ལ་ཤེས་རྟོགས་ཞིབ་ཕྲ་གནང་བ་དང་། ཁྱད་ལྡན་ཞིང་འབྲོག་ལས་ཀྱི་ཐོན་རྫས་དང་། ས་མཐོའི་ཆུའི་ཐོན་ཁུངས་སོགས་ཀྱི་ལག་རྩལ་ཞིབ་དཔྱད་ཚད་ལེན་དང་རིག་ལྡན་ལྟ་སྐུལ་དོ་དམ། ལས་སྟེགས་འཛུགས་པ་སོགས་ཀྱི་ལས་དོན་ལ་རྟོག་ཞིབ་གནང་བར་མ་ཟད། ལས་བྱེད་པ་དང་ལས་བཟོ་བ་རྣམས་ལ་བྱམས་བརྩེའི་ངང་འཚམས་འདྲི་གནང་བ་དང་ལྷ་སའི་འགག་སྒོ་ལས་ཁུངས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་དང་བཞུགས་མོལ་སྤེལ་རེས་ཀྱང་གནང་བ་རེད།

ཡན་ཅིན་ཧའེ་ཡིས་འགག་སྒོ་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་སྒོ་སྲུང་བ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགན་འཁྲི་དང་ལས་འགན་གལ་ཆེན་ཕྲག་ཏུ་ཁུར་ཡོད། སྟོབས་ཆེན་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་ལོ་རྒྱུས་ཀྱི་ལམ་བུ་གསར་པའི་ཐོག་བསྐྱོད་པར་འགག་སྒོའི་ལས་དོན་ཐད་སེམས་ནུས་གཅིག་སྒྲིལ་དང་ནུས་པ་འདོན་སྤེལ་དེ་བས་བྱེད་དགོས་པ་སྟེ། གཅིག་ནི་ཆབ་སྲིད་ཀྱི་འགག་སྒོ་སྟོབས་ཆེན་བསྐྲུན་ནས་རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཆབ་སྲིད་འཛུགས་སྐྱོང་ལ་སྐུལ་འདེད་བཏང་སྟེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་ཤེས་རྟོགས་དང་། གོ་བ་ལེན་པ། དངོས་སུ་སྒྲུབ་པའི་ཐད་རྒྱུན་མཐུད་འབད་བརྩོན་བྱས་ཏེ་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་བ་ལེན་ནུས། ཆབ་སྲིད་ཀྱི་ལག་ལེན་བསྟར་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། བྱ་སྤྱོད་དངོས་ལ་བརྟེན་ནས་གཏན་འཁེལ་གཉིས་ལ་སྲུང་སྐྱོབ་མཐའ་གཅིག་ཏུ་བྱེད་པ་དང་སྲུང་སྐྱོབ་གཉིས་མཐའ་གཅིག་ཏུ་ཐུབ་པར་བཅས་བྱེད་དགོས། ཆབ་སྲིད་འཛུགས་སྐྱོང་སྣེ་ཁྲིད་དུ་བྱས་ཏེ།

(པར་ངོས་གཉིས་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-27 6 6 拉萨日报藏文 c183315.html 1 ཡན་ཅིན་ཧའེ་ཡིས་ལྷ་སའི་འགག་སྒོར་ བརྟག་ཞིབ་གནང་བ། /enpproperty-->