分享按钮

སྟོད་ལུང་བདེ་ཆེན་ཆུས་ཀྱིས་ཁྲིམས་འགལ་ངང་མ་རྩ་བསྡུ་རུབ་བྱེད་པར་དོགས་ཟོན་བྱས་ནས་མང་ཚོགས་ཀྱི་དངུལ་ཁུག་སྲུང་བའི་སྒྲོག་འགྲེལ་གྱི་བྱེད་སྒོ་སྤེལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། སྟོད་ལུང་བདེ་ཆེན་ཆུས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་བོད་ལྗོངས་སྟོད་ལུང་མིང་ཐའེ་གྲོང་གསེབ་གྲོང་རྡལ་དངུལ་ཁང་གི་ལས་དོན་མི་སྣ་གདན་དྲངས་ནས་གདོང་དཀར་ཁྲོམ་གཞུང་གླིང་སྟོད་སྡེ་ཁུལ་གྱི་མང་ཚོགས་40ལྷག་ཙམ་ལ་དམིགས་ནས་སྟོད་ལུང་བདེ་ཆེན་ཆུས་སུ་ཁྲིམས་འགལ་ངང་མ་རྩ་བསྡུ་རུབ་བྱེད་པར་དོགས་ཟོན་བྱས་ནས་མང་ཚོགས་ཀྱི་དངུལ་ཁུག་སྲུང་བའི་སྒྲོག་འགྲེལ་གྱི་བྱེད་སྒོ་སྤེལ་བ་རེད།

བྱེད་སྒོའི་ཁྲོད། དངུལ་ཁང་གི་ལས་དོན་མི་སྣས་གོ་སླ་བའི་སྐད་ཆའི་ཐོག་ནས་མང་ཚོགས་ལ་ཁྲིམས་འགལ་ངང་མ་དངུལ་བསྡུ་རུབ་བྱེད་པ་དང་། ཁྲིམས་འགལ་ངང་མ་དངུལ་བསྡུ་རུབ་བྱེད་པའི་རྒྱུན་མཐོང་གི་བྱེད་ཐབས་དང་ཐབས་ལམ་བཞི། དེ་བཞིན་ཇི་ལྟར་བྱས་ནས་ཁྲིམས་འགལ་ངང་མ་དངུལ་བསྡུ་རུབ་བྱེད་པར་སྔོན་འགོག་དང་། ཁྲིམས་འགལ་ངང་མ་དངུལ་བསྡུ་རུབ་བྱེད་པའི་མགོ་སྐོར་འོག་ཚུད་རྒྱུར་སྔོན་འགོག་བྱེད་པ་སོགས་ཀྱི་ནང་དོན་གསལ་བཤད་ཞིབ་ཕྲ་བྱས་པ་དང་འབྲེལ་ཁྲིམས་འགལ་ངང་མ་དངུལ་བསྡུ་རུབ་བྱེད་པའི་དཔེ་མཚོན་གྱོད་དཔེ་དཔེ་རུ་དྲངས་ནས་འགྲེལ་བཤད་ཁ་གསལ་བརྒྱབ་པ་རེད།

ཐེངས་འདིའི་སྒྲོག་འགྲེལ་བརྒྱུད་ནས་མང་ཚོགས་ཀྱིས་ཁྲིམས་འགལ་གྱི་མ་དངུལ་བསྡུ་རུབ་ངོས་འཛིན་དང་བཀག་འགོག་བྱེད་པའི་ནུས་པ་སྔར་བས་ཆེ་རུ་ཕྱིན་པ་དང་། མང་ཚོགས་གྱི་ཡང་དག་པའི་དངུལ་དོན་དོ་དམ་གྱི་འདུ་ཤེས་སྔར་བས་ལེགས་སུ་ཕྱིན་ནས་དངུལ་རྩའི་བྱང་ཚད་མཐོ་རུ་ཕྱིན་ཏེ་ཁྲིམས་འགལ་གྱི་མ་དངུལ་བསྡུ་རུབ་སྔོན་འགོག་བྱེད་པའི་རྣམ་པ་བཟང་པོ་ཐུན་མོང་ཐོག་ཆགས་ཐུབ་པར་བྱས་ཡོད།

སྟོད་ལུང་བདེ་ཆེན་ཆུས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཏུན་ཧྥེང་ཀྲིས་སླད་ཕྱིན་སྟོད་ལུང་བདེ་ཆེན་ཆུས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཁྲིམས་འགལ་ངང་མ་དངུལ་བསྡུ་རུབ་བྱེད་པར་དོགས་ཟོན་བྱེད་པའི་དྲིལ་བསྒྲགས་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་དྲིལ་བསྒྲགས་བྱེད་སྟངས་གསར་གཏོད་བྱས་ཏེ་རྒྱ་ཆེའི་མང་ཚོགས་ལ་ཚུལ་མཐུན་གྱི་མ་དངུལ་བསྡུ་རུབ་དྲིལ་བསྒྲགས་དང་། ཁེ་སྤོགས་མཐོ་བའི་བསླུ་བྲིད་ལ་དོགས་ཟོན་བྱེད་པ། རང་རྟོགས་ཀྱི་སྒོ་ནས་ཁྲིམས་འགལ་གྱི་མ་དངུལ་བསྡུ་རུབ་ལ་བཀག་འགོག་བྱེད་པ། ཁྲིམས་འགལ་གྱི་མ་དངུལ་བསྡུ་རུབ་ལ་རྒྱབ་གཏོད་བྱས་ཏེ་མང་ཚོགས་ཀྱི་དངུལ་ཁུག་དང་བདེ་སྐྱིད་ཀྱི་ཁྱིམ་ཚང་ལ་སྲུང་སྐྱོང་ཡག་པོ་བྱ་རྒྱུའི་ཐད་ཁྲིད་སྟོན་བྱ་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།

(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-26 6 6 拉萨日报藏文 c183311.html 1 སྟོད་ལུང་བདེ་ཆེན་ཆུས་ཀྱིས་ཁྲིམས་འགལ་ངང་མ་རྩ་བསྡུ་རུབ་བྱེད་པར་དོགས་ཟོན་བྱས་ནས་མང་ཚོགས་ཀྱི་དངུལ་ཁུག་སྲུང་བའི་སྒྲོག་འགྲེལ་གྱི་བྱེད་སྒོ་སྤེལ་བ། /enpproperty-->