分享按钮

གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་ཡན་ལག་རུ་ཁག་གིས་ཉེས་དོན་རྩལ་ནུས་འགྲན་བསྡུར་ཆེ་མོ་གཉེར་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། མི་དམངས་ཉེན་རྟོག་པའི་ཆེད་ལས་རྩལ་ནུས་སྔར་བས་ཆེ་རུ་གཏོང་བ་དང་། ཉེས་དོན་རྩལ་ནུས་ལས་དོན་གྱི་རིམ་པ་མཐོ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་བ། རང་གྲོང་གི་ཉེས་དོན་རྩལ་ནུས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱ་ཆེད། ཉེ་ཆར་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་ཉེས་དོན་ཡན་ལག་རུ་ཁག་གིས་ཉེས་དོན་རྩལ་ནུས་འགྲན་བསྡུར་ཆེ་མོ་གཉེར་བ་རེད།

ད་ཐེངས་ཀྱི་འགྲན་བསྡུར་ཆེ་མོ་དེས་སྲོལ་རྒྱུན་གྱི་རྩད་ཞིབ་རྩལ་ནུས་དང་ད་ཆའི་རྩད་ཞིབ་ལག་རྩལ་གསར་པ་ཟུང་འབྲེལ་བེད་སྤྱོད་བྱ་རྒྱུར་མཐོང་ཆེན་བྱས་པ་དང་འགྲན་བསྡུར་ནང་ཞུགས་མཁན་བདམས་ཐོན་པ་ཚོས་སྲོལ་རྒྱུན་རྩད་ཞིབ་ལག་རྩལ་སྤྱད་དེ་ལད་ཟློས་ཉེས་གསོག་བྱ་ཡུལ་ལ་རྩད་ཞིབ་ཞིབ་ཚགས་བྱས་པ་དང་འགག་རྩའི་དངོས་དཔང་བླངས་ནས་གྱོད་གཞི་རྩད་ཞིབ་བྱ་རྒྱུར་རྒྱབ་སྐྱོར་ནུས་ལྡན་བྱས་ཡོད་པ་རེད། དེ་དང་ཆབས་ཅིག་ཁོང་ཚོས་ད་ཆའི་རྩད་ཞིབ་ལག་རྩལ་གསར་པ་བེད་སྤྱོད་བྱས་ཡོད་དེ་དཔེར་ན། སྔོན་ཐོན་ལག་རྩལ་སྤྱད་དེ་ཉེས་གསོག་བྱ་ཡུལ་སླར་གསོ་བྱེད་པ་སོགས་ཀྱང་འགྲེམས་སྟོན་བྱས་ཡོད། སྲོལ་རྒྱུན་དང་གསར་དར་གྱི་ལག་རྩལ་ཟུང་འབྲེལ་བྱས་པ་དེས་མྱུལ་ཞིབ་གྱོད་གཞི་རྩད་གཅོད་ཀྱི་ལས་ཕྱོད་ཆེ་རུ་ཕྱིན་པ་མ་ཟད། ཉེས་དོན་རྩལ་ནུས་ཁྱབ་ཁོངས་ནང་ཉེས་དོན་ཉེན་རྟོག་ཡན་ལག་རུ་ཁག་གི་གསར་གཏོད་ནུས་པ་ཡང་མངོན་ཡོད། གཞན་ཡང་དམག་ཁྱིའི་རྩལ་ནུས་ཀྱང་འགྲན་བསྡུར་ཆེན་མོའི་ནང་འགྲེམས་སྟོན་གང་ལེགས་བྱས་པ་དང་དམག་ཁྱི་དང་སློབ་ཁྲིད་པའི་དབར་ཕན་ཚུན་མཐུན་སྦྱོར་དམ་ཟབ་བྱས་པ་དང་། འགྲན་བསྡུར་ནང་ཞུགས་མཁན་བདམས་ཐོན་པ་ཚོས་དམག་ཁྱི་ཡི་རྩལ་ནུས་ལ་ངོས་འཛིན་བྱེད་ཚད་མཐོ་རུ་ཕྱིན་ཡོད་པ་རེད། འགྲན་བསྡུར་ཛ་དྲག་བྱས་པ་བརྒྱུད་གྲོང་ཁྱེར་སྤྱི་བདེ་ཅུས་སྟོད་ལུང་བདེ་ཆེན་ཡན་ལག་ཅུས་ལ་སྲོལ་རྒྱུན་གྱི་རྩད་ཞིབ་ལག་རྩལ་དང་ད་ཆའི་རྩད་ཞིབ་གསར་པར་ཨང་དང་པོ་ཐོབ་པ་རེད།

གྲོང་ཁྱེར་སྤྱི་བདེ་ཅུས་སྟོད་ལུང་བདེ་ཆེན་ཡན་ལག་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་གྱི་རྩལ་ནུས་རུ་དཔོན་ཀྲང་ཧྥེང་རུའེ་ཡིས་འགྲན་བསྡུར་ཆེན་མོས་ང་ཚོར་ལག་རྩལ་འགྲེམས་སྟོན་དང་སྤེལ་རེས་སློབ་སྦྱོང་གི་སྟེགས་བུ་ཞིག་མཁོ་འདོན་བྱས་པ་དེ་ནི་ང་ཚོའི་དངོས་འཐབ་ནུས་པའི་ཆུ་ཚད་ལ་ཡུལ་དངོས་ནས་གཟིགས་ཞིབ་བྱས་པ་ཞིག་ཡིན་ལ་ཉེས་དོན་ལག་རྩལ་དཔུང་ཁག་གི་བསམ་པའི་ཉམས་འགྱུར་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་པ་ཞིག་ཀྱང་རེད། ང་ཚོར་དངོས་འཐབ་ཁྲོད་དུ་སྦྱོང་བརྡར་དང་འཚར་ལོངས་བྱུང་བ་དང་། ལས་རིགས་ཀྱི་བྱང་ཚད་དང་དངོས་འཐབ་ཀྱི་ནུས་པའང་མཐོར་འདེགས་སུ་བཏང་ཡོད་ཅེས་བཤད།

ད་ཐེངས་ཀྱི་འགྲན་བསྡུར་ཆེ་མོས་འགྲན་བསྡུར་ལ་བརྟེན་ནས་སྦྱོང་བརྡར་ལ་སྐུལ་འདེད་དང་སྦྱོང་བརྡར་ལ་བརྟེན་ནས་ནུས་པ་མཐོ་རུ་གཏོང་བར་བརྟེན་ནས་དཔའ་ངར་ཆེན་པོས་སྔོན་ཐོན་ལ་བརྩོན་ལེན་བྱེད་པའི་རྣམ་པ་ཟབ་མོ་ཞིག་བཏོད་དེ་ཉེས་དོན་ལག་རྩལ་གསར་གཏོད་འཕེལ་རྒྱས་ཀྱི་བྱ་སྤྱོད་ནུས་པ་དང་ཕུལ་བྱུང་ཤེས་ལྡན་མི་སྣའི་གཅིག་སྡུད་ནུས་པ་མཐོ་རུ་བཏང་ཐོག་ལྷ་སའི་སྤྱི་བདེའི་ཉེས་དོན་ལག་རྩལ་དཔུང་ཁག་གི་ནུས་པ་དང་བྱང་ཚད་ཕྱོགས་ཡོངས་ནས་གཟིགས་ཞིབ་བྱས་ནས་ཉེས་དོན་ལག་རྩལ་ཚད་ལྡན་ཅན་འཛུགས་སྐྱོང་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད།

གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་ཡན་ལག་རུ་ཁག་གི་ཉེས་དོན་ཚན་རིག་ལག་རྩལ་ཞིབ་འཇུག་སུའོ་ཡི་ཀྲུའུ་རེན་ལི་ཝུན་ཀྲན་གྱིས་སླད་ཕྱིན་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་ཡན་ལག་རུ་ཁག་གིས་ཉེས་དོན་ལག་རྩལ་ལས་དོན་གསར་གཏོད་དང་འཕེལ་རྒྱས་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ་ཉེས་དོན་ཉེན་རྟོག་ཡན་ལག་རུ་ཁག་གི་ཉེས་དོན་ལག་རྩལ་མི་སྣའི་ཆེད་ལས་ཀྱི་བྱང་ཚད་དང་དངོས་འཐབ་ཀྱི་ནུས་པ་རྒྱུན་ཆད་མེད་པར་མཐོ་རུ་གཏོང་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས།

(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-26 6 6 拉萨日报藏文 c183310.html 1 གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་ཡན་ལག་རུ་ཁག་གིས་ཉེས་དོན་རྩལ་ནུས་འགྲན་བསྡུར་ཆེ་མོ་གཉེར་བ། /enpproperty-->