ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་6ཚེས་24ཉིན།གསར་འགོད་པས་གྲོང་ཁྱེར་གནམ་གཤིས་ལས་ཁུངས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། གཟའ་འཁོར་གོང་མར་རང་གྲོང་དུ་ཆར་པ་འབབ་ཚད་ཅུང་མང་བའི་གནམ་གཤིས་བསྟན་ཡོད་ཅིང་།ཆར་པ་གཙོ་བོ་བྱང་ཤར་རྒྱུད་དུ་བབས་ཡོད་པ་དང་། གཟའ་འཁོར་རེར་ཆར་པ་འབབ་ཚད་དེ་ལོ་རེའི་དུས་མཚུངས་དང་བསྡུར་ན་འདམ་གཞུང་ལ་ཅུང་མང་བ་བབས་ཡོད་པ་དང་སྙེ་མོར་རྒྱུན་གཏན་ཡིན་པ། དེ་བྱིངས་ཀྱི་ས་གནས་ཁག་ཏུ་བཅུ་ཆ་4ནས་9བར་ཉུང་དུ་སོང་ཡོད།གཟའ་འཁོར་རེའི་ཆ་སྙོམས་དྲོད་ཚད་དེ་ལོ་རེའི་དུས་མཚུངས་དང་བསྡུར་ན་འདམ་གཞུང་དང་སྙེ་མོ་རྒྱུན་གཏན་ཡིན་པ་དང་དེ་བྱིངས་ཀྱི་ས་གནས་ཁག་ཏུ་ཧྲེ་ཧྲི་ཏུའུ་1ནས་2བར་གྱིས་མཐོ་བ་ཡོད་པ་རེད།
གྲོང་ཁྱེར་གནམ་གཤིས་བརྟག་དཔྱད་ཅུས་ཀྱི་རིགས་གཅིག་མཁས་ཅན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། སྔོན་དཔག་བྱས་ན་གཟའ་འཁོར་འདིའི་ནང་རང་གྲོང་དུ་ཆར་པ་འབབ་ཚད་མང་བའི་གནམ་གཤིས་བསྟན་རྒྱུ་ཡིན་ཞིང་། དུས་མཚམས་ཁག་གཅིག་གི་ཤུགས་ཚད་ཅུང་ཆེ་བ་མ་ཟད། འབྲུག་སྒྲ་གྲགས་པ་དང་ལྷགས་པ་ཆེན་པོ་རྒྱག་པ་དང་། དུས་ཐུང་ལ་དྲག་ཆར་འབབ་པ་སོགས་གཏད་རྒྱུག་རང་བཞིན་གྱི་གནམ་གཤིས་ཀྱང་བསྟན་རྒྱུ་ཡིན་པ་རེད། གཟའ་འཁོར་འདིའི་ནང་ས་གནས་ཁག་གི་དྲོད་ཚད་སྙོམས་པོ་ཡོད་ཅིང་། གནམ་གཤིས་ཀྱི་བརྒྱུད་རིམ་གཙོ་བོ་ནི། རེས་གཟའ་ཟླ་བ་ནས་རེས་གཟའ་ལྷག་པའི་བར།རང་གྲོང་དུ་སྤྲིན་པ་མང་པོ་འཁོར་ནས་ཆར་པ་ཆུང་བའམ་འབྲུག་ཆར་འབབ་རྒྱུ་དང་། བྱང་ཤར་རྒྱུད་ཀྱི་ཤང(གྲོང་རྡལ)ཁ་ཤས་སུ་ཆར་པ་འབྲིང་བ་འབབ་རྒྱུ། རེས་གཟའ་ཕུར་བུ་ནས་རེས་གཟའ་པ་སངས་བར།རང་གྲོང་དུ་གནམ་འཐིབས་ནས་ཆར་པ་ཆུང་བའམ་འབྲུག་ཆར་འབབ་རྒྱུ་དང་། ས་ཆ་ཁ་ཤས་སུ་ཆར་པ་འབྲིང་བ་ནས་ཆར་པ་ཆེ་བ་འབབ་རྒྱུ། རེས་གཟའ་སྤེན་པ་ནས་རེས་གཟའ་ཉི་མའི་བར།ས་གནས་ཁག་ཏུ་སྤྲིན་པ་མང་པོ་འཁོར་རྒྱུ་ཡིན་ཞིང་། དུས་མཚམས་ཁ་ཤས་སུ་ཆར་སིམ་མམ་འབྲུག་ཆར་འབབ་རྒྱུ་ཡིན་པ་རེད། གྲོང་ཁྱེར་གནམ་གཤིས་བརྟག་དཔྱད་ལས་ཁུངས་ཀྱིས་གཟའ་འཁོར་འདིའི་ནང་ཆར་ཆུ་འབབ་ཚད་ཅུང་མང་བ་དང་། ས་ཆ་ཁག་གཅིག་ཏུ་ཤུགས་ཚད་ཅུང་ཆེ་བས་ས་གཤིས་ཀྱི་གནོད་འཚེ་དང་ཉེན་ཁ་ཅུང་ཆེ་བ་ཡོད་པས་ས་ཆ་ཁ་ཤས་སུ་ཆུ་ལོག་དང་། འདམ་རྡོའི་ཆུ་རུད། རི་ཉིལ་བ་སོགས་ཀྱི་གནོད་འཚེ་ཐོན་རྒྱུར་སྔོན་འགོག་བྱེད་དགོས་པ་དང་། དུས་མཚུངས་སུ་འགྲོ་ལམ་བདེ་འཇགས་ཀྱི་དོ་དམ་ལས་དོན་ལ་ཤུགས་སྣོན་རྒྱག་དགོས་ཤིང་། ས་སྲོད་ནས་མཚན་མོའི་བར་འབྲུག་སྒྲ་གྲཊ་པ་དང་།ལྷཊ་པ་ཆེན་པོ་རྒྱག་པ། སེར་བ་འབབ་པ། དུས་ཐུང་ལ་དྲག་ཆར་འབབ་པ་སོཊ་གཏད་རྒྱུག་རང་བཞིན་གྱི་གནམ་གཤིས་འབྱུང་སླ་བས་སྔོན་འགོག་ལ་ཤུགས་སྣོན་རྒྱག་དགོས་པའི་གྲོས་འགོ་བཏོན་ཡོད།
(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社