(པར་ངོས་དང་པོར་མཐུད)གཞོན་ནུའི་སྤེལ་རེས་གཟའ་འཁོར་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་ཡོད།
ཞི་ཅིན་ཕིང་གིས“ཀུའུ་ལིང་ལས་འབྲེལ”ནི་ཀྲུང་གོ་དང་ཨ་རིའི་མི་དམངས་ཀྱི་མཛའ་གྲོགས་འགྲོ་འོང་གི་གཏམ་རྒྱུད་སྙན་མོ་ཞིག་ཡིན་པས། ཀྲུང་གོ་དང་ཨ་རིའི་ལས་རིགས་ཁག་གི་གཞོན་ནུ་ཧྥུ་ཀྲོའུ་རུ་འཛོམས་ནས་ཀུའུ་ལིང་གི་གཏམ་རྒྱུད་ཕྱིར་དྲན་དང་ཀུའུ་ལིང་གི་བརྩེ་སེམས་རྒྱུན་འཛིན་བྱས་ཏེ་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་པོའི་མི་དམངས་བར་གྱི་སྤེལ་རེས་དང་བསམ་ཤེས་བྱེད་ཚད་ཟབ་ཏུ་འགྲོ་བ་མཐོང་སྐབས་དགའ་ཚོར་ཧ་ཅང་ཆེན་པོ་བྱུང་ཞེས་བསྟན་ཡོད།
ཞི་ཅིན་ཕིང་གིས་གཞོན་ནུ་ནི་སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་ཕུཊ་བསམ་གྱི་ཕྱུག་པ་ཤ་སྟག་ཡིན་པས། ཀྲུང་གོ་དང་ཨ་རིའི་འབྲེལ་བའི་འབྱུང་འགྱུར་གཞོན་ནུ་རྣམས་ལ་ཐུག་ཡོད། ཁྱེད་ཚོས་སྤེལ་རེས་གཏིང་ཟབ་བྱེད་པ་དང་མཛའ་བཤེས་ཟབ་ཏུ་གཏོང་བ། ཕན་ཚུན་རྒྱུས་མངའ་ལོན་པ་དང་བརྩེ་སེམས་འཆང་བ། ལག་གདང་སྦྲེལ་ནས་མཉམ་དུ་སྐྱོད་པ་བཅས་བྱས་ཐོག ཀྲུང་གོ་དང་ཨ་རིའི་མཛའ་གྲོཊ་རྒྱུན་འཛིན་བྱེད་པ་དང་། ཀྲུང་གོ་དང་ཨ་རིའི་འབྲེལ་བ་སྐྱོན་བྲལ་དང་བརྟན་ལྷིང་ངང་འཕེལ་རྒྱས་འགྲོ་རྒྱུར་སྟོབས་ཤུཊ་ལེཊ་སྐྱེས་སུ་ཕུལ་ཏེ། འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་དང་མཉམ་དུ་ཞི་བདེ་མཉམ་བསྐྲུན་དང་། ཡར་རྒྱས་མཉམ་སྐུལ། དར་རྒྱས་མཉམ་གཏོད་བཅས་བྱ་རྒྱུའི་རེ་བ་ཡོད་ཅེས་ནན་གསུངས་གནང་ཡོད།
2024ལོའི“ཀུའུ་ལིང་ལས་འབྲེལ”གྱི་ཀྲུང་གོ་དང་ཨ་རིའི་གཞོན་ནུའི་སྤེལ་རེས་གཟའ་འཁོར་དེ་ཉིན་ཧྥུ་ཅན་ཞིང་ཆེན་ཧྥུ་ཀྲོའུ་གྲོང་ཁྱེར་དུ་འགོ་ཚུགས་པ་དང་། ཀྲུང་གོ་མི་དམངས་ཕྱི་ཕྱོགས་མཛའ་གྲོགས་མཐུན་ཚོགས་དང་། ཧྥུ་ཅན་ཞིང་ཆེན་མི་དམངས་སྲིད་གཞུང་། ཀྲུང་ཧྭ་རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་གཉེར་བ་རེད། (སྟོབས་རྒྱལ་དང་བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社