分享按钮

ཀྲུང་གོའི་རྔ་པ་ཡག་པོའི་སྒྱུ་རྩལ་དུས་ཆེན་སྐབས་བརྒྱད་པའི་བོད་ལྗོངས་ལྷ་སའི་འགྲན་ཁུལ་གྱི་འགྲན་བསྡུར་འགོ་ཚུཊ་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་6ཚེས་23ཉིན། ཀྲུང་གོའི་རྔ་པ་ཡག་པོའི་སྒྱུ་རྩལ་དུས་ཆེན་སྐབས་བརྒྱད་པའི་བོད་ལྗོངས་ལྷ་སའི་འགྲན་ཁུལ་གྱི་འགྲན་བསྡུར་དེ་རང་གྲོང་གི་གླིང་ཆེན་གསོལ་མགྲོན་ཁང་དུ་གཉེར་ཞིང་། ལྷ་ས་སོཊ་ས་ཁུལ(གྲོང་ཁྱེར)ནས་ཡོང་བའི་རྔ་པ་ཆུང་ཆུང་60ལྷག་ཙམ་གྱིས་གར་སྟེཊ་ཐོག་རྔ་རྩལ་འགྲན་བསྡུར་བྱས་ཏེ་རོལ་དབྱངས་ཀྱི་ཡིད་དབང་འཕྲོག་ཤུཊ་མཉམ་སྤྱོད་བྱས་ཡོད།

《ཀྲུང་གོའི་རྔ་པ་ཡག་པོ》ཞེས་པ་དེ་2016ལོར་བཙུགས་པ་ནས་བཟུང་སྐབས་བདུན་གྲུབ་འབྲས་ཐོབ་པའི་ངང་གཉེར་ཟིན་པ་དང་།ལོ་ལྟར་རྔ་རྡུང་བར་དགའ་པོ་ཡོད་པའི་མི་ཁྲི་ཁ་ཤས་ཞུགས་ཀྱི་ཡོད་ཅིང་། སློབ་མ་དེ་དག་རང་རྒྱལ་གྱི་གྲོང་ཁྱེར་100ལྷག་ཙམ་ལ་ཁྱབ་ཡོད། 2024ལོའི་སྐབས་བརྒྱད་པའི་ཀྲུང་གོའི་རྔ་པ་ཡག་པོའི་ལྷ་སའི་འགྲན་ཁུལ་གྱི་འགྲན་བསྡུར་བྱེད་སྒོ་སྤེལ་ཡུལ་དུ་ན་ཚོད་མི་འདྲ་བའི་བདམས་ཐོན་པ་ཚོས་ངོ་མཚར་ཆེ་བའི་རྔ་རྡུང་འཁྲབ་སྟོན་བྱས་པ་དང་། ལྟད་མོ་བ་ཚོའི་ཡིད་ཀྱི་བསྟན་པ་དབང་མེད་དུ་འཕྲོག་ནས་ཐལ་མོའི་རྡེབ་སྒྲ་ཡང་ཡང་གྲགས་ཡོད་པ་རེད།

འགྲན་བསྡུར་ནང་ཞུགས་མཁན་ལི་ཅིའུ་དབྱི་ལ་འགྲན་བསྡུར་གྱི་སྐར་གྲངས་92.10རག་བཟོ་ཡོད་མོད། འོན་ཀྱང་ད་ཐེངས་རྔ་རྩལ་ཡག་པོ་ངོམས་ཐུབ་མེད་པའི་རྐྱེན་གྱིས་དོན་དངོས་ཀྱི་སྐར་གྲངས་དང་གདེང་ཚོད་ཡོད་པའི་སྐར་གྲངས་གཉིས་ཧེ་བག་ངེས་ཅན་ཞིག་ཡོད།ལི་ཅིའུ་དབྱི་ཡིས་སྐར་གྲངས་དེ་ངས་གདེང་ཚོད་བྱས་པའི་སྐར་གྲངས་སུ་སླེབས་མེད་པས་བློ་ཕམ་ཏོག་ཙམ་སྐྱེས་བྱུང་། ཡིན་ནའང་ང་རྔ་རྡུང་གི་འགྲན་བསྡུར་ལ་ཞུགས་རྒྱུར་ཧ་ཅང་དགའ་པོ་ཡོད། ཕྱིས་འབྱུང་ངས་མུ་མཐུད་འབད་བརྩོན་བྱ་རྒྱུ་ཡིན་ཞེས་བཤད།

(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-26 6 6 拉萨日报藏文 c183305.html 1 ཀྲུང་གོའི་རྔ་པ་ཡག་པོའི་སྒྱུ་རྩལ་དུས་ཆེན་སྐབས་བརྒྱད་པའི་བོད་ལྗོངས་ལྷ་སའི་འགྲན་ཁུལ་གྱི་འགྲན་བསྡུར་འགོ་ཚུཊ་པ། /enpproperty-->