(པར་ངོས་དང་པོར་མཐུད)གཉིས་ནས་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་གྲོང་ཁྱེར་ཡོངས་ཀྱི་ཆོས་ལུཊ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོཊ་འདུའི་ཐོག་གནང་བའི་གསུང་བཤད་ཀྱི་དགོངས་དོན་ལྟར“ཁྲིད་སྟོན་དང་། འགོག་སྲུང་། དོ་དམ། འཛུཊ་སྐྲུན”བཅས་ཐད་འབད་བརྩོན་བྱས་ནས་ལས་འགན་དོན་འཁྱོལ་དམ་འཛིན་ནན་པོ་བྱས་ཏེ་འགོ་ཁྲིད་ཚོཊ་ཆུང་གཞུང་དོན་ཁང་གིས་གཅིག་གྱུར་འཆར་འགོད་མཐུན་སྦྱོར་ལ་ཤུཊ་སྣོན་དང་ཁོངས་མིའི་ཚན་པ་ཁག་གིས་འགན་འཁྲི་ཁག་བགོས་ལྟར་རང་འགུལ་ངང་འགན་འཁུར་ནས་རང་འགན་རང་སྒྲུབ་དང་མཐུན་སྦྱོར་ནུས་ཆེའི་ལས་ཀའི་མཉམ་ཤུཊ་ཤིག་ཆཊ་པར་བྱེད་དགོས། བརྟན་ལྷིང་ལ་སྲུང་སྐྱོང་དང་བདེ་འཇཊ་ཐོན་སྐྱེད་ཀྱི“སྣ་འདུས་ཐབས་བཟང”རྒྱུན་ཆད་མེད་པར་གཏོད་དེ་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བའི་ལས་དོན་ཁྲོད་ཀྱི་ཆོས་ལུཊ་དང་འབྲེལ་བ་ཡོད་པའི་ལས་བྱེད་པས་གཙོ་ཁྲིད་ཀྱི་ནུས་པ་རྒྱུན་ཆད་མེད་པར་འདོན་སྤེལ་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད།
གྲོང་ཨུད་རྩ་འཛུགས་པུའུ་དང་། གྲོང་ཨུད་དྲིལ་བསྒྲགས་པུའུ། གྲོང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ། གྲོང་ཨུད་དྲ་རྒྱའི་ཆ་འཕྲིན་གཞུང་དོན་ཁང་། གྲོང་ཁྱེར་སྤྱི་བདེ་ཅུས་སོགས་གྲོང་ཁྱེར་ཆོས་ལུགས་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མིའི་ཚན་པའི་འགན་འཁུར་བ་ཚོགས་འདུར་ཞུགས་ཡོད་པ་རེད།
(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社