分享按钮

གྲོང་ཁྱེར་ཡོངས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཁོངས་གཏོགས་ཀྱི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ཆེད་དོན་ཉེན་བརྡའི་སློབ་གསོ་དང་སྲིད་དོན་གཙང་སྐྱོང་གི་ཏང་གི་སློབ་ཚན་ཟུར་ཁྲིད་ཀྱི་ཚོགས་འདུ་འཚོགས་པ།

མ་ཝུན་ཆིང་གིས་ཆེད་དོན་སྲིད་དོན་གཙང་སྐྱོང་གི་ཏང་གི་སློབ་ཚན་ཁྲིད་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་6ཚེས་24ཉིན་གྲོང་ཁྱེར་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ཨུ་ལྷན་གྱིས་གྲོང་ཁྱེར་ཡོངས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཁོངས་གཏོགས་ཀྱི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ཆེད་དོན་ཉེན་བརྡའི་སློབ་གསོ་དང་སྲིད་དོན་གཙང་སྐྱོང་གི་ཏང་གི་སློབ་ཚན་ཟུར་ཁྲིད་ཀྱི་ཚོགས་འདུ་འཚོགས་པ་རེད།

རང་སྐྱོང་ལྗོངས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་རྒྱུན་ཨུ་དང་།གྲོང་ཨུད་ཀྱི་རྒྱུན་ཨུ། གྲོང་ཁྱེར་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི།ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཅས་ཡིན་པའི་མ་ཝུན་ཆིང་གིས་ཆེད་དོན་སྲིད་དོན་གཙང་སྐྱོང་གི་ཏང་གི་སློབ་ཚན་ཁྲིད་གནང་བ་རེད།

ཚོགས་འདུའི་ཐོག་ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དང་།ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གྱི་དགོངས་དོན་དང་དེ་བཞིན་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་ལས་ཁུངས་ཉེན་བརྡའི་སློབ་གསོའི་ཚོགས་འདུ་དང་།ལྗོངས་དང་གྲོང་ཁྱེར་གྱི་ཉེན་བརྡའི་སློབ་གསོའི་ཚོགས་ཆེན།ལྗོངས་ཡོངས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཁོངས་གཏོགས་ཀྱི་ཉེན་བརྡའི་སློབ་གསོའི་ཚོགས་ཆེན་བཅས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་སྦྲགས་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་བྱེད་པའི་སྒྲིག་འགལ་ཁྲིམས་འགལ་གྱི་དཔེ་མཚོན་གྱོད་དཔེ་8བརྡ་ཁྱབ་བཏང་བ་རེད།

ཚོགས་འདུའི་ཐོག་ཉེན་བརྡ་རྒྱུན་སྒྲོག་དང་གྱོད་གཞི་མིག་དཔེར་འཛིན་ནས་གུས་ཤིང་སྐྲག་པ་དང་།བསླབ་བྱ་བསྡུ་ལེན་གཏིང་ཟབ་བྱས་ཏེ་ཆབ་སྲིད་ཀྱི་སྒྲིག་ཁྲིམས་ནན་སྲུང་དང་།ཆབ་སྲིད་ཀྱི་སྒྲིག་ལམ་ནན་སྲུང་།རྩ་འཛུགས་ཀྱི་སྒྲིག་ཁྲིམས་ནན་སྲུང་།རྩ་འཛུགས་ཀྱི་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་བ།སྤྱོད་གཙང་གི་སྒྲིག་ཁྲིམས་ནན་སྲུང་།རུལ་སུངས་འགོག་སྲུང་གི་འཛིང་རགས་བརྟན་པོ་འཛུགས་པ།མང་ཚོགས་ཀྱི་སྒྲིག་ཁྲིམས་ནན་སྲུང་། མི་དམངས་ཀྱི་ལངས་ཕྱོགས་སུ་བརྟན་པོར་ལངས་པ།ལས་ཀའི་སྒྲིག་ཁྲིམས་ནན་སྲུང་།འགན་འཁུར་ཕོད་པ་དང་བྱས་རྗེས་འཇོག་པ། འཚོ་བའི་སྒྲིག་ཁྲིམས་ནན་སྲུང་། ཀུན་སྤྱོད་སྦྱོང་བརྡར་བཅས་བྱེད་དགོས། རྟག་ཏུ་དོགས་ཟོན་བྱས་ཏེ་མི་འདང་སར་ཁ་ཕྱོགས་གསལ་སྟོན་དང་།རྐྱེན་མ་བྱུང་གོང་ནས་འགོག་དགོས་པ།གནད་དོན་གྱི་འདུ་ཤེས་དྲག་པོ་དང་གནད་དོན་གྱི་ཕྱོགས་སྟོན་མངོན་གསལ་དོད་པོས་བཙུགས་ནས་དད་མོས་ཉམས་ཞན་དུ་སོང་བའི་ཉེན་ཁ་དང་།བསམ་པ་ལྷོད་གཡེང་དུ་སོང་བའི་ཉེན་ཁ་དང་། ནུས་པ་མི་འདང་བའི་ཉེན་ཁ། དབང་ཆ་ཚད་ལས་བརྒལ་ནས་སྤྱོད་པའི་ཉེན་ཁ། སྤྱོད་གཙང་མི་སྲུང་བའི་ཉེན་ཁ་བཅས་ལ་དུས་དང་རྣམ་པ་ཀུན་ཏུ་དོགས་ཟོན་བྱས་ཏེ་རང་ཉེན་རང་བརྟག་དང་རང་བརྟག་རང་བཅོས་བྱེད་པའི་ཁྲོད་ཕྱོགས་ཡོངས་ནས་ཕྱོགས་བསྡུས་ཀྱི་བྱང་ཚད་མཐོ་རུ་གཏོང་དགོས། སྦྱངས་པ་ལག་ལེན་དུ་བསྟར་བ་དང་།བསམ་སྦྱོར་གཅིག་མཐུན་གྱི་ཁྲོད་དུ་སྒྲིག་ཁྲིམས་ཡག་པོ་སྦྱོང་བ་དང་། སྒྲིག་ཁྲིམས་ཡག་པོ་བསྟར་བ། སྒྲིག་ཁྲིམས་ཡག་པོ་སྲུང་བ་བཅས་བྱེད་དགོས།

ཚོགས་འདུ་དེ་བརྙན་འཕྲིན་ཁ་པར་གྱི་རྣམ་པའི་ཐོག་ནས་འཚོགས་པ་རེད།

(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-26 མ་ཝུན་ཆིང་གིས་ཆེད་དོན་སྲིད་དོན་གཙང་སྐྱོང་གི་ཏང་གི་སློབ་ཚན་ཁྲིད་པ། 6 6 拉萨日报藏文 c183301.html 1 གྲོང་ཁྱེར་ཡོངས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཁོངས་གཏོགས་ཀྱི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ཆེད་དོན་ཉེན་བརྡའི་སློབ་གསོ་དང་སྲིད་དོན་གཙང་སྐྱོང་གི་ཏང་གི་སློབ་ཚན་ཟུར་ཁྲིད་ཀྱི་ཚོགས་འདུ་འཚོགས་པ། /enpproperty-->