ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་6ཚེས་22ཉིན།སི་ཁྲོན་སྒྱུ་རྩལ་ལས་རིཊ་སློབ་གླིང་དང་ལྷ་ས་གྲོང་ཁྱེར་གླུ་གར་ཚོགས་པའི་མངཊ་བཅོལ་གསོ་སྦྱོང་འཛིན་གྲྭའི་དགེ་སློབ་ཚོས་མཉམ་དུ་འཁྲབ་སྟོན་བྱས་པའི་ཐོག་མའི་གསར་རྩོམ་བྱིས་པའི་ཟློས་གར《དམག་དུང་ཆུང་ཆུང》ཞེས་པ་དེ་བོད་ལྗོངས་ཟློས་གར་ཁང་དུ་བདེ་བླག་ངང་འཁྲབ་སྟོན་བྱས་ནས་གྲོང་མི་མང་ཚོཊ་ལ་བལྟ་ཉན་གྱི་གསོལ་སྟོན་གཟབ་རྒྱས་ཤིག་བཤམས་ཡོད།
《དམག་དུང་ཆུང་ཆུང》ཞེས་པའི་ནང་ཞབས་བྲོའི་གཞི་རྩའི་གཞི་རྒྱུ་དང་བྱིས་པའི་ཟློས་གར་གྱི་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་གྱི་ལྟ་ཕྱོགས་ཐོག་ནས་དམར་དམག་གི་བྱས་རྗེས་རླབས་ཆེན་གསོན་ཉམས་ལྡན་པའི་སྒོ་ནས་མངོན་ཞིང་།གསར་བརྗེའི་སྔོན་གཤེགས་དཔའ་བོ་རྣམས་ལ་དྲན་གསོ་ཞུས་ཡོད།ཟློས་གར་དེའི་ནང་སི་ཁྲོན་དང་ཧྲའན་ཤིས་སུའུ་ཝེ་ཨེད་ས་ཁུལ་གྱི་གསར་བརྗེའི་འཐབ་རྩོད་ཀྱི་བྱས་རྗེས་རྒྱབ་ལྗོངས་སུ་བྱས་ཏེ་གྲོང་གསེབ་ཀྱི་ཕྲུ་གུ་ཞིག་དང་ཁོང་གི་གྲོགས་པོ་ཆུང་ཆུང་ཚོའི་ལས་དབང་གི་འགྱུར་ལྡོག་བརྒྱུད་ཁོང་ཚོས་དམར་དམག་གི་སྙིང་སྟོབས་ཀྱི་སྐུལ་སློང་འོག་རིམ་བཞིན་འཚར་ལོངས་བྱུང་བ་དང་།གོ་རྟོགས་སད་པ། ཡར་ཐོན་བཅས་དང་།གསར་བརྗེའི་ཕུགས་འདུན་ཡིད་ལ་བཟུང་ནས་མདུན་སྐྱོད་རྗེས་མཐུད་དང་དཔའ་ངར་ཆེན་པོས་འབད་འཐབ་བྱས་པའི་གཏམ་རྒྱུད་བརྗོད་ཡོད།
ད་ཐེངས་ལྷ་སའི་ས་ཚིགས་ཀྱི་འཁྲབ་སྟོན《དམག་དུང་ཆུང་ཆུང》ཞེས་པའི་སྐོར་སྐྱོད་འཁྲབ་སྟོན་སླར་ཡང་བདེ་བླག་ངང་ལེགས་གྲུབ་བྱུང་ཞིང་། འཁྲབ་སྟོན་བྱེད་རིང་འཁྲབ་སྟོན་པ་ཆུང་ཆུང་ཚོས་སྤྲོ་སེམས་དང་རྩེར་སོན་གྱི་ལག་རྩལ་ལ་བརྟེན་ནས་ཟློས་གར་ནང་གི་མི་སྣ་གསོན་ཉམས་དོད་པོས་མངོན་པར་བྱས་ནས་མི་སེམས་འགུལ་བའི་བྱུང་རིམ་ལ་ལྟད་མོ་བ་རྣམས་སེམས་འགུལ་ཆེན་པོ་ཐེབས་ཤིང་།ཡུལ་དངོས་ཀྱི་ལྟད་མོ་བས་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་ཡོད།ལྟད་མོ་བ་ཚོས《དམག་དུང་ཆུང་ཆུང》ཞེས་པར་བལྟས་པས་ང་ཚོར་གསར་བརྗེའི་སྔོན་གཤེགས་དཔའ་བོའི་དཔའ་ངར་དང་སྒེར་སེམས་མེད་པའི་ལེགས་སྐྱེས་འབུལ་ལུགས་ཚོར་ཐུབ་པར་མ་ཟད།ད་ལྟའི་བདེ་སྐྱིད་ལྡན་པའི་འཚོ་བ་ནི་ལས་སླ་པོ་ཞིག་མིན་པ་དེར་མྱོང་ཚོར་ཟབ་མོ་བྱུང་ཞེས་བཤད།
ལྷ་ས་གྲོང་ཁྱེར་གླུ་གར་ཚོགས་པའི(ཟློས་གར་ཚོགས་པ)ཚོགས་གཙོ་ཝུའེ་ཏུང་གིས《དམག་དུང་ཆུང་ཆུང》ཞེས་པ་ནི་བྱིས་པའི་ཟློས་གར་ཞིག་ཡིན་པར་མ་ཟད། ལོ་རྒྱུས་ཀྱི་ནང་དོན་དང་དུས་རབས་ཀྱི་དོན་སྙིང་ཟབ་མོ་ལྡན་པའི་སྒྱུ་རྩལ་བརྩམས་ཆོས་ཤིག་ཀྱང་ཡིན།དེས་གསོན་ཉམས་ལྡན་པའི་གར་སྟེགས་ཀྱི་མཚོན་ཚུལ་དང་མི་སེམས་འགུལ་བའི་གཏམ་རྒྱུད་ཀྱི་བྱུང་རིམ་བརྒྱུད་ལྟད་མོ་བར་སྐབས་དེའི་དགའ་སྐྱོ་གཉིས་ལྡན་གྱི་དམར་དམག་གསར་བརྗེའི་འཐབ་རྩོད་ཀྱི་ལོ་རྒྱུས་དེ་བསྐྱར་དྲན་བྱས་པ་དང་དུས་མཚུངས་དུས་རབས་གསར་པའི་གཞོན་ནུའི་རྒྱལ་གཅེས་འབད་འཐབ་ཀྱི་སྙིང་སྟོབས་ཀྱང་འཕེལ་ཐུབ་པ་བྱུང་ཡོད། ང་ཚོས་ཕུལ་བྱུང་གི་སྒྱུ་རྩལ་བརྩམས་ཆོས་དེ་བས་མང་བ་ཞིག《དམག་དུང་ཆུང་ཆུང》དང་འདྲ་བར་ལོ་རྒྱུས་ཀྱི་དྲན་ཤེས་དང་དུས་རབས་ཀྱི་རྒྱུན་འཛིན་ཟུང་འབྲེལ་ཡག་པོ་བྱས་ནས་ང་ཚོར་བསམ་གཞིག་དང་བློ་སྒོ་དེ་བས་མང་བ་འབྱེད་ཐུབ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་བཤད།(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社