ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཟླ་6ཚེས་23ཉིན།ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་ལྷ་ཀླུ་འདམ་ར་སྲུང་སྐྱོང་རྣམ་གྲངས་ཀྱི་འཆར་འགོད་ལས་དོན་ལ་བརྟག་ཞིབ་གནང་བ་དང་འབྲེལ་བཞུགས་མོལ་ཚོགས་འདུ་ཡང་འཚོགས་ཤིང་། ཁོང་གིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ལེན་གཏིང་ཟབ་བྱེད་པ་དང་། གཅིག་གྱུར་གྱི་འཆར་འགོད་དང་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། ཞིབ་ཕྲའི་ཚོད་འཛིན་ལ་སྣང་ཆེན་བྱེད་པ། ཚད་གཞི་མཐོ་བ་དང་ཆུ་ཚད་མཐོ་བའི་སྒོ་ནས་ལྷ་ཀླུ་འདམ་རར་སྲུང་སྐྱོང་ཡག་པོ་བཅས་བྱས་ཏེ།གྲོང་ཁྱེར་གྱི་སྤུས་ཚད་དང་ཡིད་དབང་འཕྲོག་ཤུགས་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་མང་ཚོགས་ཀྱི་ཐོབ་སྣང་དང་། བདེ་སྣང་། སྐྱིད་སྣང་བཅས་ཆེ་རུ་གཏོང་དགོས་པའི་ནན་གསུངས་གནང་བ་རེད།
གྲོང་ཁྱེར་གྱི་འགོ་ཁྲིད་ཝང་ཆང་དང་། ཞུས་ཧའེ། ཀྲང་ཁྲུན་དབྱང་། བློ་གསལ། ཀའོ་ཅུན་བཅས་དང་། ལྗོངས་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་དང་ཅུས་ཀྲང་གཞོན་པ་ཚུལ་ཁྲིམས་རྒྱ་མཚོ། ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་གི་ཏང་ཙུའི་ཁོངས་མི་དང་ཐིང་ཀྲང་གཞོན་པ་ཨ་སྲོང་བཅས་བརྟག་ཞིབ་ནང་ཞུགས་ཡོད་པ་རེད།
དབྱར་དུས་ཀྱི་ལྷ་ཀླུ་འདམ་ར་འདི་ཉིད་སྔོ་ཐིང་ཐིང་དུ་གྱུར་ནས་མཛེས་སྡུག་རྣམ་པར་བཀྲ་བ་ཞིག་ཡོད་པ་རེད།
(པར་ངོས་གཉིས་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社