ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར།ལྷ་ས་གྲོང་ཁྱེར་གྱིས་ཆོས་ལུགས་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཆེད་དོན་ཚོགས་འདུ་འཚོགས་པ་རེད།
གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་།གྲོང་ཁྱེར་ཆོས་ལུགས་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་རྒྱུན་ལས་ཙུའུ་ཀྲང་གཞོན་པ་ཀྲའོ་ཧུའེ་ཉན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
གྲོང་ཨུད་ཀྱི་རྒྱུན་ཨུ་དང་། གྲོང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་། གྲོང་ཁྱེར་ཆོས་ལུགས་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་ཀྲུའུ་རེན་བཅས་ཡིན་པའི་སྐལ་བཟང་ཚེ་བརྟན་ཚོགས་འདུར་ཞུགས་ཡོད་པ་རེད།
ཚོགས་འདུའི་ཐོག 《ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་ལ་བརྟག་ཞིབ་གནང་སྐབས་གནང་བའི་གསུང་བཤད་ཀྱི་དགོངས་དོན》དང《ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་མཚུར་ཕུ་དགོན་དང་གནས་ནང་དགོན་དུ་བརྟག་ཞིབ་གནང་སྐབས་ཀྱི་གསུང་བཤད་ཀྱི་དགོངས་དོན》བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་།ཚོགས་འདུའི་ཐོག《དར་ལྕོག་དང་རླུང་རྟ་སོགས་དམངས་སྲོལ་ཆོས་ལུགས་ཀྱི་སྤྱོད་ཆས་བེད་སྤྱོད་དོ་དམ་སྔར་བས་ཚད་ལྡན་དུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》སོགས་ལ་ཞིབ་འཇུག་བྱས་ཡོད།
ཀྲའོ་ཧུའེ་ཉན་གྱིས་གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས“ཕན་འདོགས་པ་ལྔའི”ཚད་གཞིར་གཡོ་འགུལ་སྤུ་ཙམ་ཡང་མེད་པར་མཐའ་འཁྱོངས་བྱས་ཏེ“འདུ་ཤེས་གསུམ”གྱི་སློབ་གསོ་དེ་སྤྱི་ཚོཊ་བརྟན་ལྷིང་གི་རྨང་གཞིར་བརྩིས་ནས་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་དང་ལས་ཀའི་འཇོན་ཐང་ཆེ་རུ་གཏོང་བ། ཁྲིམས་ལྟར་ཆོས་ལུཊ་ལས་དོན་ལ་དོ་དམ་བྱེད་པའི་ནུས་པ་དང་ཆུ་ཚད་ཕྱོཊ་ཡོངས་ནས་མཐོ་རུ་གཏོང་དགོས་པ་སྟེ། གཅིག་ནས་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་འཐབ་ཕྱོཊ་གཅིག་གྱུར་པུའུ་ལ་བརྟག་ཞིབ་གནང་སྐབས་གནང་བའི་གསུང་བཤད་ཀྱི་དགོངས་དོན་གཞིར་བཟུང་ལས་ཀའི་གཙོ་གནད་འབུར་དུ་ཐོན་པར་བྱས་ཏེ་ཚན་རིག་དང་མཐུན་པའི་སྒོ་ནས་རང་གྲོང་གི་ཆོས་ལུཊ་ལས་དོན་གྱི་ཉམས་མྱོང་ཕྱོཊ་བསྡོམས་བྱས་ཐོག་གནས་ཚུལ་གསར་པར་ཞིབ་འཇུག་ཧུར་ཐག་དང་། རང་འགུལ་ངང་གནད་དོན་གསར་པ་ཐག་གཅོད་བྱེད་པ། ལམ་སྲོལ་གསར་པ་རྒྱུན་ཆད་མེད་པར་འཚོལ་ཞིབ་བཅས་བྱེད་དགོས་པ། (པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社