分享按钮

རྒྱལ་ཡོངས་ཀྱི་ཚན་རྩལ་ཚོགས་ཆེན་དང་།རྒྱལ་ཁབ་ཚན་རིག་ལག་རྩལ་གྱི་བྱ་དགའི་ཚོགས་ཆེན།ཁང་གཉིས་ཀྱི་ཡོན་ཧྲིའི་ཚོཊ་ཆེན་པེ་ཅིང་དུ་འཚོཊ་པ།

ལི་ཆང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ཏིང་ཤུའེ་ཞང་གིས་བྱ་དགའི་གཏན་འབེབས་སྒྲོག་སྦྱངས་གནང་བ། ཀྲའོ་ལེ་ཅི་དང་། ཝང་ཧུའུ་ཉིང་། ཚའེ་ཆི། ལི་ཞི་བཅས་ཚོགས་འདུར་ཕེབས་པ།

ཟླ་6ཚེས་24ཉིན། རྒྱལ་ཡོངས་ཀྱི་ཚན་རྩལ་ཚོགས་ཆེན་དང་། རྒྱལ་ཁབ་ཚན་རིག་ལག་རྩལ་གྱི་བྱ་དགའི་ཚོགས་ཆེན། ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲིའི་ཚོགས་ཆེན་ཐེངས་ཉེར་གཅིག་པ། ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲིའི་ཚོགས་ཆེན་ཐེངས་བཅུ་བདུན་པ་བཅས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་གཟབ་རྒྱས་ངང་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚོགས་ཆེན་ཐོག་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཟླ་6ཚེས་24ཉིན། རྒྱལ་ཡོངས་ཀྱི་ཚན་རྩལ་ཚོགས་ཆེན་དང་། རྒྱལ་ཁབ་ཚན་རིག་ལག་རྩལ་གྱི་བྱ་དགའི་ཚོགས་ཆེན། ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲིའི་ཚོགས་ཆེན་ཐེངས་ཉེར་གཅིག་པ། ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲིའི་ཚོགས་ཆེན་ཐེངས་བཅུ་བདུན་པ་བཅས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་གཟབ་རྒྱས་ངང་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚོགས་ཆེན་ཐོག་ཕེབས་ནས་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་གྱི་བྱ་དགའ་མཐོ་ཤོས་ཐོབ་མཁན་སོགས་ལ་བྱ་དགའ་སྤྲད་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད། ཁོང་གིས་ཚན་རྩལ་དར་རྒྱས་བྱུང་ཚེ་མི་རིགས་དར་རྒྱས་འགྲོ་བ་དང་། ཚན་རྩལ་སྟོབས་ཆེར་ཕྱིན་ན་རྒྱལ་ཁབ་སྟོབས་ཆེར་འགྲོ་བ་ཡིན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ཚན་རྩལ་དེང་རབས་ཅན་ལ་བརྟེན་ནས་འདེགས་སྐྱོར་བྱེད་དགོས་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པར་ཚན་རྩལ་གསར་གཏོད་ལ་བརྟེན་ནས་སྒུལ་ཤུགས་གསར་པ་གསོ་སྐྱོང་བྱེད་དགོས་པ། ངེས་པར་དུ་ཚན་རྩལ་འཐབ་ཇུས་ཀྱི་སྣེ་ཁྲིད་གནས་བབ་དང་རྩ་བའི་འདེགས་སྐྱོར་གྱི་ནུས་པར་ངོས་འཛིན་གང་ལེགས་བྱས་ཏེ། 2035ལོར་ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་བསྐྲུན་རྒྱུའི་འཐབ་ཇུས་ཀྱི་དམིགས་འབེན་དང་། རྩེ་རིམ་ཇུས་འགོད།གཅིག་གྱུར་འཆར་འགོད་བཅས་ལ་ཤུགས་སྣོན་བརྒྱབ་སྟེ་ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་མངོན་འགྱུར་ཡོང་བར་བྱ་དགོས་པའི་ནན་གསུངས་གནང་བ་རེད།

ལི་ཆང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ཏིང་ཤུའེ་ཞང་གིས་བྱ་དགའི་གཏན་འབེབས་སྒྲོག་སྦྱངས་གནང་བ། ཀྲའོ་ལེ་ཅི་དང་། ཝང་ཧུའུ་ཉིང་། ཚའེ་ཆི། ལི་ཞི་བཅས་ཚོགས་འདུར་ཕེབས་པ་རེད།

སྔ་དྲོའི་ཆུ་ཚོད་10པར་ཚོགས་ཆེན་འགོ་ཚུགས་ཤིང་། བཅིངས་འགྲོལ་དམག་གི་དམག་མིའི་རོལ་དབྱངས་ཚོགས་པས《བློས་བླངས་དམག་གི་མདུན་སྐྱོད་གླུ་གཞས》དཀྲོལ་ཞིང་། ཚོགས་ར་ཡོངས་ཀྱི་ཚོགས་མི་ཡར་བཞེངས་ནས་སྐད་གསེང་མཐོན་པོའི་སྒོ་ནས་རྒྱལ་གླུ་བླངས་པ་རེད།

ཏིང་ཤུའེ་ཞང་གིས《2023ལོའི་ལོ་འཁོར་གྱི་རྒྱལ་ཁབ་ཚན་རིག་ལག་རྩལ་བྱ་དགའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས》སྒྲོག་སྦྱངས་གནང་བ་རེད།

མཛད་སྒོའི་དུང་བརྡ་གྲགས་སྐབས། ཞི་ཅིན་ཕིང་གིས་དང་ཐོག་2023ལོའི་ལོ་འཁོར་གྱི་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་བྱ་དགའ་མཐོ་ཤོས་ཐོབ་པའི་ཝུའུ་ཧན་སློབ་ཆེན་གྱི་ཡོན་ཧྲི་ལི་ཏེ་རེན་དང་ཆིང་ཧྭ་སློབ་ཆེན་གྱི་ཡོན་ཧྲི་ཞུའེ་ཆི་ཁུན་ལ་གཟེངས་རྟགས་དང་དཔང་ཡིག་སྤྲད་དེ་ཁོང་ཚོར་སྤྲོ་སེམས་འཁོལ་བའི་ངང་ཕྱག་བཏང་གནང་ནས་རྟེན་འབྲེལ་ཞུས་པ་རེད། དེ་རྗེས་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་དབུ་ཁྲིད་པས་བྱ་དགའ་མཐོ་ཤོས་ཐོབ་མཁན་གཉིས་དང་མཉམ་དུ་རྒྱལ་ཁབ་ཀྱི་རང་བྱུང་ཚན་རིག་བྱ་དགའ་དང་། རྒྱལ་ཁབ་ལག་རྩལ་གསར་གཏོད་བྱ་དགའ། རྒྱལ་ཁབ་ཚན་རིག་ལག་རྩལ་ཡར་ཐོན་བྱ་དགའ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་ཚན་རིག་ལག་རྩལ་མཉམ་ལས་བྱ་དགའ་བཅས་ཐོབ་པའི་འཐུས་མི་ཚོར་དཔང་ཡིག་སྤྲད་གནང་བ་རེད།

སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པར་སྐུལ་འདེད་གཏིང་ཟབ་བཏང་བ་དང་། གསར་གཏོད་རྣམ་པའི་རྒྱལ་ཁབ་འཛུགས་སྐྲུན་མགྱོགས་སུ་གཏོང་བའི་འཐབ་ཇུས་ཀྱི་ལས་འགན་བཏོན་པ་དང་། ཚན་རྩལ་སྒྲིག་སྲོལ་སྒྱུར་བཅོས་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་སྟེ་ཚན་རྩལ་རང་ཚུགས་རང་དར་ལ་སྐུལ་འདེད་ནུས་ལྡན་བཏང་བ། རང་རྒྱལ་གྱི་རྨང་གཞིའི་མདུན་གྲལ་ཞིབ་འཇུག་ལ་ཚད་བརྒལ་གསར་པ་མངོན་འགྱུར་བྱུང་བ། འཐབ་ཇུས་ལག་རྩལ་མཐོ་བའི་ཁྱབ་ཁོངས་སུ་མཆོང་སྐྱོད་གསར་པ་བྱུང་བ། གསར་གཏོད་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱས་ནས་གྲུབ་འབྲས་གསར་པ་ཐོབ་པ། ཚན་རྩལ་སྒྲིག་སྲོལ་སྒྱུར་བཅོས་ཀྱི་རྣམ་པ་གསར་པ་བཏོད་པ། རྒྱལ་སྤྱིའི་སྒོ་དབྱེའི་མཉམ་ལས་ལ་འཕེལ་རྒྱས་གསར་པ་བྱུང་ནས་ཚན་རྩལ་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་འཕོ་འགྱུར་བྱུང་ཡོད་ཅེས་གསུངས་པ་རེད།

ཞི་ཅིན་ཕིང་གིས་དུས་རབས་གསར་པའི་ཚན་རྩལ་བྱ་གཞག་འཕེལ་རྒྱས་ཀྱི་ལག་ལེན་ཁྲོད། ང་ཚོས་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་བ་དང་། ཉམས་མྱོང་གལ་ཆེན་མང་པོ་བསགས་ཡོད་པ་སྟེ། གཙོ་བོ་ནི། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་རང་བདག་གསར་གཏོད་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུར་གསར་གཏོད་ཀྱིས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་དགོས་པ་དང་། “ཁ་ཕྱོགས་བཞིའི”འཐབ་ཇུས་ཀྱི་ཁྲིད་སྟོན་དང་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུར་སྐུལ་འདེད་བཏང་ནས་གསར་གཏོད་ཀྱི་གསོན་ཤུགས་འཕེལ་བར་བྱེད་དགོས་པ། སློབ་གསོ་ཚན་རྩལ་ཤེས་ལྡན་མི་སྣའི་འཁོར་རྒྱུག་བཟང་པོ་མཐའ་འཁྱོངས་བྱས་ནས་གསར་གཏོད་རིག་གནས་གསོ་སྐྱོང་བྱ་རྒྱུ་དང་། ཚན་རྩལ་སྒོ་དབྱེའི་མཉམ་ལས་བྱ་རྒྱུར་མཐའ་འཁྱོངས་བྱས་ནས་མིའི་རིགས་ལ་བདེ་སྐྱིད་བསྐྲུན་དགོས་པ། ཉམས་མྱོང་དེ་དག་ངེས་པར་དུ་ཡུན་རིང་རྒྱུན་འཁྱོངས་བྱེད་དགོས་པར་མ་ཟད་ལག་ལེན་གྱི་ཁྲོད་དུ་མུ་མཐུད་ཕུན་སུམ་ཚོགས་པའི་སྒོ་ནས་འཕེལ་རྒྱས་གཏོང་དགོས་པའི་ནན་གསུངས་གནང་བ་རེད།

ཞི་ཅིན་ཕིང་གིས་འཛམ་གླིང་ལ་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་མགྱོགས་མྱུར་འགྲོ་བཞིན་ཡོད་པ་དང་། རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕེལ་འགྱུར་གཏིང་ཟབ་འགྲོ་བཞིན་ཡོད་ལ་གོ་ལ་ཧྲིལ་པོའི་སྒྲིག་ལམ་དང་འཕེལ་རྒྱས་ཀྱི་སྒྲོམ་གཞི་བསྐྱར་སྒྲིག་གཏིང་ཟབ་བྱེད་བཞིན་ཡོད། རང་རྒྱལ་གྱི་ཚན་རྩལ་བྱ་གཞག་གོང་དུ་སྤེལ་བར་ད་དུང་མི་འདང་ས་དང་། ཞན་ཆ་འགའ་རེ་ཡོད་པས་ངེས་པར་དུ་ཁ་ཚ་དགོས་གཏུག་གི་བསམ་པ་སྔར་ལས་ཇེ་ཆེར་གཏོང་བ་དང་། ཚན་རྩལ་གསར་གཏོད་བྱེད་ཤུགས་སྔར་ལས་ཇེ་ཆེར་གཏོང་བ་བཅས་བྱས་ཏེ་ཚན་རྩལ་འགྲན་རྩོད་དང་འབྱུང་འགྱུར་འཕེལ་རྒྱས་ཀྱི་མཐོ་ས་འཛིན་དགོས་ཞེས་གསུངས་པ་རེད།

ཞི་ཅིན་ཕིང་གིས་རྒྱལ་ཡོངས་མཉམ་རུབ་སྒྲིག་གཞིའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཏང་ཀྲུང་དབྱང་གིས་ཚན་རྩལ་ལས་དོན་ལ་གཅིག་སྡུད་གཅིག་གྱུར་གྱིས་འགོ་ཁྲིད་བྱེད་པའི་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ། མཐུན་སྦྱོར་ནུས་ཆེའི་ཐབས་ཇུས་བཀོད་འདོམས་མ་ལག་དང་སྒྲིག་འཛུགས་ལག་བསྟར་མ་ལག་འཛུགས་དགོས་པ་དང་། ཚན་རྩལ་ཐོན་ཁུངས་བཀོད་སྒྲིག་བྱེད་པའི་ཁྲོད་ཀྱི་ཁྲོམ་རའི་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པ། སྲིད་གཞུང་གི་ནུས་པ་འདོན་སྤེལ་དེ་བས་ལེགས་པའི་སྒོ་ནས་ཐོན་སློབ་ཞིབ་གསུམ་གྱི་ལྷུ་ཚིགས་ཁག་གི་ཧུར་བརྩོན་རང་བཞིན་ལ་སྐུལ་སློང་བྱས་ཏེ་འགག་རྩའི་ལྟེ་བའི་ལག་རྩལ་གྱི་འགག་སྒྲོལ་ཐད་ཐུན་མོང་ཐོག་སྐུལ་འདེད་གཏོང་བའི་ལས་ཀའི་རྣམ་པ་ཤིག་ཆགས་པར་བྱེད་དགོས་པ། རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྨང་གཞིའི་ཞིབ་འཇུག་སྒྲིག་འཛུགས་ཅན་དུ་འགྱུར་བའི་ཚད་གཞི་མཐོ་རུ་གཏོང་བ། རང་མོས་འཚོལ་ཞིབ་བྱེད་པར་བསྔགས་སྐུལ་བཅས་བྱས་ནས་ཚན་རྩལ་གསར་གཏོད་ཀྱི་རྨང་གཞི་དང་གཞི་རྟེན་བརྟན་པོ་འཛུགས་དགོས་ཞེས་ནན་གསུངས་གནང་བ་རེད།

ཞི་ཅིན་ཕིང་གིས་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་ནས་ཐོན་སྐྱེད་ནུས་ཤུགས་གསར་པ་འཕེལ་རྒྱས་གཏོང་རྒྱུར་རམ་འདེགས་བྱེད་དགོས་པ་དང་། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་བྱེད་པའི་ཁྱབ་ཁོངས་གཙོ་བོ་དང་ཉམས་ཞན་ལྷུ་ཚིགས་ལ་དམིགས་ནས་སྤུས་ཚད་མཐོ་བའི་ཚན་རྩལ་མཁོ་སྤྲོད་བྱེད་ཚད་མང་དུ་གཏོང་བ་དང་། གསར་དར་ཐོན་ལས་དང་འབྱུང་འགྱུར་ཐོན་ལས་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་བ། ལག་རྩལ་གསར་པ་བེད་སྤྱོད་ཧུར་ཐག་བྱས་ནས་སྲོལ་རྒྱུན་ཐོན་ལས་སྒྱུར་བཀོད་དང་མཐོ་རུ་གཏོང་བ།

(པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-26 ལི་ཆང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ཏིང་ཤུའེ་ཞང་གིས་བྱ་དགའི་གཏན་འབེབས་སྒྲོག་སྦྱངས་གནང་བ། ཀྲའོ་ལེ་ཅི་དང་། ཝང་ཧུའུ་ཉིང་། ཚའེ་ཆི། ལི་ཞི་བཅས་ཚོགས་འདུར་ཕེབས་པ། 6 6 拉萨日报藏文 c183295.html 1 རྒྱལ་ཡོངས་ཀྱི་ཚན་རྩལ་ཚོགས་ཆེན་དང་།རྒྱལ་ཁབ་ཚན་རིག་ལག་རྩལ་གྱི་བྱ་དགའི་ཚོགས་ཆེན།ཁང་གཉིས་ཀྱི་ཡོན་ཧྲིའི་ཚོཊ་ཆེན་པེ་ཅིང་དུ་འཚོཊ་པ། /enpproperty-->