ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་6ཚེས་21ཉིན། སྟོད་ལུང་བདེ་ཆེན་ཆུས་ཨུད་དྲིལ་བསྒྲགས་པུའུ་དང་སྟོད་ལུང་བདེ་ཆེན་ཆུས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་ཀྱིས་གཙོ་གཉེར་བྱས་པའི་རྩེར་སོན་སྒྲོག་འགྲེལ་པ་བཅུའི་འགྲན་བསྡུར་ཆེན་མོ་དེ་སྟོད་ལུང་བདེ་ཆེན་ཆུས་རིག་གནས་བྱེད་སྒོའི་ལྟེ་གནས་སུ་སྤེལ་ཞིང་། སྟོད་ལུང་བདེ་ཆེན་ཆུས་ཀྱི་གྲོང་རྡལ་ཁག(ཁྲོམ་གཞུང)གི་དྲིལ་བསྒྲགས་ཨུ་ཡོན་དང་། ཆུས་ཐད་གཏོགས་ཀྱི་ཚན་པ་ཁག་གི་འགན་འཁུར་བ། སྟོད་ལུང་བདེ་ཆེན་ཆུས་ཀྱི་གཞི་རིམ་སྒྲོག་འགྲེལ་པ། ལས་བྱེད་པ་དང་མང་ཚོགས་ཀྱི་འཐུས་མི་སོགས་ཁྱོན་མི་གྲངས་300ལྷག་ཙམ་ཞུགས་ཡོད།
འགྲན་བསྡུར་ཆེན་མོ་དེ་འགོ་ཚུགས་ཞབས་བྲོ《བདེ་སྐྱིད་ལྡན་པའི་སྟོད་ལུང་གི་འཚོ་བ་གསར་པ》ཞེས་པའི་སྤྲོ་སྣང་ལྡན་པའི་རོལ་དབྱངས་ཁྲོད་འགོ་ཚུགས་པ་རེད། སྤྲོ་སེམས་འཁོལ་བའི་རྣམ་པའི་ཁྲོད་སྒྲོག་འགྲེལ་པ་10རིམ་བཞིན་གར་སྟེགས་སུ་བསྐྱོད་དེ་ཁོང་ཚོས་རང་ངོས་ཀྱི་ལས་རིགས་ཁྱབ་ཁོངས་ལ་གཞི་ཚུགས་པ་དང་། གསོན་ཉམས་དོད་པའི་དཔེ་མཚོན་གྱི་ཐོག་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་དང་། ཁྱིམ་ཚང་གི་སློབ་གསོ། གད་སྙིགས་རིགས་དབྱེ་སོགས་ཀྱི་ནང་དོན་ལ་དམིགས་ནས་དེ་གར་ཡོད་པའི་སྐྱེ་བོ་རྣམས་ལ་་སྒྲོག་འགྲེལ་བྱས་པ་རེད།
རྩེར་སོན་སྒྲོག་འགྲེལ་པ་བཅུའི་གྲས་ཤིག་ཡིན་པའི་བུད་མེད་སྒྲོག་འགྲེལ་པ་ཏུང་ཧྲན་གྱིས་དེ་རིང་རྩེར་སོན་སྒྲོག་འགྲེལ་པ་བཅུའི་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་ནང་ཞུགས་ཐུབ་པར་ཧ་ཅང་དགའ་པོ་བྱུང་། ངས་དེ་རིང་འཁྱེར་ཡོང་བའི་སྒྲོག་འགྲེལ་གྱི་ནང་དོན་ནི་གད་སྙིགས་རིགས་དབྱེ་ཡག་པོ་ཇི་ལྟར་བྱས་ནས་འབྱུང་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བྱ་རྒྱུའི་སྐོར་ཡིན། བུད་མེད་སྒྲོག་འགྲེལ་པ་ཞིག་ཡིན་པའི་ངོས་ནས་སླད་ཕྱིན་གྱི་ལས་དོན་ཁྲོད་ངས་མུ་མཐུད་འབད་བརྩོན་བྱས་ཏེ་སྒྲོག་འགྲེལ་གྱི་ནང་དོན་དེ་བས་མང་བ་དང་དེ་བས་ལེགས་པ་རྒྱ་ཆེའི་བུད་མེད་ལས་བྱེད་པ་དང་མང་ཚོགས་ཀྱི་ཁྲོད་དུ་འཁྱེར་ཡོང་ནས་སྒྲོག་འགྲེལ་ལས་དོན་ལ་གཟི་བརྗིད་སྣོན་རྒྱུ་ཡིན་ཞེས་བཤད།
ད་ཐེངས་ཀྱི་རྩེར་སོན་སྒྲོག་འགྲེལ་པ་བཅུའི་འགྲན་བསྡུར་ཆེན་མོར་ཆུ་ཚད་དང་འཇོན་ཐང་ཡང་བཏོན་ཡོད་པ་དེ་ནི་གཞི་རིམ་སྒྲོག་འགྲེལ་པས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་དྲིལ་བསྒྲགས་ལག་ལེན་མཐར་ཕྱིན་བསྟར་བར་གཅིག་སྡུད་དཔེ་སྟོན་སྒྲོག་འགྲེལ་བྱས་པ་ཞིག་ཡིན་ལ་མི་རིགས་ཁག་གི་མང་ཚོགས་ལ་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་བརྟན་དུ་གཏོང་བའི་གསོན་ཉམས་དོད་པའི་སློབ་གསོ་བཏང་བ་ཞིག་ཀྱང་རེད། འགྲན་བསྡུར་ཆེན་མོ་གྲུབ་འབྲས་ཐོབ་པའི་ངང་གཉེར་བ་དེས་གཞི་རིམ་གྱི་སྒྲོག་འགྲེལ་པའི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་མཚོན་པར་མ་ཟད། གཞི་རིམ་གྱི་སྒྲོག་འགྲེལ་པར་ཕན་ཚུན་སློབ་སྦྱོང་དང་། སྤེལ་རེས། འཇོན་ཐང་གོང་མཐོར་གཏོང་བ་བཅས་ཀྱི་ལས་སྟེགས་ཞིག་ཀྱང་མཁོ་འདོན་བྱས་ཡོད་པ་རེད།
སླད་ཕྱིན་སྟོད་ལུང་བདེ་ཆེན་ཆུས་ཀྱིས་ད་ཐེངས་ཀྱི་བྱེད་སྒོ་དེ་གོ་སྐབས་སུ་བྱས་ནས་སྒྲོག་འགྲེལ་པའི་དཔུང་ཁག་གི་འཇོན་ཐང་དང་བྱང་ཚད་མཐོ་རུ་གཏོང་བ་དང་དྲ་ཐོག་གྲཊ་ཅན་སྒྲོག་འགྲེལ་པ་གསོ་སྐྱོང་བྱེད་པ་སོཊ་ལ་འབད་བརྩོན་བྱས་ཏེ་སྒྲོག་འགྲེལ་བྱེད་སྟངས་དང་བྱ་ཐབས་རྒྱུན་ཆད་མེད་པར་གསར་གཏོད་བྱས་ནས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་གཞི་རིམ་དུ་སྒྲོག་འགྲེལ་བྱེད་པའི་གཏིང་ཟབ་ཚད་དང་ཁྱབ་རྒྱ་ཆེ་རུ་གཏོང་རྒྱུ་རེད།(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社