(པར་ངོས་དང་པོར་མཐུད)ཀྲའོ་ཧུའེ་ཉན་གྱིས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་བསམ་ཇུས་གཅིག་གི་བསམ་བློ་བརྟན་པོར་འཛུགས་པ་དང་སེམས་ཤུགས་གཅིག་སྒྲིལ་གྱིས་དོ་དམ་གྱི་སྒྲིག་སྲོལ་ལམ་སྲོལ་ལེགས་སྒྲིག་བྱས་ཏེ།གྲོང་ཁྱེར་ཡོངས་ཀྱི་གཙོ་གནད་ལས་དོན་ཁག་མཉམ་དུ་སྐུལ་འདེད་གཏོང་རྒྱུའི་འགན་ལེན་བྱེད་དགོས་པ་དང་།མང་ཚོགས་དང་འབྲེལ་བ་དམ་ཟབ་བྱས་ནས་གཞི་རིམ་དུ་བསྐྱོད་པ་བཞིའི་སྲོལ་རྒྱུན་བཟང་པོ་དར་སྤེལ་ཤུགས་ཆེན་གཏོང་བ་དང་།དུས་རབས་གསར་པའི་ཧྥེང་ཆའོ་ཉམས་མྱོང་དང་ཕུའུ་ཅང་ཉམས་མྱོང་ལག་ལེན་ཧུར་ཐག་བྱེད་པ།མི་དམངས་མང་ཚོགས་ཀྱི་དགོས་མཁོ་གསར་པ་དང་མང་ཚོགས་ལས་དོན་གྱི་འགྱུར་ལྡོག་གསར་པ་ཤེས་རྟོགས་དང་བྱེད་ཐབས་གསར་གཏོད་བྱེད་པ།དུས་རབས་གསར་པའི་མང་ཚོགས་ལས་དོན་ཡག་པོ་སྒྲུབ་པའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་བ།སེམས་ཤུགས་ཡོད་རྒུས་མང་ཚོགས་ཀྱི་ཁ་ཚ་དགོས་གཏུག་དང་སེམས་ཁྲལ་གྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་པ་བཅས་ཀྱི་སྒོ་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་།སྐྱིད་སྣང་།བདེ་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས།སྤྱོད་ཚུལ་ལེགས་སྐྱོང་ལ་དམ་འཛིན་ནན་པོ་བྱས་ཏེ་འགན་ནུས་གཏན་འཁེལ་ཡང་དག་བྱེད་པ་དང་།འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ།ལས་ཀའི་སྤྲོ་སེམས་ཆེ་བ་དང་།ལས་ཀའི་རྣམ་འགྱུར་ལེགས་པ།ལས་ཀའི་སྤྱོད་ཚུལ་བཟང་བ་བཅས་ལ་བརྟེན་ནས་དེ་བས་རང་རྟོགས་ཀྱི་སྒོ་ནས་ལྟེ་བའི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་དང་མི་དམངས་མང་ཚོགས་ལ་ཞབས་འདེགས་ཞུ་དགོས་པའི་བླང་བྱ་བཏོན་གནང་བ་རེད།
(བུ་ཆུང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社