分享按钮

རིག་གནས་ཡུལ་སྐོར་གྱི་རྣམ་པ་གསར་པ་བཏོད་དེ་འཛད་སྤྱོད་ཀྱི་གསོན་ཤུགས་གསར་པ་འཕེལ་བ།

(པར་ངོས་དང་པོར་མཐུད)མི་སྟོང་གི་སྒོར་གཞས་སོགས་རིག་གནས་ཡུལ་སྐོར་གྱི་རྣམ་པ་གསར་པ་བཏོད་ནས་གྲོང་མི་དང་ཡུལ་སྐོར་བས་རིག་གནས་ཡུལ་སྐོར་གྱི་ཉམས་ལེན་གསར་པ་མྱོང་ཚོར་ཐུབ་ནས་ཟློས་གར་དེའི་འཁྲབ་སྟོན་དུས་ཚིགས་བཅུ་གཉིས་པའི་གསོན་ཤུགས་གསར་པ་མངོན་ཡོད།

ཉེ་ཆར།ལོ་རྒྱུས་སྙན་ངག་གི་ཟློས་གར་ཆེ་གྲས《འུན་ཤིང་ཀོང་ཇོ》ཞེས་པའི་དུས་ཚིཊ་བཅུ་གཉིས་པའི་འཁྲབ་སྟོན་བྱེད་ཐེངས་100ཡིན་པ་དང་ཟློས་གར་དེ་འཁྲབ་སྟོན་བྱེད་འགོ་ཚུགས་ཚུན།རིམ་རྩིས་བྱས་ན་འཁྲབ་སྟོན་བྱེད་ཐེངས་2000ལས་བརྒལ་བ་དང་ཡུལ་སྐོར་བ་མི་ཐེངས་ཁྲི་3000ལས་བརྒལ་ཡོད་པ་རེད། ལོ་རྒྱུས་སྙན་ངག་གི་ཟློས་གར་ཆེ་གྲས《འུན་ཤིང་ཀོང་ཇོ》ཡི་ཐེངས་བརྒྱའི་འཁྲབ་སྟོན་ཉིན་མོ་དེར་འཁྲབ་སྟོན་པ་ཚོས་འཁྲབ་ཆས་སྤྲས་ནས་ལྡུམ་རའི་ནང་སྐོར་བསྐྱོད་ཀྱི་འཁྲབ་སྟོན་བྱས་པ་དང་། བཙན་པོ་དང་སྲས་མོ་རྣམ་གཉིས་ཀྱིས་མི་300ལྷག་ཙམ་གྱི་འཁྲབ་སྟོན་དཔུང་ཁག་དང་མཉམ་དུ་ཚེ་མཆོག་གླིང་བོད་སྲོལ་ཁྲོམ་གཞུང་དུ་ས་གནས་ཁག་གི་ཡུལ་སྐོར་བ་དང་མཉམ་དུ་རྟེན་འབྲེལ་ཞུས་པ་དང་ཁྱད་ཆོས་ལྡན་པའི་མངོན་མིན་རིག་གནས་ཀྱི་གཞི་རྒྱུ་མངོན་པར་བྱས་པ་དང་ཞབས་བྲོ་རྩེ་གྲ་བཅུ་ཕྲག་ཁ་ཤས་འཁྲབ་སྟོན་བྱས་ནས་གྲོང་མི་དང་ཡུལ་སྐོར་བ་རྣམས་ལྟད་མོ་ཤིན་ཏུ་ཆེན་པོ་བྱུང་ཡོད། ཡུལ་སྐོར་བ་ཉི་ཡོས་མིང་གིས་དེ་རིང་ངས་ལོ་རྒྱུས་སྙན་ངག་གི་ཟློས་གར་ཆེ་གྲས《འུན་ཤིང་ཀོང་ཇོ》ལྟ་ཐེངས་དང་པོ་ཡིན་པས་ལྟད་མོ་ཆེན་པོ་ཡོད་པའི་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད། འཁྲབ་སྟོན་འགོ་མ་ཚུགས་གོང་ད་དུང་ཉེ་འཁོར་གྱི་ཁྲོམ་གཞུང་དུ་འཛུལ་ནས་ཕོ་བྲང་པོ་ཏ་ལར་རྒྱང་ལྟ་དང་། ཁྱད་ལྡན་ཚོང་ཟོག་ཉོ་བ། སྒོར་གཞས་འཁྲབ་པ། འཁྲབ་སྟོན་པའི་སྐོར་བསྐྱོད་འཁྲབ་སྟོན་ལ་ལྟད་མོ་ལྟ་བ་སོགས་བྱས་ཏེ་ལྷ་སའི་མཛེས་སྡུག་ལྡན་པའི་མཚན་མོའི་ཡུལ་ལྗོངས་མྱོང་རོལ་བྱེད་ཐུབ་པས་མི་རྣམས་ལོག་རྒྱུ་བརྗེད་པར་གྱུར་འདུག་ཅེས་བཤད།

མྱོང་རོལ་རྣམ་པའི་ཡུལ་སྐོར་བྱེད་སྒོ་དེ་རིགས་ལོ་རྒྱུས་སྙན་ངག་གི་ཟློས་གར་ཆེ་གྲས《འུན་ཤིང་ཀོང་ཇོ》ཉིན་ལྟར་འཁྲབ་སྟོན་མ་བྱས་གོང་རྒྱུན་གཏན་ངང་སྤེལ་སྟབས།ཉིན་ལྟར་མི་སྟོང་ཕྲག་ཁ་ཤས་ལྟད་མོ་ལྟ་རུ་ཡོང་གི་ཡོད་པ་དང་རིག་གནས་ཡུལ་སྐོར་འཛད་སྤྱོད་ཀྱི་སྦྲེལ་ཐག་སྔར་བས་སྣུར་སྲིང་དང་ཕུན་སུམ་ཚོགས་སུ་ཕྱིན་ནས་ལྷ་སའི་ཁྱད་ཆོས་ལྡན་པའི་མཚན་མོའི་རིག་གནས་ཡུལ་སྐོར་གྱི་འཛད་སྤྱོད་ཀྱི་རྣམ་པ་ཞིག་བཏོད་ཡོད། ཡུལ་སྐོར་བ་ཙོའུ་ཅིང་ཧྲུའུ་ཡིས་ད་ཐེངས་ལྷ་སར་སླེབས་སྐབས།ལྷ་སའི་མཚན་མོའི་དཔལ་འབྱོར་དར་རྒྱས་གོང་འཕེལ་འགྲོ་བར་ངས་མྱོང་ཚོར་ཟབ་མོ་བྱུང་། 《འུན་ཤིང་ཀོང་ཇོ》ཟློས་གར་ཁང་དུ་ཟློས་གར་ལྟ་ཆོག་པ་དང་བོད་སྲོལ་ཁྲོམ་གཞུང་དུ་ཟ་འཐུང་དང་རྩེད་མོ་གཅིག་འཐུས་རྣམ་པའི་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་པས།གྲོང་ཁྱེར་འདིའི་ཡིད་དབང་འཕྲོག་ཤུཊ་དངོས་སུ་མྱོང་ཚོར་ཐུབ་བྱུང་ཞེས་བཤད།

མཚན་མོ་མི་སྟོང་ཕྲག་ཁ་ཤས་མཉམ་དུ་སྒོར་གཞས་འཁྲབ་ཅིང་། ཁྲོམ་གཞུང་ཧྲིལ་པོར་འཁྲུག་ཆ་དོད་ལ་དགའ་སྤྲོའི་རྣམ་པས་ཁེངས་ཡོད། འདི་ལོ་ནས་བཟུང་། 《འུན་ཤིང་ཀོང་ཇོ》ཡི་འཁྲབ་སྟོན་ཚོགས་པས་འཁྲབ་སྟོན་ལེགས་སུ་གཏོང་རྒྱུར་གཞོལ་བར་མ་ཟད། ལེ་ལག་ཚང་བའི་ཁྲོམ་གཞུང་གི་ཡུལ་ལྗོངས་རིམ་སྤོར་དང་ནུས་པ་སྤྲོད་རྒྱུར་དེ་བས་ཤུགས་ཆེར་བཏང་བ་དང་། འཁྲབ་སྟོན་ལ་ལྟ་བ་དང་། ཞིམ་ཟས་བཟའ་བ། ཁྲོམ་གཞུང་དུ་རོལ་བ་བཅས་ཀྱི་སྣ་མང་ཕུན་སུམ་ཚོགས་པའི་ཡུལ་སྐོར་བའི་རྣམ་པ་རྒྱུན་མཐུད་ངང་གསར་གཏོད་དང་རིམ་སྤོར་བྱས་ཡོད།བོད་སྲོལ་ཁྲོམ་གཞུང་དུ་མི་ཚོགས་རྒྱུན་ཆད་མེད་པར་མང་དུ་ཕྱིན་ནས་ཡུལ་སྐོར་བར་དུས་མཚམས་ཡོངས་དང་ཆ་ཚང་བའི་ཞབས་བསྒྲུབས་པར་མ་ཟད།གྲོང་མི་མང་ཚོགས་ཕྱིར་སྐྱོད་ལ་དགའ་བའི་སྤྲོ་གསེང་དང་རོལ་རྩེད་གཅིག་འདུས་ཁུལ་ཞིག་ཀྱང་ཡིན་པས།ལྷ་སའི་རིག་གནས་ཡུལ་སྐོར་གྱི་རྣམ་པ་གསར་པ་དང་མཚན་མོའི་འཛད་སྤྱོད་ཀྱི་མཚོན་རྟགས་གསར་པར་གྱུར་ནས་ལྷ་སའི་མཚན་མོའི་དཔལ་འབྱོར་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྒུལ་ཤུགས་འཛད་མེད་བཏོན་ཡོད།མིག་སྔར་ཚེ་མཆོག་གླིང་བོད་སྲོལ་ཁྲོམ་གཞུང་དུ་འཛད་སྤྱོད་ཀྱི་རླབས་རྒྱུན་གསར་པ་ཆགས་ནས་ལྟ་བ་ནས་རྩེད་བའི་བར་ཡུལ་སྐོར་ཉམས་ལེན་ལ་འགྱུར་ལྡོག་ཕྱིན་ཡོད།

ཡུལ་སྐོར་བ་ཙོའུ་ཁྲའོ་ཆུན་གྱིས་དེ་རིང་ནང་མི་དང་མཉམ་དུ་ལོ་རྒྱུས་སྙན་ངག་གི་ཟློས་གར་ཆེ་གྲས《འུན་ཤིང་ཀོང་ཇོ》ལ་ལྟ་བར་ཡོང་ནས་འཁྲབ་གཞུང་དེའི་འཁྲབ་སྟོན་ཐེངས་100དང་ཏག་ཏག་འཁེལ་འདུག་པས་སྟབས་ལེགས་པ་ཞིག་རེད། ཟློས་གར་བལྟས་ནས་ང་ཚོས་བོད་ཀྱི་ལོ་རྒྱུས་རིག་གནས་ལ་སྔར་བས་རྒྱུས་ལོན་ཐུབ་པས་ལྟ་འོས་པ་ཞིག་རེད་ཅེས་བཤད།

ཉེ་བའི་ལོ་ཤས་རིང་། ལོ་རྒྱུས་སྙན་ངག་ཟློས་གར་ཆེ་གྲས《འུན་ཤིང་ཀོང་ཇོ》དང་། གར་སྟེགས་ཟློས་གར《གྱིམ་ཤིང་ཀོང་ཇོ》 ཚེ་མཆོག་གླིང་བོད་སྲོལ་ཁྲོམ་གཞུང་། ཚེ་མཆོག་གླིང་རིག་གནས་ཡུལ་སྐོར་བཅས་གཙོ་དོན་གྱིས་ཐུན་མོང་ཐོག་སྐུལ་འདེད་བཏང་བའི་འོག་ཚེ་མཆོག་གླིང་དུ“ཟློས་གར་གཉིས་དང་། ཁྲོམ་གཞུང་གཅིག གླིང་གཅིག”བཅས་ཕྱོགས་བཞི་གཞི་གཅིག་ཅན་གྱི་རིག་གནས་ཡུལ་སྐོར་ཐོན་ལས་གཅིག་སྡུད་མཉམ་འདྲེས་འཕེལ་རྒྱས་གཏོང་སྟངས་ཤིག་ཆགས་ཡོད།མཐའ་འཁོར་ས་ཁོངས་ཀྱི་མ་འཇོག་སྒོར་དུང་ཕྱུར་བརྒྱ་ལས་བརྒལ་བའི་ཐོན་ལས་ཀྱི་གཞི་ཁྱོན་ཁྱབ་འགྱེད་དང་སྐུལ་ཁྲིད་བྱས་ནས་ལྷ་སའི་རིག་གནས་ཡུལ་སྐོར་ཐོན་ལས་གཅིག་སྡུད་འཕེལ་རྒྱས་ཀྱི་མཐོ་སར་གྱུར་ཡོད། ཡུས་ཧྲང་ཧོ་མེ་རིག་གནས་ཡུལ་སྐོར་མ་རྐང་ཚད་ཡོད་ཀུང་སིས་རིག་གནས་ཡུལ་སྐོར་གྱི་ཐོན་སྐྱེད་ནུས་ཤུགས་གསར་པ་མགྱོགས་མྱུར་སྐྱེད་སྲིང་བྱ་རྒྱུ་དང་དམངས་ཡོངས་ཀྱི་རོལ་དབྱངས་དུས་ཆེན་དང་རོལ་དབྱངས་རྒྱལ་ཁབ་ཀྱི་རླབས་རྒྱུན་ཚོང་འདུས་སོགས་གཉེར་རྩིས་ཡོད་པ་དང་།ཡུལ་སྐོར་བའི་མཛེས་སྡུག་ལྡན་པའི་ཡུལ་སྐོར་ཉམས་ལེན་ཆེ་རུ་གཏོང་རྒྱུ།ལྷ་སའི་ཡུལ་ཁོངས་ཡུལ་སྐོར་འཕེལ་རྒྱས་བཅས་ལ་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ་རེད།

(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-25 6 6 拉萨日报藏文 c183203.html 1 རིག་གནས་ཡུལ་སྐོར་གྱི་རྣམ་པ་གསར་པ་བཏོད་དེ་འཛད་སྤྱོད་ཀྱི་གསོན་ཤུགས་གསར་པ་འཕེལ་བ། /enpproperty-->