ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཁྱེར་ཡོངས་ཀྱི་ཆོས་ལུགས་ལས་རིགས་ཀྱི་རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས་བཅས་ཀྱི་སློབ་གསོའི་དུས་མཚམས་སྒྱུར་བའི་ཚོགས་འདུ་དང་2024ལོའི་བཀོད་གཏོང་ཚོགས་འདུ་ཐེངས་གཉིས་པ་འཚོགས་པ་རེད།
གྲོང་ཨུད་ཀྱི་རྒྱུན་ཨུ་དང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་སྐལ་བཟང་ཚེ་བརྟན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལྷག་པ་ཚོགས་འདུར་ཞུགས་པ་རེད།
ཚོགས་འདུའི་ཐོག་འདུ་ཤེས་གསུམ་གྱི་སློབ་གསོའི་སྐོར་གྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་སོགས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་དོན་འཁྱོལ་བྱེད་ཐབས་ཞིབ་ཕྲ་བཟོས་པ་དང་། ཞིབ་ཕྲའི་བླང་བྱ་བཏོན་ཡོད། ཚོགས་འདུའི་ཐོག་གྲོང་ཁྱེར་ཡོངས་ཀྱི་ཆོས་ལུགས་ལས་རིགས་ཀྱི་འདུ་ཤེས་གསུམ་གྱི་སློབ་གསོའི་དུས་མཚམས་གཉིས་པའི་ལས་དོན་སྤེལ་ཚུལ་བརྡ་ཁྱབ་བཏང་བ་དང་དུས་མཚམས་གསུམ་པའི་གཙོ་གནད་ལས་འགན་བཀོད་སྒྲིག་བྱས་པ་རེད།
སྐལ་བཟང་ཚེ་བརྟན་གྱིས་ཆོས་ལུགས་ལས་རིགས་ཀྱི་འདུ་ཤེས་གསུམ་གྱི་སློབ་གསོའི་དུས་མཚམས་གཉིས་པའི་ནང་གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་འཐབ་ཕྱོགས་གཅིག་གྱུར་དང་། ཆོས་ལུགས་སྡེ་ཚན་དང་དགོན་པ་དོ་དམ་ཨུ་ལྷན་གྱིས་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་དང་། ལྷག་པར་དུ་ཧྲུའུ་ཅི་ཝང་ཅུན་ཀྲེང་དང་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡི་མཛུབ་སྟོན་དང་མཆན་བཀོད་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་བར་འབྲེལ་ཡོད་སྡེ་ཚན་ཁག་གིས་རྒྱབ་སྐྱོར་ཤུགས་ཆེན་བྱས་པ་དང་། ཆོས་ལུགས་ལས་རིགས་ཀྱི་འཐུས་མིས་དཔེ་སྟོན་སྣེ་ཁྲིད་བྱས་པ། རྒྱ་ཆེའི་གྲྭ་བཙུན་རྣམས་ཧུར་ཐག་ཞུགས་པ་བཅས་བྱས་ཏེ་དུས་མཚམས་གཉིས་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པའི་ནན་གསུངས་གནང་བ་རེད།
སྐལ་བཟང་ཚེ་བརྟན་གྱིས་དུས་མཚམས་གསུམ་པའི་ལས་དོན་ལ་ཁྲིད་སྟོན་འབུར་དུ་ཐོན་པར་བྱས་ཏེ་སྣེ་ཁྲིད་ཐད་ནུས་ཤུགས་འདོན་པ་ང་། འཛུགས་སྐྱོང་མངོན་གསལ་དོད་པོ་ཡོང་བར་བྱས་ནས་ལམ་སྲོལ་འཐུས་ཚང་དུ་གཏོང་བའི་ཐད་འབད་བརྩོན་བྱེད་དགོས་པ།སྔོན་འགོག་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ་འགྲན་སློང་ལ་ཁ་གཏད་འཇལ་བའི་ཐད་འབད་བརྩོན་བྱེད་དགོས།དངོས་སྒྲུབ་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་གཏོང་བའི་ཐད་འབད་བརྩོན་བྱེད་པ། འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། དཔེ་མཚོན་ཁྱབ་གདལ། ལྟ་སྐུལ་དང་ཁྲིད་སྟོན་ནན་པོ་བཅས་བྱས་ཏེ་འདུ་ཤེས་གསུམ་གྱི་སློབ་གསོའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་པའི་བླང་བྱ་བཏོན་གནང་བ་རེད།
(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社