分享按钮

ཐེན་ཧའེ་མཚན་མོའི་ཁྲོམ་རར་གསོན་ཤུགས་གསར་པ་འཕེལ་ནས་མཚན་མོའི་དཔལ་འབྱོར་དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་འགྲོ་རྒྱུར་རོགས་རམ་བྱས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།མཚན་མོ་འཆར་སྐབས་ཐན་ཧའེ་མཚན་མོའི་ཁྲོམ་རའི་གློག་འོད་རྣམ་པར་བཀྲ་ཞིང་'མི་ཚོགས་འགྲུལ་བཞུད་བྱེད་མཁན་རྫོགས་རྒྱུ་མེད།རང་གྲོང་དུ་ཆགས་པ་སྔ་ཤོས་དང་གཞི་ཁྱོན་ཆེ་ཤོས་ཀྱི་མཚན་མོའི་ཁྲོམ་ར་ཡིན་པའི་ཐེན་ཧའེ་མཚན་མོའི་ཁྲོམ་ར་སྒྱུར་བཀོད་དང་ལེགས་སུ་བཏང་རྗེས།མཚན་མོའི་ཁྲོམ་ར་རྙིང་པའི་གྲོང་ཁྱེར་གྱི་དྲན་ཤེས་རྒྱུན་མཐུད་བྱས་པར་མ་ཟད།རྣམ་པ་གསར་རྐྱང་གི་ཐོག་ནས་ལྷ་སའི་མཚན་མོའི་དཔལ་འབྱོར་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་རྒྱུར་རོགས་རམ་བྱས་ནས་གྲོང་མི་མང་ཚོགས་ཀྱི་འཛད་སྤྱོད་རོལ་རྩེད་ཀྱི་གདམ་ག་དང་པོའི་གྲས་ཤིག་ཏུ་གྱུར་ཡོད་པ་རེད།

ཐེན་ཧའེ་མཚན་མོའི་ཁྲོམ་ར་1999ལོར་གཉེར་སྐྱོང་བྱེད་འགོ་ཚུགས་ཚུན།དེའི་ཕུན་སུམ་ཚོགས་པའི་ལས་རིགས་རྣམ་པ་དང་ཁྲོམ་རའི་ཉམས་འགྱུར་ཟབ་མོ་ལ་བརྟེན་ནས་གྲོང་མི་དང་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་ཡོད།འདི་ལོ་འཛད་སྤྱོད་ཀྱི་སྤུས་ཚད་དང་འཛད་སྤྱོད་ཀྱི་ཉམས་ལེན་སྔར་བས་ཆེ་རུ་གཏོང་ཆེད།ཐེན་ཧའེ་མཚན་མོའི་ཁྲོམ་ར་ལྷ་ས་གྲོང་ཁྱེར་གྱི་མཚན་མོའི་དཔལ་འབྱོར་དཔེ་སྟོན་ས་ཚིགས་ཁག་དང་པོའི་གྲས་སུ་བཅུག་ནས་ལྷ་ས་གྲོང་ཁྱེར་གྱི་མཚན་མོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤྱི་ཡོངས་འཆར་འགོད་ཀྱི་བཀོད་སྒྲིག་ནང་བཅུག་པ་རེད།སྒྱུར་བཀོད་དང་རིམ་སྤོར་གྱི་ལས་དོན་རབ་དང་རིམ་པ་བྱས་པ་བརྒྱུད།ཐེན་ཧའེ་མཚན་མོའི་ཁྲོམ་རར་གསོན་ཤུགས་གསར་པ་འཕེལ་ནས་ལྷ་སའི་མཚན་མོའི་དཔལ་འབྱོར་གྱི་མིང་བྱང་མཛེས་སྡུག་ལྡན་པ་ཞིག་ཏུ་གྱུར་ཡོད།སྒྱུར་བཀོད་བྱས་རྗེས་ཀྱི་ཐེན་ཧའེ་མཚན་མོའི་ཁྲོམ་རའི་ཤར་སྒོ་དང་ནུབ་སྒོའི་རྣམ་པ་གསར་པར་འགྱུར་བ་དང་།ས་ངོས་སུ་རྩི་ཅན་སོ་ཕག་སྒྱུར་བཀོད་དང་།གློག་གཏོང་མ་ལག་ལེགས་གཏོང་།ཁོར་ཡུག་འཕྲོད་བསྟེན་ལེགས་གཏོང་སོགས་ཀྱི་ལས་དོན་གཅིག་རྗེས་གཉིས་མཐུད་ངང་སྤེལ་ནས་གྲོང་མི་དང་ཡུལ་སྐོར་བར་དེ་བས་སྐྱིད་སྣང་དོད་ལ་སྟབས་བདེ་བའི་དངོས་ཟོག་ཉོ་བའི་ཁོར་ཡུག་ཅིག་བསྐྲུན་ཡོད་པ་རེད།ཡུལ་སྐོར་བ་མཁྱེན་ལྡན་མ་སུན་ལགས་ཀྱིས་ད་ཐེངས་ང་རང་ལྷ་སར་ཡོང་ཐེངས་དང་པོ་ཡིན།ཐེན་ཧའེ་མཚན་མོའི་ཁྲོམ་རས་ང་ལ་བག་ཆགས་ཟབ་མོ་བཞག་ཡོད།དེ་གར་མཚན་མོའི་འཚོ་བ་ཧ་ཅང་འཁྲུག་ཆ་དོད་ལ་ཁྱད་ལྡན་ཞིམ་ཟས་སྣ་ཚོགས་ཀྱིས་ཀྱང་ངའི་ཟ་འདོད་ཀྱི་བློ་ཁ་ཡོངས་སུ་ཁེངས་སོང་ཞེས་བཤད།

ཐེན་ཧའེ་མཚན་མོའི་ཁྲོམ་རར་གསར་འགོད་པས་ཞིམ་ཟས་བཟའ་བཏུང་དང་།གྲངས་འཛིན་ཁྱིམ་ཆས།རྒྱན་གོས་བརྒྱ་ཟོག་སོགས་ཕུན་སུམ་ཚོགས་པའི་ལས་རིགས་ཀྱི་རྣམ་པ་སྣ་ཚོགས་ཡོད་པ་མཐོང་བྱུང་།རྒྱ་ཆེའི་གྲོང་མི་དང་ཡུལ་སྐོར་བས་དེ་གར་ལྷད་མེད་ཞིམ་ཟས་སྣ་ཚོགས་མྱོང་རོལ་དང་དགའ་པོ་བྱེད་པའི་ཚོང་ཟོག་ཉོ་ཐུབ་པ་དང་དུས་མཚུངས་རིག་གནས་ཀྱི་རྣམ་པ་ཟབ་མོ་མྱོང་ཚོར་ཐུབ་ཀྱི་ཡོད།ཐེན་ཧའེ་མཚན་མོའི་ཁྲོམ་ར་སྒྱུར་བཀོད་བྱས་པ་དེས་འཛད་སྤྱོད་ཀྱི་ཉམས་ལེན་ཆེ་རུ་ཕྱིན་པར་མ་ཟད།གྲོང་མི་དང་ཡུལ་སྐོར་བའི་འཛད་སྤྱོད་ཀྱི་སྤྲོ་སེམས་དེ་བས་འཕེལ་ནས་ལྷ་སའི་མཚན་མོའི་དཔལ་འབྱོར་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་བཏང་ཡོད།

གྲོང་མི་སྐུ་ཞབས་དབྱང་ལགས་ཀྱིས་ང་རྒྱུན་དུ་ཐེན་ཧའེ་མཚན་མོའི་ཁྲོམ་རར་དངོས་པོ་ཉོ་བ་དང་ཟ་མ་ཟ་བར་ཡོང་གི་ཡོད།ད་ལྟ་མཚན་མོའི་ཁྲོམ་རའི་ཁོར་ཡུག་སྔར་ལས་བཟང་དུ་ཕྱིན་ཡོད་པ་དང་།ཚོང་ཟོག་ཀྱང་སྔར་ལས་ཕུན་སུམ་ཚོགས་སུ་ཕྱིན་ཡོད་པས་ང་ཧ་ཅང་དགའ་པོ་འདུག་ཅེས་གསར་འགོད་པར་བཤད་བྱུང་།

གསར་འགོད་པས་རང་གྲོང་གི་ཚོང་དོན་སྡེ་ཚན་ནས་ཤེས་རྟོགས་བྱུང་བར།མིག་སྔར།རང་གྲོང་གིས་ཚོད་ལྟ་སྔོན་ལ་བྱེད་པ་དང་གོམ་པ་དབྱེ་ནས་ལག་བསྟར་བྱེད་པའི་རྩ་དོན་གཞིར་བཟུང་བཀོད་སྒྲིག་ལུགས་མཐུན་དང་།ནུས་པ་འཐུས་ཚང་།ཁྱད་ཆོས་མངོན་གསལ་དོད་པ།ལས་རིགས་ཕུན་སུམ་ཚོགས་པ།དོ་དམ་ཚད་ལྡན་བཅས་ཀྱི་མཚན་མོའི་དཔལ་འབྱོར་འཕེལ་རྒྱས་མ་ལག་ཁྱོན་ཡོངས་ནས་འཛུགས་བཞིན་ཡོད་པ་རེད།ཐེན་ཧའེ་མཚན་མོའི་ཁྲོམ་ར་བསྒྱུར་བཀོད་དང་ལེགས་སུ་བཏང་བ་དེས་གྲོང་མི་དང་ཡུལ་སྐོར་བར་དེ་བས་སྐྱིད་སྣང་དོད་ལ་སྟབས་བདེ་བའི་དངོས་ཟོག་ཉོ་བའི་ཁོར་ཡུག་ཅིག་མཁོ་འདོན་བྱས་པ་མ་ཟད།ལྷ་སའི་མཚན་མོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་དེ་བས་རོགས་རམ་བྱས་པ་དང་།ལྷ་ས་གྲོང་ཁྱེར་གྱི་མཚན་མོའི་དཔལ་འབྱོར་གྱི་འཕེལ་རྒྱས་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ་དང་།མཚན་མོའི་དཔལ་འབྱོར་དཔེ་སྟོན་ས་ཚིགས་དེ་བས་མང་བ་བསྐྲུན་པ་དང་བསྟུན་ནས་ལྷ་སའི་མཚན་མོའི་རྣམ་པ་ཡང་སྔར་བས་མིག་ལ་མཛེས་ཤིང་འོད་ཟེར་སྟོང་དང་ལྡན་པ་ཞིག་ཏུ་འགྱུར་རྒྱུ་རེད།

བོད་ལྗོངས་ཐེན་ཧའེ་ཚོང་གྲོང་གི་འགན་འཁུར་བ་ལིའུ་ཁེས་དུས་འགོའི་ནང་ཐེན་ཧའེ་ཚོང་གྲོང་གིས་དེ་སྔའི་རྨང་གཞིའི་ཐོག་འཛད་སྤྱོད་ཀྱི་རྣམ་པ་ལེགས་སུ་ཧུར་ཐག་བཏང་ནས་རྨང་གཞིའི་སྒྲིག་བཀོད་ཟམ་མི་ཆད་པར་ལེགས་སུ་བཏང་བ་དང་།སྒྱུར་བཀོད་དང་ལས་རིགས་རྣམ་པ་ཕུན་སུམ་ཚོགས་སུ་བཏང་ནས་རྒྱ་ཆེའི་གྲོང་མི་དང་ཡུལ་སྐོར་བར་དེ་བས་སྤུས་ལེགས་ཀྱི་འཛད་སྤྱོད་ཉམས་ལེན་མཁོ་འདོན་བྱས་ཏེ།ལྷ་སའི་མཚན་མོའི་དཔལ་འབྱོར་འཕེལ་རྒྱས་ལ་གཞུང་ཁོངས་ཁེ་ལས་ཀྱི་སྟོབས་ཤུགས་བསྣན་ཡོད་ཅེས་བཤད།

(བུ་ཆུང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-25 6 6 拉萨日报藏文 c183194.html 1 ཐེན་ཧའེ་མཚན་མོའི་ཁྲོམ་རར་གསོན་ཤུགས་གསར་པ་འཕེལ་ནས་མཚན་མོའི་དཔལ་འབྱོར་དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་འགྲོ་རྒྱུར་རོགས་རམ་བྱས་པ། /enpproperty-->