分享按钮

2024ལོའི་རང་ལྗོངས་ཀྱི་གྲངས་འཛིན་སློབ་གསོ་འཕེལ་རྒྱས་ ཚོགས་ཆེན་སྐབས་གཉིས་པ་འཚོགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཟླ་6ཚེས་20ཉིན།ལྗོངས་དྲ་སྦྲེལ་མཐུན་ཚོགས་དང་ལྗོངས་འཕྲིན་གཏོང་ལས་རིགས་མཐུན་ཚོགས་ཀྱིས་ལྗོངས་གློག་ཅན་སློབ་གསོ་ཁང་དང་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པའི་2024ལོའི་རང་ལྗོངས་ཀྱི་གྲངས་འཛིན་སློབ་གསོ་འཕེལ་རྒྱས་ཚོགས་ཆེན་སྐབས་གཉིས་པ་འཚོགས་པ་རེད། ཚོགས་ཆེན་གྱིས་གྲངས་འཛིན་ནུས་པ་སྤྲོད་པའི་སློབ་གསོ་དང་། ཉེར་སྤྱོད་བྱ་རིམ་ཆུང་ངུ་གསར་གཏོད་དང་མཉམ་སྤྱོད་གཙོ་དོན་དུ་བྱས་ནས་དགེ་སློབ་ཀྱི་གྲངས་འཛིན་བྱང་ཚད་དང་རྩལ་ནུས་མཐོ་རུ་གཏོང་རྒྱུ་དང་། གྲངས་འཛིན་སློབ་གྲྭ་འཛུགས་སྐྲུན་ཉེར་སྤྱོད་དང་སློབ་གསོའི་གྲངས་འཛིན་བཅོས་སྐྱོང་སོགས་ཀྱི་གྲོས་གཞིར་དམིགས་ནས་གྲོས་བསྡུར་བྱས་པ་རེད།

ཚོཊ་འདུ་མ་འཚོག་གོང་དང་འགྲེམས་སྟོན་ཁུལ་དུ་ལྟ་སྐོར་བྱེད་སྐབས་རང་གྲོང་གི་སློབ་གྲྭ་ཁག་གི་དགེ་སློབ་ཚོས་ཚོཊ་ཞུཊ་མི་སྣར་ལྷ་ས་གྲོང་ཁྱེར་གྱི་གྲངས་འཛིན་སློབ་གསོའི་གསར་གཏོད་རྣམ་གྲངས་དང་གྲུབ་འབྲས་རབ་དང་རིམ་པ་འགྲེམས་སྟོན་བྱས་པ་དེའི་ནང་ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གི་ངས་དགའ་བའི་བློ་རིག་བྱ་རིམ་སྒྲིག་པའི་འོད་གདུབ་གསར་སྤེལ་དང་བེད་སྤྱོད་དང་། ཁྲེང་ཀོན་ཆུས་ཧའེ་ཁྲེང་སློབ་ཆུང་གི་AIལས་གཏོད་པའི་སློབ་ཚན། དེ་བཞིན་རྔ་ཆེན་སློབ་ཆུང་གིAIལས་གཏོད་པ་སོགས་ཀྱིས་རང་གྲོང་གི་སློབ་ཁྲིད་སྤུས་ཚད་དང་སློབ་སྦྱོང་གི་ལས་ཕྱོད་ཆེ་རུ་གཏོང་བའི་ཐད་ཀྱི་གྲངས་འཛིན་སློབ་གསོའི་མི་མངོན་པའི་སྟོབས་ཤུགས་གང་ལེགས་མངོན་ཡོད།

ཚོགས་ཆེན་ཐོག་སྲིད་གཞུང་གིས་མཛུབ་ཁྲིད་དང་། ལས་རིགས་མཐུན་ཚོགས་ཀྱིས་ལས་སྟེགས་འཛུགས་པ། ཁྲོམ་རའི་བྱེད་པོ་ཞུགས་པ། གཙོ་དོན་གཏམ་བཤད་སྤེལ་བ། ལས་རིགས་ཉེར་སྤྱོད་ཀྱི་དཔེ་གཞི་མཉམ་སྤྱོད། སློབ་ཁྲིད་ཉེར་སྤྱོད་དཔེ་སྟོན། བགྲོ་གླེང་། སློབ་ཁྲིད་ཉེར་སྤྱོད་ཐོན་རྫས་འགྲེམས་སྟོན་སོགས་ཀྱི་བྱ་ཐབས་བརྒྱུད་སྲིད་གཞུང་དང་། ཁེ་ལས། ཐོན་སློབ་ཞིབ་གསུམ་གྱི་ཐད་ལས་རིགས་བརྒལ་ནས་མཉམ་འགུལ་བྱེད་པའི་མཉམ་ལས་འཕེལ་རྒྱས་ཀྱི་རྣམ་པ་ཆགས་པར་སྐུལ་འདེད་བཏང་བ་དང་། སློབ་གསོའི་ཁྱབ་ཁོངས་ཀྱི་གཙོ་བོའི་རྒྱུ་རྐྱེན་ཡོངས་དང་། བརྒྱུད་རིམ་ཡོངས། ལས་སྒོ་ཡོངས། ཁྱབ་ཁོངས་ཡོངས་ཀྱི་ལས་མི་ཡོངས་བཅས་གྲངས་འཛིན་ཅན་གྱི་རྣམ་པ་བསྒྱུར་རྒྱུ་རེད།

ཉེ་བའི་ལོ་ཤས་རིང་། རང་གྲོང་གི་གྲངས་འཛིན་སློབ་གསོ་འཕེལ་རྒྱས་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། གྲངས་འཛིན་ལག་རྩལ་གྱིས་སྔར་བྱུང་མྱོང་མེད་པའི་མྱུར་ཚད་དང་གཏིང་ཟབ་པའི་ཐོག་ནས་ང་ཚོའི་སློབ་གསོ་དང་སློབ་སྦྱོང་བྱེད་སྟངས་ལ་འགྱུར་ལྡོག་གཏོང་བཞིན་ཡོད། མིག་སྔར།རྒྱལ་ཁབ་ཀྱིས་གཅིག་གྱུར་རྩོམ་སྒྲིག་བྱས་པའི་གྲངས་འཛིན་སློབ་དེབ་དང་དེ་བཞིན་ལེ་ལག་ཚང་བའི་ཐོན་ཁུངས་ལྗོངས་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་ཚང་མར་ཁྱབ་ཡོད་པ་དང་། ཀྲུའུ་ཧྥེང་ཆི་སྤྲིན་སྟེགས་སུ་བོད་ཡིག་གི་ཐོན་ཁུངས་རྩེ་གྲ་རིགས་8དང་ཁ་གྲངས་1252ཡོད་པ་རེད། ད་ཆ་རང་གྲོང་གི་སློབ་ཆུང་ལོ་རིམ་དང་པོའི་སློབ་མ་ཚོས་བོད་སྐད་ཡིག་སློབ་ཚན་འཚོག་སྐབས་སློབ་དེབ་དང་། གྲ་སྒྲིག་བྱས་པའི་སློབ་ཚན་གྱི་ནང་དོན། འཕྲིན་ཕྲན་གྱི་སློབ་ཁྲིད་སོགས་གྲངས་འཛིན་ཐོན་ཁུངས་གཞི་གཅིག་ཏུ་འདུས་པའི་བོད་སྐད་ཡིག་གི་གྲངས་འཛིན་སློབ་དེབ་སྤྱོད་ཆོག་གི་ཡོད་པ་རེད།(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-25 6 6 拉萨日报藏文 c183192.html 1 2024ལོའི་རང་ལྗོངས་ཀྱི་གྲངས་འཛིན་སློབ་གསོ་འཕེལ་རྒྱས་ ཚོགས་ཆེན་སྐབས་གཉིས་པ་འཚོགས་པ། /enpproperty-->