ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཟླ་6ཚེས་19ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཀྲའོ་ཧུའེ་ཉན་གྱིས་ལྷ་ས་གྲོང་ཁྱེར་གྱི་མང་ཚོགས་ལས་ཀའི་གཙོ་གནད་དོན་ཚན་གྱི་ཆེད་དོན་དབྱེ་ཞིབ་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་པ་རེད།ཏང་གི་མང་ཚོགས་ལམ་ཕྱོགས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱས་བཤད་གལ་ཆེན་ལ་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་།རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོར་འཛུགས་པ་དང་།མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་དང་།དམངས་ཀྱི་བརྩེ་སེམས་བརྟན་སྲུང་།གོམ་གང་མདུན་སྤོས་དང་དངོས་སུ་སྒྲུབ་པ་བཅས་བྱས་ཏེ་དུས་རབས་གསར་པའི་མང་ཚོགས་ལས་དོན་གྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས་པའི་ནན་གསུངས་གནང་བ་རེད།
ཉིན་དེར།གྲོང་ཨུད་སྤྱི་ཚོགས་ལས་དོན་པུའུ་དངོས་སུ་སྒོ་བྱང་བཀལ་ནས་བཙུགས་པ་དང་། ཚན་པའི་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས་པ་རེད།ཀྲའོ་ཧུའེ་ཉན་གྱིས་སླད་ཕྱིན་ལས་ཀའི་བསམ་ཕྱོགས་སྐོར་གྱི་སྤྱི་ཚོགས་ལས་དོན་པུའུ་ཡི་འགན་འཁུར་བློ་མཐུན་གྱི་སྙན་ཞུ་ནན་ཏན་ངང་གསན་པ་རེད།ཁོང་གིས་གྲོང་ཁྱེར་ཏང་ཨུད་སྤྱི་ཚོགས་ལས་དོན་པུའུ་འཛུགས་རྒྱུ་ནི་སྒྲིག་གཞི་སྒྱུར་བཅོས་སྐོར་གྱི་ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན་པ་དང་།ཏང་གིས་སྤྱི་ཚོགས་ལས་དོན་ལ་གཅིག་སྡུད་གཅིག་གྱུར་གྱིས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་པ་དང་།ཏང་གི་སྤྱི་ཚོགས་ལས་དོན་སྒྲིག་གཞི་བཀོད་སྒྲིག་ཐད་ཚན་རིག་དང་མཐུན་པ་དང་།སྒྲིག་སྲོལ་ལམ་སྲོལ་སྔར་བས་འཐུས་ཚང་།འགན་ནུས་བཀོད་སྒྲིག་སྔར་བས་ལེགས་སུ་གཏོང་བ།འཁོར་སྐྱོད་དོ་དམ་ཐད་སྔར་བས་ལས་ཆོད་ཆེ་བ་བཅས་ཡོང་བར་སྐུལ་འདེད་གཏོང་བ་དང་།སྤྱི་ཚོགས་བཅོས་སྐྱོང་གི་རྣམ་པ་གསར་པ་སྔར་བས་འཛུགས་པར་དོན་སྙིང་གལ་ཆེན་ལྡན་ཡོད་པས།ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་གཏོང་དགོས་པ་སྟེ།ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་དང་གྲོང་ཁྱེར་ཨུ་ལྷན་གྱི་ལས་ཀའི་བླང་བྱ་ཆད་ལུས་མེད་པར་དོན་འཁྱོལ་བྱས་ཏེ།བྱ་སྤྱོད་དངོས་ལ་བརྟེན་ནས་གཏན་འཁེལ་གཉིས་སྲུང་སྐྱོབ་མཐའ་གཅིག་ཏུ་བྱེད་པ་དང་སྲུང་སྐྱོབ་གཉིས་མཐའ་གཅིག་ཏུ་བྱེད་དགོས། འགན་འཁྲི་ཏན་ཏིག་འཁུར་དགོས་པ་སྟེ།གྲོང་ཁྱེར་ཨུ་ལྷན་གྱི་སྤྱི་ཚོགས་ལས་དོན་པུའུ་བཙུགས་པ་དེ་གོ་སྐབས་སུ་བྱས་ནས་མ་ལག་ཆ་ཚང་བ་དང་།ཚན་རིག་དང་མཐུན་ཞིང་ཚད་ལྡན། འཁོར་སྐྱོད་ནུས་ཆེ་བཅས་ཀྱི་སྤྱི་ཚོགས་ལས་དོན་གྱི་འགན་ནུས་མ་ལག་ཧུར་ཐག་འཛུགས་དགོས་པ་དང་།བརྒྱུད་རིམ་ལྡན་པའི་སྒོ་ནས་མང་ཚོགས་ཀྱི་དགོས་མཁོར་ཁ་ཕྱོགས་པ་དང་འབྲེལ་ལན་འདེམས་དགོས་པ་དང་།ཏང་གི་མང་ཚོགས་ལམ་ཕྱོགས་ཞིབ་ཅིང་ཕྲ་བར་དམ་འཛིན་དང་སྤྱི་ཚོགས་འཛུགས་སྐྲུན་དོན་ཐོག་ཏུ་འཁྱོར་བར་དམ་འཛིན་བྱེད་དགོས་ཞེས་གསུངས་པ་རེད།
(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社