分享按钮

ཉེ་ཆར། རྒྱུན་མཐུད་རང་བཞིན་གྱི་ཆར་པ་དྲག་པོ་བབས་པའི་ཤུགས་རྐྱེན་ཐེབས་ནས། ཀོང་ཏུང་ཞིང་ཆེན་མེ་ཀྲོའུ་གྲོང་ཁྱེར་ཕིང་ཡོན་རྫོང་དུ་ཆར་པ་ཆེན་པོ་བབས་ཏེ། ཆུ་ལོག་དང་ཞོད་སྐྱོན་གྱི་གནོད་འཚེ་ཐོན་ཡོད་པ་རེད། གནོད་འཚེ་ཕོག་པའི་ཤང་དང་གྲོང་རྡལ་གྱི་འབྲིང་རྒྱུགས་སློབ་མ་བདེ་བླག་ངང་རྒྱུགས་ལེན་ཐུབ་ཆེད། ཕིང་ཡོན་རྫོང་གིས་ཕིང་ཡོན་སློབ་འབྲིང་དུ་གནོད་འཚེ་ཚབས་ཆེན་ཕོག་པའི་སི་ཧྲུའེ་གྲོང་རྡལ་གྱི་འབྲིང་རྒྱུགས་སློབ་མ་ས་གནས་གཞན་དུ་སློབ་ཁྲིད་བྱ་རྒྱུར་བཀོད་སྒྲིག་བྱས་ནས། སློབ་མའི་བཟའ་བཏུང་དང་སྡོད་ས་འགན་ལེན་བྱས་ཏེ། རྒྱུགས་ལེན་སློབ་མ་ཟླ་6ཚེས་30ཉིན་གྱི་རྒྱུགས་ལེན་ལ་བློ་བདེ་པོའི་ངང་ཞུགས་ཐུབ་པར་བྱས་ཡོད།

པར་འདི་ནི་ཟླ་6ཚེས་22ཉིན་སི་ཧྲུའེ་སློབ་འབྲིང་གི་སློབ་མས་སློབ་སྦྱོང་བྱེད་བཞིན་པའི་གནས་ཚུལ་ཡིན་པ།

(པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-24 6 6 拉萨日报藏文 c183181.html 1 /enpproperty-->