分享按钮

རང་གྲོང་གི་ཞིང་འབྲོག་པའི་ལུས་རྩལ་འགྲན་ཚོགས་སྐབས་དང་པོ་འགོ་ཚུགས་པ།

(པར་ངོས་དང་པོར་མཐུད)དེ་བཞིན་གྲོང་ཁྱེར་ཡོངས་ཀྱི་རྫོང(ཆུས)ཁག་དང་ནུས་པའི་གླིང་ཁུལ་གྱི་འཐུས་མི་རུ་ཁག་གི་ལུས་རྩལ་པ་རིམ་གྱིས་འགྲན་རའི་ནང་བསྐྱོད་པ་དང་། ཚང་མས་འབྱོར་རྗེས་དར་ཆ་སྒྲེང་བའི་མཛད་སྒོ་འཚོགས་ཤིང་། ཚོགས་ར་ཡོངས་ཀྱི་མི་ཚང་མ་ཡར་ལངས་ནས་དར་ཆ་བསྒྲེང་བ་དང་རྒྱལ་གླུ་བླངས་པ་རེད།

ཝང་ཆང་གིས་ཤིས་ཚིག་ནང་བསྟན་དོན། རང་གྲོང་གི་ཞིང་འབྲོག་པའི་ལུས་རྩལ་འགྲན་ཚོགས་སྐབས་དང་པོ་ནི། རང་གྲོང་གི་ལོ་རྒྱུས་ཐོག་གི་ཚད་གཞི་མཐོ་ཤོས་དང་གཞི་ཁྱོན་ཆེ་ཤོས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་ཞིང་འབྲོག་པའི་ལུས་རྩལ་འགྲན་ཚོགས་ཤིག་དང་། ཞིང་འབྲོག་པའི་མང་ཚོགས་ཀྱི་སྒོ་འགྲམ་དུ་གཉེར་བའི་ལུས་རྩལ་འགྲན་ཚོགས་ཤིག་ཡིན་ཞིང་། འགྲན་ཚོགས་དེ་ལས་ཞིང་འབྲོག་མང་ཚོགས་ཀྱི་མཐུན་སྒྲིལ་དང་། ཡར་བརྩོན། འདྲ་མཉམ། ཁོང་ཡངས་བཅས་ཀྱི་སྙིང་སྟོབས་མངོན་ཡོད། འདི་ནི་ལུས་རྩལ་གྱི་འདུ་ཚོགས་གཟབ་རྒྱས་ཤིག་དང་། རིག་གནས་ཀྱི་འདུ་ཚོགས་གཟབ་རྒྱས་ཤིག་ཡིན་ལ། མཐུན་སྒྲིལ་གྱི་འདུ་ཚོགས་གཟབ་རྒྱས་ཤིག་དང་། མཛའ་གྲོགས་ཀྱི་འདུ་ཚོགས་གཟབ་རྒྱས་ཤིག་ཀྱང་ཡིན། ལུས་རྩལ་པ་ཡོངས་ཀྱིས་སྤྲོ་སེམས་དང་བློ་སྟོབས་ཆེན་པོའི་སྒོ་ནས་འགྲན་བསྡུར་ནང་ཞུགས་ཏེ། འགྲན་ཡ་ལ་བརྩི་འཇོག་དང་། ཤན་འབྱེད་པར་བརྩི་འཇོག སྒྲིག་སྲོལ་ལ་བརྩི་སྲུང་བཅས་བྱས་ཏེ་འགྲན་བསྡུར་གྱི་ཉམས་འགྱུར་དང་། འགྲན་བསྡུར་གྱི་ཆུ་ཚད། མཐུན་སྒྲིལ་བཅས་གང་ལེགས་མངོན་པར་བྱས་ནས་གྲུབ་འབྲས་བཟང་པོ་ཐོབ་རྒྱུའི་རེ་བ་བཅངས་ཡོད།

ཤིས་ཚིག་གསུངས་གྲུབ་རྗེས། ལུས་རྩལ་པ་དང་ཤན་འབྱེད་པའི་འཐུས་མིས་སྔ་རྗེས་སུ་དམ་བཅའ་བཞག་པ་རེད།

ཁྲ་ཆིལ་ཆིལ་གྱི་ཤོག་སྦག་བརྒྱབ་པ་དང་སྦྲགས“མཛེས་སྡུག་ལྡན་པའི་ས་མཐོ་དང་། ལྷ་སའི་ཕུགས་འདུན”ཞེས་གཙོ་དོན་དུ་བྱས་པའི་ངོ་མཚར་ཆེ་བའི་རིག་རྩལ་ལེ་ཚན་འཁྲབ་སྟོན་བྱེད་འགོ་ཚུགས་ཡོད།འཁྲབ་སྟོན་དེ《ཉི་འོད་གྲོང་དུ་འཛོམས་པ》དང་།《ཚོན་མདངས་རྣམ་པར་བཀྲ་བའི་ཕུགས་འདུན》 《འཆམ་ཞིང་མཐུན་པའི་རི་ཆུའི་བརྩེ་བ》《ཞིང་འབྲོག་པའི་དགའ་སྟོན་གླུ་དབྱངས》 《ལྷ་སར་བདེ་སྐྱིད་ལྡན》བཅས་ལེའུ་ལྔ་ལ་དབྱེ་ནས་ལྷ་སའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་མཛེས་སྡུག་དང་། འབྱུང་ཁམས་ཀྱི་མཛེས་སྡུག ལུས་རྩལ་གྱི་མཛེས་སྡུག་བཅས་ཁྱོན་ཡོངས་ནས་མངོན་པར་བྱས་ཡོད་པ་རེད།

སྐབས་འདིའི་ཞིང་འབྲོག་པའི་ལུས་རྩལ་འགྲན་ཚོགས་ལ་འགྲན་བསྡུར་གྱི་རྣམ་གྲངས་དང་། མི་རིགས་སྲོལ་རྒྱུན་དང་སྤྲོ་སྣང་རྣམ་གྲངས་བཅས་རིགས་ཆེ་བ་གཉིས་ཀྱི་རྣམ་གྲངས་ཆུང་བ་19བཟོས་ཡོད་པ་དང་། གྲོང་ཁྱེར་ཡོངས་ཀྱི་རྫོང(ཆུས)ཁག་དང་། ནུས་པའི་གླིང་ཁུལ་ཁག་གི་འཐུས་མི་རུ་ཁག་11གི་ལུས་རྩལ་པ་500ལྷག་ཙམ་འགྲན་བསྡུར་ནང་ཞུགས་ཡོད་པ་རེད། དེའི་རིང་ད་དུང་ཆ་འགྲིག་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུ་ཡིན་ཞིང་།དེའི་ནང་མཚན་མོའི་གློག་འོད་འགྲེམས་སྟོན་དང་། རླངས་འཁོར་འགྲེམས་སྟོན། ཁྱད་ལྡན་ཞིང་ལས་ཐོན་རྫས་འགྲེམས་སྟོན། ཞིམ་ཟས་སོགས་ཚུད་ཡོད་པ་རེད།

རང་སྐྱོང་ལྗོངས་སྲིད་གཞུང་གི་དྲུང་ཆེ་གཞོན་པ་ཆོས་དར་དང་། རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱི་ཏང་ཙུའུ་ཡི་ཧྲུའུ་ཅི་དང་ཅུས་ཀྲང་གཞོན་པ་ཝང་ཏེ་ཅུན། རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་གི་ཏང་ཙུའི་ཁོངས་མི་དང་ཐིང་ཀྲང་གཞོན་པ་ལིའུ་ཀྲི་གོ། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་རེན་ཧོ་ཕུང་། གྲོང་ཁྱེར་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་ཞི་འཇམ་དབྱངས་བློ་གྲོས་བཅས་མཛད་སྒོར་ཞུགས་ཡོད། རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཚན་པའི་འགན་འཁུར་བློ་མཐུན་དང་། རང་གྲོང་གི་འབྲེལ་ཡོད་ས་ཁུལ་རིམ་པའི་འགོ་ཁྲིད་བློ་མཐུན། གྲོང་ཁྱེར་ཐད་གཏོགས་འབྲེལ་ཡོད་ཚན་པ་དང་། རྫོང(ཆུས)ཁག་གི་བྱེད་ནུས་གླིང་ཁུལ་གྱི་འགན་འཁུར་བློ་མཐུན་གཙོ་བོ། སྤྱི་ཚོགས་ལས་རིགས་ཁག་གི་འཐུས་མི་དང་དེ་བཞིན་སྨྱན་སྦྱོར་གྱི་གསར་འགོད་པ་སོགས་མི་6000ལྷག་ཙམ་འགོ་ཚུགས་མཛད་སྒོར་ཞུགས་ཡོད་པ་རེད། (པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-24 6 6 拉萨日报藏文 c183180.html 1 རང་གྲོང་གི་ཞིང་འབྲོག་པའི་ལུས་རྩལ་འགྲན་ཚོགས་སྐབས་དང་པོ་འགོ་ཚུགས་པ། /enpproperty-->