分享按钮

རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་རང་གྲོང་དུ་ཕེབས་ནས་འབྲུབ་འགོག་ ཐན་འགོག་གི་ལས་དོན་ལ་བརྟག་ཞིབ་གནང་བ།

(པར་ངོས་དང་པོར་མཐུད)མངོན་མེད་རྐྱེན་ངན་ཚབས་ཆེན་གནས་ཡུལ་བཅས་སུ་བསྐྱོད་དེ་ཡུལ་དངོས་ཀྱི་གནས་ཚུལ་ལ་ཤེས་རྟོགས་དང་འབྲུབ་འགོག་གི་དུས་བབ་ལ་ཞིབ་འཇུག་དང་བརྡར་ཤ་བཅད་དེ་ཡུལ་དངོས་སུ་ལས་དོན་བཀོད་སྒྲིག་གནང་བ་རེད། ཁོང་གིས་སྔོན་འགོག་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་ཆུ་ལོག་གི་ཉེན་ཁ་ཆེན་པོ་དང་གནོད་འཚེ་ཆེན་པོར་སྔོན་འགོག་བྱ་རྒྱུར་གཞི་ཚུགས་ནས་ལྟ་ཞིབ་ཚད་ལེན་དང་།སྔོན་བརྡ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ། མངོན་མེད་རྐྱེན་ངན་ལ་གྲལ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ། འཕྲལ་སྡོམ་སྔོན་ཇུས་འཐུས་ཚང་དུ་གཏོང་བ།སྒྲིག་ཆས་དང་དངོས་ཟོག་འདང་ངེས་གྲ་སྒྲིག་བཅས་བྱས་ཏེ་འབྲུབ་འགོག་ཐན་འགོག་གི་ལས་དོན་གྱི་རང་འགུལ་དབང་ཆ་སྟངས་འཛིན་ནན་པོ་བྱེད་དགོས་པ་དང་། བརྒྱུད་རིམ་ལྡན་པའི་སྒོ་ནས་བཅོས་སྐྱོང་བྱ་རྒྱུ་མཐའ་འཁྱོངས་དང་།ཆུ་ལོག་སྔོན་འགོག་གི་ལས་གྲྭ་འཛུགས་སྐྲུན་བྱ་རྒྱུའི་ཇུས་འགོད་ཚན་རིག་དང་མཐུན་པར་བྱས་ཏེ་ཆུ་བོ་དང་མཚེའུ་འབབ་རྒྱུད་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཆུ་ལོག་སྔོན་འགོག་གི་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས་པ། སྤུས་ཚད་དང་ཕན་འབྲས་གལ་ཆེན་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། སྤུས་ཚད་དང་བདེ་འཇགས་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་འབྲུབ་འགོག་ཆུ་འབུད་ལས་གྲྭ་འཛུགས་སྐྲུན་གྱི་མྱུར་ཚད་མགྱོགས་སུ་བཏང་ནས་འབྲུབ་ཆུ་མ་རྒྱས་གོང་བེད་སྤྱོད་གཏོང་ཐུབ་པའི་འགན་ལེན་བྱེད་དགོས་པ། མཐུན་སྦྱོར་མཉམ་འགུལ་མཐའ་འཁྱོངས་བྱས་ཏེ་ཕྱར་བ་གྲུ་འདེགས་ངང་འབྲུབ་འགོག་ཐན་འགོག་གི་ལས་དོན་ཁག་ལ་དམ་འཛིན་ཡག་པོ་བྱས་ནས་ནུས་ཤུགས་ཡོད་རྒུས་འབྲུབ་ཆུ་བདེ་སྒྲོལ་ཐུབ་པར་འགན་ལེན་བྱེད་དགོས་པའི་ནན་གསུངས་གནང་བ་རེད།

གྲོང་སྤྱི་གཞོན་པ་བཀྲ་ཤིས་དཔལ་སྒྲོན་བརྟག་ཞིབ་ནང་ཞུགས་ཡོད་པ་རེད།

(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-24 6 6 拉萨日报藏文 c183179.html 1 རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་རང་གྲོང་དུ་ཕེབས་ནས་འབྲུབ་འགོག་ ཐན་འགོག་གི་ལས་དོན་ལ་བརྟག་ཞིབ་གནང་བ། /enpproperty-->