(པར་ངོས་དང་པོར་མཐུད)ཚོགས་འདུའི་ཐོག་རིམ་ཁག་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། ངོས་འཛིན་གཏིང་ཟབ་ཏུ་གཏོང་བ། ཉམས་མྱོང་དང་བསླབ་བྱ་རྒྱུན་ཆད་མེད་པར་ཕྱོགས་སྡོམ་བྱེད་པ། ལས་ཀའི་བྱེད་ཐབས་འཐུས་ཚང་དུ་གཏོང་བ། དམིགས་ཚད་གཏན་འཁེལ་བྱེད་པ། རྒྱུན་མཐུད་ནུས་ཤུགས་འདོན་སྤེལ་བྱེད་པ། དོན་དངོས་ལ་དམ་འཛིན་ནན་པོ་བཅས་བྱས་ནས་བཀོད་སྒྲིག་གི་བླང་བྱ་ཁག་དོན་འཁྱོལ་གནད་ལ་འཁེལ་བ་ཡོང་རྒྱུར་འགན་ལེན་བྱེད་དགོས་པ་དང་། དམིགས་ཚད་དང་ལས་འགན་ལ་དོ་སྣང་བྱས་ཏེ་ནགས་བཟོའི་མྱུར་ཚད་མགྱོགས་སུ་གཏོང་བ་དང་། དུས་འགོའི་ལས་དོན་ཏན་ཏིག་བསྒྲུབ་པ། དོ་དམ་སྲུང་སྐྱོང་དང་བདག་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཕྱུགས་རིགས་བཀག་སྡོམ་བཅས་བྱས་ནས་2024ལོའི་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭའི་འགག་སྒྲོལ་དམག་འཐབ་མཐའ་གཅིག་ཏུ་རྒྱག་དགོས་པ། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། བྱེད་པོའི་འགན་འཁྲི་ནན་དུ་གཏོང་བ། ལས་མི་སྤྱོད་པའི་དོ་དམ་ཚད་ལྡན་དུ་གཏོང་བ། ཐོན་སྐྱེད་བདེ་འཇགས་ལ་དམ་འཛིན་བྱེད་པ། དྲིལ་བསྒྲགས་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ནུས་ཤུགས་ཡོད་རྒུས་ལས་གྲྭ་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་འདེགས་སྐྱོར་ཡོང་བར་འགན་ལེན་བྱས་ཏེ་ལྷོ་བྱང་རི་བོ་འདི་ཉིད་བོད་ལྗོངས་ཀྱི་འབྱུང་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་མཛེས་སྡུག་ལྡན་པའི་མིང་བྱང་ཞིག་ཏུ་ཧུར་ཐག་གཏོད་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད།
གྲོང་ཁྱེར་གྱི་འགོ་ཁྲིད་ཀྲང་ཀྲེང་ཚོགས་འདུར་ཞུགས་ཡོད་པ་རེད།(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社