སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་ཆར་ཉིང་ཞ་རུ་རྟོག་ཞིབ་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་གནང་སྟེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྲུང་སྐྱོང་དང་། སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་སྒོ་དབྱེ་རྒྱ་ཆེར་གཏོང་བ། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་དང་གྲོང་གསེབ་དར་རྒྱས་གཏོང་བ། མི་རིགས་མཐུན་སྒྲིལ་དང་ཐུན་མོང་ཕྱུག་འགྱུར་སོགས་ཀྱི་ལས་དོན་ལ་གཅིག་གྱུར་ཐོག་སྐུལ་འདེད་བཏང་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཉིང་ཞ་ཡི་ལེའུ་འབད་པས་བརྩོམ་དགོས་པའི་ནན་གསུངས་གནང་བ་རེད། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་ནན་ཏན་ལེན་པ་དང་།བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག བརྟན་ལྷིང་ཁྲོད་ཡར་ཐོན་ཡོང་ཐབས་བྱེད་པའི་ལས་དོན་གྱི་སྤྱིའི་དགོངས་གཞི་མཐའ་འཁྱོངས་བྱས་ནས་སྒྱུར་བཅོས་སྔར་བས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་བཏང་སྟེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་དམ་པ་དོན་གཉེར་དང་གསར་གཏོད་མདུན་སྐྱོད་བྱ་རྒྱུ་ཡིན་ཞེས་བཤད།
མི་རིགས་ཁག་གི་མི་དམངས་རྣམས་མཐུན་སྒྲིལ་འབད་འཐབ་བྱེད་པའི་རྣམ་པ་བཟང་པོ་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་དགོས།
སྔོ་ཞིང་དྭངས་བའི་ནམ་མཁའ་དང་སྤྲིན་དཀར་འོག་ཉིང་ཞ་དབྱིན་ཁྲོན་གྲོང་ཁྱེར་ཅིན་ཧྥེང་ཆུས་ལྕགས་རི་རིང་པོའི་མེ་ཏོག་ལྡུམ་རའི་སྡེ་ཁུལ་འདི་ཉིད་གཙང་ལ་གྲལ་འགྲིག་པ་དང་བཀྲ་ཤིས་འཆམ་མཐུན་གྱི་ཉམས་དགའ་བའི་རྣམ་པ་ཞིག་མངོན་ཡོད། མི་རིགས་མང་པོ་འདུས་སྡོད་བྱེད་པའི་སྡེ་ཁུལ་ཆེ་གྲས་དེའི་ནང་རྒྱ་རིགས་དང་། ཧུའེ་རིགས། མན་ཇུ་རིགས། སོག་པོ། བོད་རིགས་སོགས་མི་རིགས་ཁག་གི་མང་ཚོགས་འཆམ་མཐུན་མཉམ་གནས་ངང་འཚོ་བ་སྐྱེལ་བཞིན་ཡོད་པས་ཁྱིམ་ཚང་གཅིག་ལྟར་བརྩེ་བ་ཟབ་མོ་ཡོད།
ཚེས་19ཉིན་གྱི་ཕྱི་དྲོར།སྤྱི་ཁྱབ་ཧྲུའུ་ཅི་ལྕགས་རི་རིང་པོའི་མེ་ཏོག་ལྡུམ་རའི་སྡེ་ཁུལ་དུ་ཕེབས་ནས་སྡེ་ཁུལ་གྱིས་གཞི་རིམ་ཏང་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་དང་། དམངས་ཕན་ཞབས་ཞུ་ལེགས་སུ་གཏོང་བ། མི་རིགས་ཁག་གི་མང་ཚོགས་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། སྐབས་དེའི་གནས་ཚུལ་ཕྱིར་དྲན་བྱེད་སྐབས་ལྕགས་རི་རིང་པོའི་མེ་ཏོག་ལྡུམ་རའི་སྡེ་ཁུལ་གྱི་ཏང་ཨུད་ཀྱི་ཧྲུའུ་ཅི་ཀྲའོ་ནའེ་ཞང་གིས་དགའ་སྤྲོའི་ངང་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཡི་མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས་སྡེ་ཁུལ་གྱི་ཏང་རྩ་འཛུགས་འཛུགས་སྐྱོང་ཡག་པོ་དང་སྟོབས་ལྡན་དུ་བཏང་ནས་མང་ཚོཊ་ལ་ཞབས་འདེགས་ཞུ་བའི་ལས་དོན་ཁག་གཏིང་ཟབ་དང་ཞིབ་ཅིང་ཕྲ་བའི་སྒོ་ནས་སྒྲུབ་པ་དང་མི་རིཊ་ཁག་གི་མང་ཚོཊ་གཅིག་ལ་གཅིག་བརྟེན་གྱི་ཁྱིམ་ཚང་གཅིག་གི་རྣམ་པ་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་རྒྱུ་ཡིན་ཞེས་བཤད།
པེ་ཅིང་ཤིས་ཏན་སོག་བོད་སློབ་གྲྭའི་གནས་ཡུལ་རྙིང་པར་ཧྥུ་ཅན་དང་ཉིང་ཞ་ཡི་མི་རིགས་རིག་གནས་འགྲེམས་སྟོན་ཉམས་ལེན་རྣམ་གྲངས་ངོ་མཚར་ཆེ་བའི་སྒོ་ནས་མངོན་པ་དང་ལྟ་སྐོར་བས་ཀྲུང་ཧྭ་མི་རིགས་ཀྱི་འགྲོ་འོང་དང་།སྤེལ་རེས།མཉམ་འདྲེས་ཀྱི་རྣམ་པར་དགའ་བས་མྱོང་རོལ་བྱེད་བཞིན་ཡོད།
ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟམ་མི་ཆད་པར་སྲ་བརྟན་དུ་གཏོང་བ་དང་མི་རིགས་ཁག་གི་མི་དམངས་ཀྱི་སེམས་པ་གཅིག་ཏུ་སྦྲེལ་དགོས་ཞེས་པ་སོཊ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་བླང་བྱ་གལ་ཆེན་གྱིས་སོག་བོད་སློབ་གྲྭའི་གནས་ཡུལ་རྙིང་པའི་འབྲེལ་ཡོད། (པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社