ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཚེ་རིང་ཕུན་ཚོགས་ལྷ་ས་གྲོང་ཁྱེར་གྱི་ཁྲེང་ཀོན་ཆུས་དང་། སྟོད་ལུང་བདེ་ཆེན་ཆུས་སུ་འབྲུབ་འགོག་ཐན་འགོག་གི་ལས་དོན་ལ་བརྟག་ཞིབ་གནང་བར་ཕེབས་ཤིང་།ཚོགས་འདུའི་ཐོག ཁོང་གིས་འབྲུབ་འགོག་ཐན་འགོག་གི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་གནང་བ་དང་། འབྲུབ་འགོག་ཐན་འགོག་གི་ལས་དོན་སྐོར་གྱི་ལྗོངས་ཏང་ཨུད་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་བཀོད་སྒྲིག་བླང་བྱ་ལག་བསྟར་བྱས་ཏེ། ཉེན་ཁའི་འདུ་ཤེས་དང་མ་མཐའི་མཚམས་ཐིག་གི་འདུ་ཤེས་ལ་ཤུགས་སྣོན་རྒྱག་པ་དང་། མི་དམངས་གོང་དུ་བཀུར་བ་དང་།ཚེ་སྲོག་བླ་ན་མེད་པ་མཐའ་འཁྱོངས་བྱས་ནས་འབྲུབ་འགོག་ཐན་འགོག་གི་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབ་དགོས་པ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་སྤྱི་ཚོགས་ཁྱོན་ཡོངས་བརྟན་ལྷིང་ཡོང་རྒྱུར་འགན་ལེན་ཏན་ཏིག་བྱེད་དགོས་པའི་ནན་གསུངས་གནང་བ་རེད།
ཚེ་རིང་ཕུན་ཚོགས་ཀྱིས་ཆུ་ལོག་སྔོན་འགོག་བཅོས་སྒྲིག་ལས་གྲྭ་དང་ཆུ་སྐྱོན་ཉམས་གསོའི་ལས་གྲྭའི་ཨར་ལས་བྱ་ཡུལ་དང་། གནོད་འཚེ་ཕོག་པའི་ཞིང་ཁ། (པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社