分享按钮

རང་གྲོང་གི་ཞིང་འབྲོག་པའི་ལུས་རྩལ་འགྲན་ཚོགས་ སྐབས་དང་པོ་འགོ་ཚུགས་པ།

ཤའོ་ཡིའུ་ཚའེ་ཡིས་འགྲན་ཚོགས་འགོ་ཚུགས་པ་ཁྱབ་བསྒྲགས་གནང་བ་དང་། ལྕགས་ར་བློ་བཟང་བསྟན་འཛིན་འགོ་ཚུགས་མཛད་སྒོར་ཕེབས་པ། ཝང་ཆང་གིས་ཤིས་ཚིག་གསུངས་པ། ཁྲེན་ཅིང་གིས་གཙོ་སྐྱོང་གནང་བ།

ཟླ་6ཚེས་22ཉིན་གྱི་སྔ་དྲོར། རང་གྲོང་གི་ཞིང་འབྲོག་པའི་ལུས་རྩལ་འགྲན་ཚོགས་སྐབས་དང་པོ་འཚོགས་ཤིང་། པར་འདི་ནི་འགོ་ཚུགས་མཛད་སྒོའི་ཡུལ་དངོས་ཡིན་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་6ཚེས་22ཉིན་གྱི་སྔ་དྲོར། རང་གྲོང་གི་ཞིང་འབྲོག་པའི་ལུས་རྩལ་འགྲན་ཚོགས་སྐབས་དང་པོའི་འགོ་ཚུགས་མཛད་སྒོ་དེ་ལྷ་ས་གྲོང་ཁྱེར་མང་ཚོགས་རིག་གནས་ལུས་རྩལ་ལྟེ་གནས་སུ་འཚོགས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་མཛད་སྒོར་ཕེབས་པ་དང་འབྲེལ་འགྲན་ཚོགས་འགོ་ཚུགས་པ་ཁྱབ་བསྒྲགས་གནང་བ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྕགས་ར་བློ་བཟང་བསྟན་འཛིན་མཛད་སྒོར་ཕེབས་པ། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། གྲོང་སྤྱི། ལྷ་སའི་ཞིང་འབྲོག་པའི་ལུས་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཝང་ཆང་གིས་ཤིས་ཚིག་གསུངས་པ། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རྒྱུན་ལས་གྲོང་སྤྱི་གཞོན་པ། ལྷ་སའི་ཞིང་འབྲོག་པའི་ལུས་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱི་རྒྱུན་ལས་ཀྲུའུ་རེན་གཞོན་པ་བཅས་ཡིན་པའི་ཁྲེན་ཅིང་གིས་འགོ་ཚུགས་མཛད་སྒོ་གཙོ་སྐྱོང་གནང་བ་རེད།

འགོ་ཚུགས་མཛད་སྒོའི་ཐོག ཡུལ་དངོས་ཀྱི་རྣམ་པ་ཧ་ཅང་འཁྲུག་ཆ་དོད་པ་དང་གཟབ་ནན་ཡིན་ཞིང་། ལྟད་མོ་བ་ཚོས་དགའ་འབོད་ཡང་ཡང་བྱས། སྤྲོ་སེམས་འཁོལ་བའི《ལུས་རྩལ་པའི་མདུན་སྐྱོད་རོལ་དབྱངས》ཁྲོད། རྒྱལ་དར་རུ་ཁག་དང་། ཚོགས་དར་རུ་ཁག

(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-24 རང་གྲོང་གི་ཞིང་འབྲོག་པའི་ལུས་རྩལ་འགྲན་ཚོགས་ སྐབས་དང་པོ་འགོ་ཚུགས་པ། 6 6 拉萨日报藏文 c183172.html 1 ཤའོ་ཡིའུ་ཚའེ་ཡིས་འགྲན་ཚོགས་འགོ་ཚུགས་པ་ཁྱབ་བསྒྲགས་གནང་བ་དང་། ལྕགས་ར་བློ་བཟང་བསྟན་འཛིན་འགོ་ཚུགས་མཛད་སྒོར་ཕེབས་པ། ཝང་ཆང་གིས་ཤིས་ཚིག་གསུངས་པ། ཁྲེན་ཅིང་གིས་གཙོ་སྐྱོང་གནང་བ། /enpproperty-->