ཤིན་ཧྭ་གསར་འགྱུར་ཁང་ནན་ཉིང་ནས་ཟླ་6ཚེས་21ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཀྲུང་གོ་ལྕཊ་ལམ་ནན་ཉིང་ཅུས་ཚོཊ་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱས་པར་གཞིཊ་ན། ལྕགས་ལམ་ཚན་པས་ནུས་ཤུགས་ཡོད་རྒུ་བཏོན་ནས་གཙང་སེལ་དང་ཞིབ་བཤེར་སོགས་བྱས་པ་དང་ཛ་དྲག་ངང་ཐག་གཅོད་བྱས་པ་བརྒྱུད། ཀུའེ་ལིན་འབབ་ཚུགས་ཀྱིས་ཚེས་21ཉིན་གྱི་ཆུ་ཚོད་6པར་འགྲུལ་པ་སྐྱེལ་འདྲེན་ལས་སྒོ་སླར་གསོ་བྱས་པ་རེད།
ཟླ་6ཚེས་19ཉིན་གྱི་དགོང་མོར། ཀུའེ་ལིན་ས་ཁུལ་དུ་ཆར་པ་མུ་མཐུད་བབས་པ་དང་ལི་ཅང་གཙང་པོའི་ཆུ་ལྡོག་འདྲེན་གྱི་ཤུགས་རྐྱེན་ཐེབས་ནས་ཀུའེ་ལིན་འབབ་ཚུགས་མདུན་གྱི་ཐང་ཆེན་སོགས་སུ་ཞོད་སྐྱོན་བྱུང་ནས་མེ་འཁོར་འབབ་ཚུགས་ཀྱི་འགྲུལ་པ་འགྲོ་འོང་བྱེད་པར་ཤུགས་རྐྱེན་ཐེབས་ཡོད་པ་རེད།
གནོད་འཚེ་ཐོན་རྗེས། ཀུའེ་ལིན་འབབ་ཚུགས་ཀྱིས་འཕྲལ་སྡོམ་སྔོན་ཇུས་ལག་བསྟར་བྱས་ནས་འགྲུལ་པ་ཚང་མ་ཐོག་སོ་གཉིས་པའི་སྒུག་ཁང་དུ་གཅིག་སྡུད་བྱས་ཏེ་འགྲུལ་པའི་མི་ལུས་ཀྱི་བདེ་འཇགས་འགན་ལེན་བྱས་པ་དང་། ཐུག་པ་དང་གཏེར་ཆུ་སོགས་འཕྲལ་སྡོམ་དངོས་ཟོག་བཀོད་སྒྲིག་བྱས་ནས་འགྲུལ་པའི་གཞི་རྩའི་བཟའ་བཏུང་གི་དགོས་མཁོ་འགན་ལེན་བྱས་པ། ཡུལ་དངོས་སུ་ལས་དོན་པ་བཀོད་སྒྲིག་བྱས་ནས་དྲིལ་བསྒྲགས་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་སྟེ་ལུས་པའི་འགྲུལ་པ་རྣམས་ལ་སེམས་གསོ་བྱས་ཏེ་མེ་འཁོར་ལ་བསྡད་ནས་ཀུའེ་ལིན་བྱང་ཕྱོགས་འབབ་ཚུགས་སུ་བསྐྱོད་དེ་འབབ་ཚུགས་ནས་ཐོན་པ་དང་། མིང་བསྒྱུར་བའམ་ཡང་ན་སྤ་སེ་ཕྱིར་སློག་པའི་ལས་སྒོ་གཉེར་རྒྱུར་སྒྲིག་འཛུགས་བྱས་ཡོད།(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社